ཞ་ཅིན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 17:43ལ་འགྲུབ།

ཞ་ཅིན་རྫོང་།

ཞ་ཅིན་རྫོང་།
ཞ་ཅིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ཏེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག36°53′~37°10′བར་དང་། ཤར་གྱི་གཞུང་ཐིག115°45′~116°16′བར་ཡིན། ཤར་ལྷོ་ནི་ལིན་ཆིང་གྲོང་ཁྱེར་དང་ཀའོ་ཐང་རྫོང་དང་འབྲེལ་ཡོད། ནུབ་ནི་ཧོ་པེ་ཞིང་ཆེན་ཆིང་ཧོ་རྫོང་དང་ཡོན་ཆུའི་ས་མཚམས་བྱས་ཏེ་ཕན་ཚན་ཁ་གཏད་དུ་གནས་ཡོད་པ་དང་། བྱང་ནི་ཝུའུ་ཁྲེང་དང་ཕིང་ཡོན་རྫོང་དང་འབྲེལ་ཡོད། ཞིང་ཆེན་ལྟེ་གནས་ཅི་ནན་གྱི་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ120ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ882ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏津县
ཕྱི་ཡིག་གི་མིང་།
Xiajin County
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་། ཡུལ་ཚོ2 ཁྲོམ་ལམ1ཡོད།
སྲིད་གཞུང་གནས་ཡུལ།
དབྱིན་ཁྲེང་ཁྲོམ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
253200
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་ནུབ་རྒྱུད་བདེ་ཐང་དང་། ཧྲན་ཏུང་དང་ཧོ་པེ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ882ཡོད།
མི་གྲངས།
ཁྲི51.96(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོ་རྒྱུད་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
རྨ་ཆུའི་གནའ་ལམ་ནགས་ཚལ་སྤྱི་གླིང་མཛེས་ལྗོངས་ཁུལ།
རླངས་འཁོར་ཚབ་ཨང་།
ལུའུN(鲁N)
སྲིད་འཛིན་ཚབ་ཨང་།
371427
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་།
སྒོར་དུང་ཕྱུར214.3(སྤྱི་ལོ2018ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཞ་ཅིན་རྫོང་ཅི་ཞི་ཀོན་ཁྲ་ཧྲི་ཡི་མངའ་འོག་ཏུ་བསྒྱུར། མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧྲན་ཏུང་ཏུང་ལིན་ཏའོ་རུ་བསྒྱུར། མིན་གོའི་སྲིད་ལོ་བཅོ་ལྔ་པར(སྤྱི་ལོ1926ལོར)ཧྲན་ཏུང་ཏེ་ལིན་ཏའོ་རུ་བསྒྱུར། མིན་གོའི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་མངའ་འོག་གི་ཐད་སྐྱོང་རྫོང་དུ་གྱུར། མིན་གོའི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོར)ཞ་ཅིན་རྫོང་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཞི་པའི་ཁོངས་སུ་གཏོགས། བདུན་པའི་ཚེས་བདུན་གྱི་དུས་འགྱུར་བྱུང་རྗེས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལ་འགྱུར་ལྡོག་བྱུང་། མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོར)ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་བསྒྱུར་ཡོད། ལོ་དེའི་ཟླ3པར། འཇར་པན་གྱི་སྲིད་དབང་རྫུས་མས་ཧྲན་ཏུང་ཞིང་ཆེན་ཀུང་ཧྲུའུ་ཡི་འོག་ཏུ་ཏའོ་དང་། རྫོང་། ཆུས། ཡུལ་ཚོ་བཅས་བཙུགས་པ་དང་། ཞ་ཅིན་རྫོང་ཧྲན་ཏུང་པེ་ཏའོ་ཡི་མངའ་འོག་ཏུ་གཏོགས། མིན་གོའི་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ1939ལོའི)ཟླ8པར་ཞ་ཅིན་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་ཧྲན་ཏུང་ནུབ་བྱང་གི་ཀྲོན་ཧྲུའུ་གསུམ་པའི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་པར(སྤྱིལོ1941ལོ)ཅི་ལུའུ་ཡུས་འབྲེལ་མཚམས་ས་ཁུལ་གྱི་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་། མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོའི)ཟླ5པར་ཞ་ཅིན་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང(རྗེས་སུ་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར)དེ་ཅི་ལུའུ་ཡུས་གསུམ་གྱི་འབྲེལ་མཚམས་ས་ཁུལ་སྲིད་གཞུང་གི་ཧོ་པེ་ལྷོ་རྒྱུད་སྲིད་འཛིན་ལས་ཁུངས་ཀྱི་ཀྲོན་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས་པ་དང་།མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོར)ཧོ་པེ་ལྷོ་རྒྱུད་སྲིད་འཛིན་ལས་ཁུངས་ཀྱི་ཀྲོན་ཧྲུའུ་གཉིས་པའི་ཁོངས་སུ་བསྒྱུར།

