དམུ་ཆུ་འཕྲུལ་འཛག(1)སྔ་མའི་པར་གཞི་དེ མིང་གསང་UBGv93881 ནས 2020-03-31 09:34ལ་འགྲུབ།
ཨ་རུ15བ་རུ10སྐྱུ་རུ20ཧོང་ལེན10ཞུ་མཁན8སྒ་སྐྱ10པི་ལིང13ཕོ་བ་རིས8ཤུ་ག7རུ་རྟ10ཤིང་ཀུན8ཡུང་བ13རྒྱ་ཚྭ12ལྕེ་མྱང་ཚྭ6ཁ་རུ་ཚྭ8རྩབ་རུ་ཚྭ8སྐྱེར་ཤུན8སྦྱར།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མ་ནུས་བསྲེག་ལེགས་པོ་བྱས་ཤིང་དུར་བྱིད་དམར་པོ་དང་དན་རོག5རེ་བཅས་ཀྱི་ཕྱེ་མའམ་ཡང་ན་བ་དམར་ཟལ་གྱི་ཆུ་ཡིས་རིལ་བུ་ཁེ1དུ་བཟོས་པའི་གྲུབ།
སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ལན་ཚ་བ། དྲི་ཞིམ་པའམ་ཅུང་དཀུ་བ། ནུས་པ་དྲོ་བ། བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། ཆུ་ནད་ཀུན་དང་འོར་དང་སྐྱ་རྦབ་སོགས།། ཐུར་དུ་འཁྲུ་བྱེད་སྐྱེས་བུ་མེ་ལྷའི་ལུགས་ཞེས་གསུངས།
སྨན་འདི་ཐེངས་རེར་ཁེ1རེ་དང་། ཉིན་རེར་ཐེངས2ནས3ཕུལ་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།