ཏིང་པེན་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-27 10:11ལ་འགྲུབ།

ཏིང་པེན་རྫོང་།

ཏིང་པེན་རྫོང་།
ཏིང་པེན་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུས་ལིན་གྲོང་ཁྱེར་གྱི་ནུབ་སྣེ་རུ་ཆགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་གི་སྒོ་དང་ཡུས་ལིན་གྲོང་ཁྱེར་གྱི་ནུབ་སྒོ་ཡིན། རྫོང་གི་མངའ་ཁོངས་སུ་སྲང་ལམ་དོན་གཅོད་ཁང1དང་གྲོང་རྡལ14ཡུལ་ཚོ4བཅས་ཡོད། སྤྱི་ལོ2018ལོའི་ཟླ9པའི་ཚེས29ཉིན་ཏིང་པེན་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས། སྤྱི་ལོ2019ལོའི་ཟླ1པའི་ཚེས25ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“དུས་བདེའི་ཞིང་འཕྲུལ”དཔེ་སྟོན་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་བརྒྱའི་རྫོང་གི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定边
ཕྱི་ཡིག་མིང་།
Dingbian County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ6920
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
མི་གྲངས།
མི་ཁྲི32.71(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
མངའ་ཁོངས།
ཏིང་པེན་སྲང་ལམ་དོན་གཅོད་ཁང་དང་ཨན་པེན་གྲོང་རྡལ་སོགས།
གནམ་གྲུ་ཐང་།
ཏིང་པེན་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
ཏིང་པེན་ས་ཚིགས།
སྲིད་གཞུང་གནས་ཡུལ།
ཏུང་ཀྲེང་སྲང་ལམ།
རླངས་འཁོར་ཚབ་ཨང་།
ཧྲའནJ(陕J)
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
སྲིད་འཛིན་ཚབ་ཨང་།
610825
སྦྲག་སྲིད་ཨང་རྟགས།
718699
GDP
སྒོར་དུང་ཕྱུར317.28(སྤྱི་ལོ2018ལོ)
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ཐན་ཕྱེད་དུས་རླུང་ནམ་ཟླ།
1 ངོ་སྤྲོད།

ཏིང་པེན་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུས་ལིན་གྲོང་ཁྱེར་གྱི་ནུབ་སྣེ་རུ་ཆགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་གི་སྒོ་དང་ཡུས་ལིན་གྲོང་ཁྱེར་གྱི་ནུབ་སྒོ་ཡིན། རྫོང་གི་མངའ་ཁོངས་སུ་སྲང་ལམ་དོན་གཅོད་ཁང1དང་གྲོང་རྡལ14ཡུལ་ཚོ4བཅས་ཡོད།

སྤྱི་ལོ2018ལོའི་ཟླ9པའི་ཚེས29ཉིན་ཏིང་པེན་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས། སྤྱི་ལོ2019ལོའི་ཟླ1པའི་ཚེས25ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“དུས་བདེའི་ཞིང་འཕྲུལ”དཔེ་སྟོན་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་བརྒྱའི་རྫོང་གི་གྲས་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1937ལོར་ཧྲའན་ཀན་ཉིན་ཞིང་ཆེན་ནས་ཕྱིར་འཐེན་བྱས་པ་དང་། ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་བཙུགས། སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡིས་ས་ཁུལ་དང་མཐའ་མཚམས་གྲོང་ཁྱེར་གྱི་དོ་དམ་བྱེད་ཀྱིན་ཡོད།

སྤྱི་ལོ1949ལོར་སྔ་རྗེས་སུ་ཏིན་པེན་དང་། ཡན་ཁྲི། ཝུའུ་ཆི། ཅིན་པན། ཨན་པེན་བཅས་ཀྱི་རྫོང་རྣམས་ཁོངས་སུ་བཅུག

3 ​མི་གྲངས།

སྤྱི་ལོ1953ལོར་ཏིང་པེན་རྫོང་དུ་དུད་ཚང20070ཡོད་པ་དང་། མི101230དང་། མི་འབོར་འདུས་ཚད་མི14/གྲུ་བཞི་མ།མི་འབོར་རང་ཤུགས་སུ་འཕར་ཚད21.7%ཡིན།

སྤྱི་ལོ1964ལོར་ཏིང་པེན་རྫོང་གི་དུད་ཚང27095དང་མི147395ཡོད། མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ21/ཟིན། མི་འབོར་རང་ཤུགས་སུ་འཕར་ཚད32.7%ཟིན་ཡོད།

སྤྱི་ལོ1982ལོར་ཏིང་པེན་རྫོང་གི་དུད་ཚང44167དང་མི222594ཡོད་པ་དང་། མི་འབོར་འདུས་ཚད་སྤྱི་ལེ་གྲུ་རེར་མི་32ཟིན། རང་བྱུང་འཕར་ཚད22.71%ཟིན་ཡོད།