སྤྱི་ལོ1949ལོར་ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་ཀྲོན་ཆུས་སུ་བགོས།

སྤྱི་ལོ1952ལོའི་ཟླ10པར་ཧྲན་ཏུང་ཏེ་ཀྲོའུ་ཆེད་ཁུལ་དུ་བགོས།

སྤྱི་ལོ1956ལོའི་ཟླ2པར། ཏེ་ཀྲོའུ་ཆེད་ཁུལ་མེད་པར་བཟོས་པ་དང་། ཞ་ཅིན་ཧྲན་ཏུང་ལིའོ་ཁྲེང་ཆེད་ཁུལ་དུ་བསྒྱུར། ཟླ3པར། ཨེན་རྫོང་མེད་པར་བཏང་། སུའུ་ལིའུ་ཀྲོང་ཁུལ་དང་ཙའོ་ཝང་ཀྲོང་ཁུལ(ཁག་གཅིག)བསྡོམས་པའི་སྡེ་བ97ཞ་ཅིན་རྫོང་དུ་བགོས།

སྤྱི་ལོ1958ལོའི་ཟླ12པར་ཝུའུ་ཁྲེང་རྫོང་མེད་པར་བཟོས་ནས་ཞ་ཅིན་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1961ལོར་ཏེ་ཀྲོའུ་ཀྲོན་ཆུས་བསྐྱར་འཛུགས་བྱས་པ་དང་། ཞ་ཅིན་ཡང་དེའི་ཁོངས་སུ་གཏོགས། ཟླ7པར་ཝུའུ་ཁྲེང་གྲོང་ཁྱེར་འཛུགས་སྐྲུན་སླར་གསོ་བྱས་པ་དང་། དེ་སྔའི་ཝུའུ་ཁྲེང་རྫོང་ཁོངས་སུ་ཞ་ཅིན་ནས་ལོགས་སུ་ཕྱེས།

སྤྱི་ལོ1967ལོར་ཏེ་ཀྲོའུ་ཀྲོན་ཆུས་ཏེ་ཀྲོའུ་ས་ཁུལ་དུ་བསྒྱུར།

སྤྱི་ལོ1995ལོར་ཏེ་ཀྲོའུ་སླར་ཡང་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། ཞ་ཅིན་ཚང་མ་དེའི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་ཟླ10པའི་བར་ཞ་ཅིན་རྫོང་ཁོངས་སུ་ཁྲོམ་ལམ2དང་། གྲོང་རྡལ10 ཡུལ་ཚོ2བཅས་ཡོད་པ་སྟེ། དབྱིན་ཁྲེང་ཁྲོམ་ལམ། བྱང་གྲོང་ཁྲོམ་ལམ། ལྷོ་གྲོང་གྲོང་རྡལ། སུའུ་ལིའུ་ཀྲོང་གྲོང་རྡལ། ཤིན་ཧྲེང་ཏན་གྲོང་རྡལ། ལེ་ཅི་གྲོང་རྡལ། ཀྲེང་པའོ་ཐུན་གྲོང་རྡལ། པད་མ་མཚོ་གྲོང་རྡལ། ཏུང་ལི་ཀོན་ཐུན་གྲོང་རྡལ། སུང་ལོའུ་གྲོང་རྡལ། ཤང་ཀྲའོ་ཀྲོང་གྲོང་རྡལ། ཧྲོང་མིའོ་གྲོང་རྡལ། ཏུའུ་ཁོའུ་དབྱི་ཡུལ་ཚོ། ཐེན་ཀྲོང་ཡུལ་ཚོ་བཅས་ཡིན། རྫོང་སྲིད་གཞུང་ནི་དབྱིན་ཁྲེང་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག     
3_1 གནས་ཡུལ།     

ཞ་ཅིན་རྫོང་ནི་ཏེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག36°53′~37°10′བར་དང་། ཤར་གྱི་གཞུང་ཐིག115°45′~116°16′བར་ཡིན། ཤར་ལྷོ་ནི་ལིན་ཆིང་གྲོང་ཁྱེར་དང་ཀའོ་ཐང་རྫོང་དང་འབྲེལ་ཡོད། ནུབ་ནི་ཧོ་པེ་ཞིང་ཆེན་ཆིང་ཧོ་རྫོང་དང་ཡོན་ཆུའི་ས་མཚམས་བྱས་ཏེ་ཕན་ཚན་ཁ་གཏད་དུ་གནས་ཡོད་པ་དང་། བྱང་ནི་ཝུའུ་ཁྲེང་དང་ཕིང་ཡོན་རྫོང་དང་འབྲེལ་ཡོད། ཞིང་ཆེན་ལྟེ་གནས་ཅི་ནན་གྱི་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ120ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ882ཡོད།

3_2 ས་དབྱིབས།     

ཞ་ཅིན་རྫོང་ནི་ཧྲན་ཏུང་ནུབ་བྱང་གི་སེར་མདོག་བདེ་ཐང་དུ་གནས་ཡོད། ས་བབ་ལྷོ་ནུབ་ནས་བྱང་ཤར་དུ་དལ་བུར་གསེག་པ་དང་། གསེག་ཚད1/5000ནས1/8000བར་ཡིན། ས་བབ་མཐོ་ཤོས་སྨི34དང་ས་བབ་དམའ་ཤོས་སྨི23.5ཡིན་ལ་ཧེ་བག་སྨི10.5ཡིན། མངའ་ཁོངས་དབུས་ཁུལ་དུ་ལྷོ་ནུབ་བྱང་ཤར་ཕྱོགས་སུ་བསྐྱོད་པའི་གནའ་བོའི་ཆུ་རགས་ཏེ་ཁྲེན་ཀུང་ཆུ་རགས་ཤིག་ཡོད་པ་དེས་ཞ་ཅིན་རྫོང་དེ་ཆུ་རགས་སྟོད་དང་ཆུ་རགས་སྨད་གཉིས་སུ་ཕྱེ་ཡོད། ཆུ་རགས་མང་ཆེ་བ་ནི་གྲམ་ཐང་གི་མཐོ་ས་དང་། རླུང་གཡབ་དབྱིབས་ཀྱི་ས་དབྱིབས། བྱེ་མའི་ཆུ་ལམ་བཅས་ལས་གྲུབ་པ་དང་། ཆུ་རགས་ནི་སྙོམས་ངོས་དང་། གཤོང་ས། བྱེ་ས་བཅས་ལས་གྲུབ།