སྤྱི་ལོ1990ལོར་ཏིང་པེན་རྫོང་དུ་དུད་ཚང55862ཡོད་པ་དང་མི264523ཡོད། མི་འབོར་འདུས་ཚད་སྤྱི་ལེ་གྲུ་རེར་མི38ཡོད་པ་དང་རང་བྱུང་འཕར་ཚད22.38%ཟིན་ཡོད། ཕོ་མོའི་གྲུབ་ཚུལ། སྐྱེས་པ137140ཡིས51.84%བཟུང་བ་དང་། བུད་མེད127383ཡོད་པ་དེས48.16%བཟུང་ཡོད། མི་རིགས་གྲུབ་ཚུལ། རྒྱ་རིགས263610ཡོད་པ་དེས99.65%བཟུང་ཡོད། གྲངས་ཉུང་མི་རིགས་ཁག་གི་མི་གྲངས913ཡོད་པ་དེས0.35%ཟིན་ཡོད། (དེའི་ནང་ཧུའེ་རིགས་མི་གྲངས891དང་། སོག་རིགས་ཀྱི་མི་གྲངས12མན་ཇུ་རིགས་ཀྱི་མི་གྲངས9བོད་རིགས་ཀྱི་མི་གྲངས1)བཅས་ཡོད།

སྤྱི་ལོ2000ལོར་ཏིང་པེན་རྫོང་དུ་ཁྱོན་དུད་ཚང70318ཡོད་པ་དང་མི290952ཡོད། མི་འབོར་འདུས་ཚད་སྤྱི་ལེ་གྲུ་རེར་མི42ཟིན་པ་དང་། རང་བྱུང་འཕར་ཚད6.11%མར་ཆག་ཡོད། མི་རིགས་ཀྱི་གྲུབ་ཚུལ། རྒྱ་རིགས289895ཡོད་པ་དེས99.64%བཟུང་བ་དང་གྲངས་ཉུང་མི་རིགས་ཁག་ལ་ཁྱོན་མི་གྲངས1057ཡོད་པ་དེས0.36%བཟུང་ཡོད།

སྤྱི་ལོ2010ལོར་ཏིང་པེན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི33.47ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི27.34ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི83%བཟུང་ཡོད། རྫོང་ནང་དུ་ཧུའེ་རིགས་དང་སོག་རིགས། མན་ཇུའི་རིགས། བོད་རིགས་སོགས་གྲངས་ཉུང་མི་རིགས1321ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དུད་ཚང་བསྡོམས་འབོར99953ཟིན་པ་དང་ལོ་མཇུག་ཏུ་སྤྱིའི་མི་འབོར352125ཡོད་པ་དེ་ལོ་གོང་མ་ལས་མི5134མང་དུ་ཕྱིན་པ་དང་ཕོ་མོའི་ཕོ་མོའི་བསྡུར་ཚད106:100ཟིན་པའི་ནང་ཞིང་ལས་མི་འབོར299281ཡོད་པ་དེས85.0%བཟུང་ཡོད། ཞིང་ལས་མིན་པའི་མི་འབོར52844ཡོད་པ་དེས15.0%བཟུང་ཡོད།

4 དཔལ་འབྱོར།

སྤྱི་ལོ2013ལོར་ཏིང་པེན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར310.08ལེགས་གྲུབ་བྱུང་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར208.09བཏང། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར30.09བྱུང་བའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར18.58ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར20.3ལེགས་གྲུབ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28152ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར10744ཟིན་ཡོད།

ཞིང་ལས།

སྤྱི་ལོ2016ལོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར35.48ཟིན་པ་དེ་སྤྱི་ལོ2015ལོ་ལས6.0%འཕར་བའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20.70ཟིན་ནས8.1%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.24ཟིན་ནས17.2%འཕར་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12.15ཟིན་ནས1.3%འཕར་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.38ཟིན་ནས6.7%འཕར་ཡོད། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11789ཟིན་པ་དེ་སྤྱི་ལོ2015ལོ་ལས་སྒོར863འཕར་ནས7.9%འཕར་ཡོད།

བཟོ་ལས།

སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར196.06ཟིན་པ་དེ་དུས་མཚུངས་སུ22.5%ཆག་པ་དང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར143.81ཟིན་ནས2.2%མར་ཆག་ཡོད།

དེའི་ནང་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར182.96ཟིན་ནས23.1%མར་ཆག་པ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར139.65ཟིན་ནས་2.4%མར་ཆག་ཡོད། ཚད་ལོན་མན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.10ཟིན་ནས13.8%མར་ཆག་པ་དང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.16ཟིན་ནས3.4%འཕར་ཡོད།