3_3 ནམ་ཟླ།     

ཞ་ཅིན་རྫོང་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པས་དུས་བཞིའི་འགྱུར་ལྡོག་མངོན་གསལ་དོད་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད12.7℃ཡིན་པ་དང་། ལོ་རེའི་དྲོད་ཚད་མཐོ་ཤོས41.7℃དང་། དྲོད་ཚད་དམའ་ཤོས་ཀོར་ཐིག་མན་གྱི22.5℃ཡིན། དྲོད་ཚད་དང་སྐམ་རློན་མངོན་གསལ་ཡིན། དགུན་དུས་བྱང་རླུང་མང་བ་དང་། སྐམ་ཞིང་གྲང་ལ། ཆར་ཆུ་ཉུང་། ཆ་སྙོམས་དྲོད་ཚད་ཀོར་ཐིག་འོག་གི2℃ཡས་མས་ཡིན། དཔྱིད་དུས་ཐན་པ་མང་བ། དབྱར་དུས་ཉི་འོད་ཕོག་ཚད་མང་བ་དང་།  སྟོན་མཇུག་ལ་རྒྱུན་དུ་ཐན་པ་འབྱུང་གིན་ཡོད།

4 མི་འབོར། 

སྤྱི་ལོ2018ལོར་ཞ་ཅིན་རྫོང་དུ་སྐྱེས་པའི་མི་འབོར4796ཡོད་པ་དང་སྐྱེས་ཚད་ཀྱིས་སྟོང་ཆའི8.74%ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར2331དང་ཤི་ཚད་ཀྱིས་སྟོང་ཆའི4.25%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི4.49ཟིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་སྟོང་ཆའི2.02ཆག་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི51.96ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི26.51དང་གྲོང་གསེབ་ཀྱི་མི་འབོར་ཁྲི25.45ཡོད།

4_1 དཔལ་འབྱོར།

སྤྱི་ལོ2018ལོར་ཞ་ཅིན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར214.3མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2017ལོ་ལས6.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.66ཡོད་པ་དང་ལོ་གོང་མ་ལས1.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར107.85ཡོད་པ་དང་ལོ་གོང་མ་ལས5.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར83.79ཡོད་པ་དང་ལོ་གོང་མ་ལས10.5%འཕར་ཡོད། ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་སྤྱི་ལོ2017ལོའི13:49.2:37.8ནས10.57:50.33:39.1བར་ལེགས་སྒྲིག་བྱས་ཏེ་ཐོན་ལས་གསུམ་པའི་བསྡུར་ཚད་བཟུང་ཚད1.3%འཕར་ཡོད།

5 སྤྱི་ཚོགས་ཀྱི་ལས་དོན།     
5_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོར་ཞ་ཅིན་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར12བཏང་ནས་དགེ་རྒན135གསར་དུ་གདན་ཞུ་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི་འཛིན་གྲྭ་ཆེ་ཤོས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། དམའ་རིམ་སློབ་འབྲིང14ནས་སློབ་མ8356བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ25355དང་སློབ་ཐོན་སློབ་མ7110ཡོད། སློབ་ཆུང77དང་། སློབ་ཁྲིད་ས་ཚིགས21 སློབ་མ6626དང་། སློབ་གྲྭར་ཡོད་པའི་སློབ་མ42963 སློབ་ཐོན་སློབ་མ8356བཅས་ཡོད། བུ་བཅོལ་ཁང43དང་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ11582ཡོད་པ་རེད། མཐོ་རིམ་སློབ་འབྲིང་དཀྱུས་མ3དང་སློབ་མ3015དང་། སློབ་གྲྭར་ཡོད་པའི་སློབ་མ8967 སློབ་ཐོན་སློབ་མ2423བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་། སློབ་མ135 སློབ་གྲྭར་ཡོད་པའི་སློབ་མ610 སློབ་ཐོན་སློབ་མ120བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ2ཀྱིས་ལོ་དེར་སློབ་མ608བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ608ཡོད། 

5_2 རིག་གནས་ལས་དོན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཞ་ཅིན་རྫོང་ལ་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་བྱེད་ས37དང་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ37ཡོད་པ་དང་ལོ་ཧྲིལ་པོར་འཁྲབ་སྟོན་ཐེངས500ལྷག་ཙམ་བྱས་པ་དེ་སྤྱི་ལོ2017ལོ་ལས་ཐེངས100མང་དུ་ཕྱིན་ཡོད། མང་ཚོགས་སྒྱུ་རྩལ་ཁང1དང་། རིག་གནས་ཁང1 རིག་གནས་ས་ཚིགས15 སྤྱི་པའི་དཔེ་མཛོད་ཁང1དང་དེབ་ཁྲི20ཉར་ཚགས་བྱས་པ་དེ་སྤྱི་ལོ2017ལོ་ལས་དེབ་ཁྲི3མང་དུ་ཕྱིན། གྲོང་ཁྱེར་རིམ་པ་ཡན་གྱི་རིག་དངོས་སྲུང་སྐྱོང་ཚན་པ2དང་། རིག་དངོས་སྲིད་འཛིན་དོ་དམ་སྡེ་ཚན1 རིག་དངོས་སྲུང་སྐྱོང་དོ་དམ་སྒྲིག་གཞི1 རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང4བཅས་ཡོད་པ་རེད། རྫོང་ཡོངས་སུ་གྲོང་ཁྱེར་གྱི་གློག་བརྙན་ཁང2ཡོད་པ་དང་ལོ་ཧྲིལ་པོར་གློག་བརྙན་ཁྲི1.8བསྟན་པ་དང་ལྟད་མོ་བ་མི་ཐེངས་ཁྲི10ཡོད་པ་རེད། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་ཁྲི311ཡོད་པ་དང་ལོ་གོང་མ་ལས7%འཕར་ཡོད། རླུང་འཕྲིན་བརྙན་འཕྲིན་ལས་ཁུངས1ཡོད་པ་དང་། རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ལ་ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་ཞིབ་རྩིས་ལེན་བྱས་ཡོད། རླུང་འཕྲིན་དང་བརྙན་འཕྲིན་གྱི་མི་འབོར་ཁྱབ་ཚད100%ཟིན་ཡོད།

5_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར། ཞ་ཅིན་རྫོང་དུ་སྲིད་གཞུང་གཞུང་དོན་ཁང(འཕྲོད་བསྟེན་སྡེ་ཚན)གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི22ཡོད་པའི་ནང་ཕྱོགས་བསྡུས་སྨན་ཁང1དང་། ཀྲུང་ལུགས་སྨན་ཁང1ཤང་གྲོང་འཕྲོད་བསྟེན་ཁང12 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)6 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(སོའོ་དང་ས་ཚིགས)1བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིར་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ3100ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ1865དང་སྨན་གཡོག521ཐོ་འགོད་བྱས་ཡོད།

5_4 སྤྱི་ཚོགས་ཀྱི་འགན་སྲུང་།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཞ་ཅིན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས38850དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས392650 ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས24449 ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས41717 བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས23208བཅས་ཡོད་པ་རེད། ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ཐེབས་རྩ་བསྡུས་པའི་ཡོང་འབབ་སྒོར་ཁྲི21053ཡོད་པ་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་རྒན་གསོའི་དངུལ་ཟླ་རེར་ཆ་སྙོམས་སྒོར146.7འཕར་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ཐེབས་རྩ་བསྡུ་ལེན་བྱས་པའི་ཡོང་འབབ་སྒོར་ཁྲི10635ཡོད་པ་དང་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་སྒོར་ཁྲི8635བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་སྒོར450ནས་སྒོར490བར་མཐོ་རུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས286541ཡོད་པ་དང་། རྒན་རྒོན་གྲོང་མི98923ལ་རྒན་གསོའི་དངུལ་སྒོར་ཁྲི13950དུས་ཐོག་ཏུ་འདང་ངེས་སྤྲད་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།