5 སློབ་གསོའི་ལས་དོན།

སློབ་ཆུང་སློབ་གསོ།

སྤྱི་ལོ1957ལོའི་བར་དུ་སློབ་ཆུང67དང་། སློབ་མ5123ཡོད། སྤྱི་ལོ1959ལོར་ཏིང་པེན་རྫོང་དུ་གཞུང་བཙུགས་དམངས་བཙུགས་སློབ་ཆུང293དང་སློབ་མ16096ཡོད། སྤྱི་ལོ1949ལོ་ལས་ལྡབ9.4འཕར་བ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད80%ཙམཟིན་ཡོད། དགེ་རྒན551ཡོད་པ་དེ་ལྡབ7.7%འཕར་ཡོད།

སྤྱི་ལོ1966ལོར“རིག་གནས་གསར་བརྗེ་ཆེན་པོ”འགོ་བརྩམས་རྗེས། ཏིང་པེན་རྫོང་སློབ་ཆུང་ཚང་མར་སྔ་གཞུག་ཏུ་རྡུང་རྡེག་ཐེབས། སྤྱི་ལོ1976ལོར་སློབ་གྲྭ782བཙུགས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ28124ཟིན་ནས་སློབ་གྲྭར་ཞུགས་ཚད95%ཟིན་མོད། འོན་ཀྱང་མིང་ཙམ་ལས་རིག་གནས་ཀྱི་སྤུས་ཚད་ངོ་མ་མེད། སྤྱི་ལོ1978ལོར་རྫོང་ཚྭ་འགྱུར་བཟོ་གྲྭ་དང་ལག་ཤེས་བཟོ་ལས་མཉམ་འབྲེལ་ཁང་གིས་བུ་སྤུན་སློབ་ཆུང6བཙུགས། སློབ་མ191དང་དགེ་རྒན7ཡོད།

སྤྱི་ལོ1979ལོ་ནས་སྤྱི་ལོ1980ལོའི་བར་དུ། སློབ་གྲྭ་ཆུང་བའི་ལེགས་སྒྲིག་ཐེངས་དང་པོ་བྱས་ཏེ། ཏིང་པེན་རྫོང་སློབ་ཆུང646ནས568ལ་ལེགས་སྒྲིག་བྱས་པར་མ་ཟད། མང་ཆེ་བ་ཀུང་ཧྲེ་ཡིས་དོ་དམ་བྱས། སྤྱི་ལོ1981ལོར་གྲོང་གསེབ་ཀྱི་སློབ་མ་འགྲོ་སྐྱོད་ཅུང་ཆེ་བ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ལོ་གོང་མའི91.3%ནས87.8%བར་མར་ཆག་ཡོད། སྤྱི་ལོ1983ལོར་རྫོང་སྲིད་གཞུང་གིས་སྤྱི་ལོ1990ལོར་ཏིང་པེན་རྫོང་སློབ་ཆུང་གི་སློབ་གསོ་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱས། དེར་བརྟེན་ཏིང་པེན་རྫོང་སློབ་ཆུང་ལེགས་སྒྲིག་ཐེངས་གཉིས་པ་བྱས་པ་དང་། ཡུལ་ཚོ་དང་གྲོང་ཚོའི་ལྟེ་བའི་སློབ་ཆུང28དང་རྫོང་གྲོང་ཞང་དབྱང་དང་། ཏུང་ཀོན། ཨན་པན་སོགས་ཆ་ཚང་སློབ་ཆུང23ལས་མེད། དགེ་རྒན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། སློབ་ཁྲིད་ཀྱི་སྒྲིག་ཆས་གཅིག་ཏུ་བསྡུས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དམིགས་ཡུལ་འགྲུབ།

སྤྱི་ལོ1985ལོར་རྫོང་དང་མཉམ་ལས་ཁང་ཏང་སྲིད་ཀྱིས་མཐོང་ཆེན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་པར་ཡོངས་ཁྱབ་ཏུ་སྐུལ་སློང་བྱས། ཏིང་པེན་རྫོང་དུ་སློབ་ལོ་རན་པའི་བྱིས་པ22988ཡོད་པ་དང་། སློབ་གྲྭར་ཞུགས་པའི་སློབ་མ21997སློབ་གྲྭར་ཞུགས་ཚད95.7%ཡིན། སློབ་གྲྭར་ཞུགས་ཚད91.7%ཟིན། ལོ་འདི་གའི་སློབ་ཐོན་སློབ་མ3694ཡོད་པ་དང་སློབ་ཐོན་སློབ་མ3373ཡོད། སློབ་ཐོན་སློབ་མ91.4%ཟིན། དམའ་རིམ་སློབ་གསོ་ཁྱབ་གདལ་གཏོང་ཚད་བརྒྱ་ཆ84ཡིན། སྤྱི་ལོ1989ལོར་ཡུས་ལིན་ས་ཁུལ་དུ་ཏིང་པེན་ལ་སློབ་གསོ་ཁྱབ་གདལ་རྫོང་ཞེས་མིང་བཏགས་པ་དང་1990ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་ལས་ཏིང་པེན་རྫོང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད76.2%ཟིན།

ལོ་རབས90པ་ནས་བཟུང“ཡོངས་ཁྱབ་དྲུག་པའི”སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གྲྭ་གཉེར་འགོ་ཚུགས་ཤིང་། ཧུའེ་ཡོན་སློབ་ཆུང་བཙུགས་པ་ཅུང་སྔ་བ་དང་དེ་རྗེས་གཉེར་བའི་གྲས་སུ་ད་དུང་ཉི་འོད་སློབ་ཆུང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སློབ་ཆུང་སོགས་ཡོད། ཏིང་པེན་རྫོང་གི་སྒེར་བཙུགས་སློབ་ཆུང18བར་མང་དུ་ཕྱིན། སྒེར་བཙུགས་སློབ་ཞུགས་གོང་གི་སློབ་གསོའི་སློབ་གྲྭ4ཡོད། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ3259ཡོད། དགེ་རྒན་དང་ལས་བཟོ་བ91ཡོད། སྤྱི་ལོ2000ལོར་ཏིང་པེན་རྫོང་དུ་སློབ་ཆུང495དང་། སློབ་ཁྲིད་འཛིན་གྲྭ2035གཞུང་བཙུགས་དམངས་བཙུགས་སློབ་ཆུང་གི་ལས་ཐོག་དགེ་རྒན3283བཅས་ཡོད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ51256ཡོད་པ་དང་སློབ་གྲྭར་ཞུགས་ཚད97%ཟིན་ཡོད།

སྤྱི་ལོ2010ལོར་ཏིང་པེན་རྫོང་དུ་ཁྱོན་སློབ་ཆུང61དང་སློབ་ཆུང་སློབ་མ21848ཡོད། སློབ་ཆུང་ཐོན་པའི་སློབ་རིམ་འཕར་ཚད100%ཟིན་ཡོད།

དམའ་འབྲིང་སློབ་གསོ།

སྤྱི་ལོ2000ལོར་ཏིང་པེན་རྫོང་དུ་དམའ་རིམ་སློབ་འབྲིང13དང་། མཐོ་རིམ་སློབ་འབྲིང2དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ10737མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1549བཅས་ཡོད། གཞུང་གཉེར་དང་དམངས་གཉེར་སློབ་འབྲིང་གི་དགེ་རྒན814ཡོད།

སྤྱི་ལོ2010ལོར་ཏིང་པེན་རྫོང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མ2དང་། ཆ་ཚང་སློབ་འབྲིང1དམའ་རིམ་སློབ་འབྲིང12ལོ་དགུའི་འོས་འགན་སློབ་གསོ་ལམ་ལུགས་ཀྱི་སློབ་གྲྭ1ལས་རིགས་སློབ་འབྲིང1དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། སློབ་འབྲིང་གི་མི་གྲངས21510དང་ལས་རིགས་སློབ་འབྲིང་གི་མི་གྲངས1581ཡོད། དམའ་འབྲིང་མཐར་ཕྱིན་སློབ་རིམ་འཕར་ཚད59.4%ཟིན་ཡོད།

སྤྱི་ལོ2016ལོར་རྫོང་ཡོངས་སུ་རིགས་ཁག་གི་སློབ་གྲྭ109ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ3དང་། ཆ་ཚང་སློབ་འབྲིང1དམའ་རིམ་སློབ་འབྲིང7ལོ་དགུའི་འོས་འགན་སློབ་གསོ་ལམ་ལུགས་ཀྱི་སློབ་གྲྭ5ལས་རིགས་སློབ་འབྲིང1དགེ་རྒན་ཟབ་སྦྱོང་སློབ་གྲྭ1སློབ་ཆུང24སློབ་ཆུང་སློབ་ཁྲིད་ས་ཚིགས6བྱིས་པའི་སློབ་གསོ་ཁང61སློབ་གྲྭར་ཡོད་མུས་ཀྱི་སློབ་མ54738ཡོད། དེའི་ནང་སློབ་འབྲིང་གི་མི་གྲངས16034དང་། ལས་རིགས་སློབ་འབྲིང་གི་མི་གྲངས1132སློབ་ཆུང་གི་མི་གྲངས22283དམིགས་བསལ་སློབ་གསོའི་མི་གྲངས104བུ་བཅོལ་ཁང་གི་མི་གྲངས15185བཅས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཏིང་པེན་རྫོང་།