ཡུས་ཁྲེང་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-30 09:32ལ་འགྲུབ།

ཡུས་ཁྲེང་གྲོང་ཁྱེར།

ཡུས་ཁྲེང་གྲོང་ཁྱེར།
ཡུས་ཁྲེང་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད་དུ་གནས་ཤིང་། ཞིང་ཆེན་ལྟེ་གནས་ཅི་ནན་གྱི་སྲུང་སྐར་གྲོང་ཁྱེར་ཡིན་པ་དང་། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ཞིག་ཡིན། མངའ་ཁོངས་ཚང་མ་བདེ་ཐང་ཡིན་པ་དང་། ས་བབ་ལྷོ་མཐོ་ལ་བྱང་དམའ་བ་དང་། ནུབ་མཐོ་ལ་ཤར་དམའ་བ། ལྷོ་ནུབ་ནས་བྱང་ཤར་དུ་རིམ་གྱིས་གསེག་ཡོད། དྲོ་འཇམ་ཁུལ་གྱི་སྐམ་སའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་ཞིང་། སྐམ་རློན་གྱི་དུས་ཚིགས་མངོན་གསལ་ཡིན་ལ། འོད་ཕོག་ཚད་འདང་ངེས་ཡིན། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི53.9ཡོད་པ་དང་དེའི་ཁོངས་གཏོགས་སུ་གྲོང་རྡལ9དང་ཡུལ་ཚོ1དང་ཁྲོམ་ལམ2ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
禹城
ཕྱི་ཡིག་གི་མིང་།
Yucheng
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཏེ་ཀྲོའུ།
མངའ་ཁོངས།
གྲོང་རྡལ9 ཡུལ་ཚོ1 ཁྲོམ་ལམ2དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཡུས་ཁྲེང་གྲོང་ཁྱེར་སྲིད་འཛིན་ཁྲོམ་ལམ་གྱི་ཨང923པ།
སྦྲག་སྲིད་ཨང་རྟགས།
251200
ས་ཁོངས་ཁ་པར་ཨང་རྟགས།
0534
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ990ཡོད།
མི་གྲངས།
ཁྲི51.81(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
མཛེས་ལྗོངས་གྲགས་ཅན།
ཡུས་ཝང་ཐིང་རྟེན་རྫས་བཤམས་མཛོད་ཁང་དང་། ཏ་ཡུས་སྤྱི་གླིང་། ཐུའུ་ཧའོ་གཙང་པོའི་ཆུ་བེད་མཛེས་ལྗོངས་ཁུལ། ཐུའུ་ཧའོ་གཙང་པོའི་འདམ་རའི་སྤྱི་གླིང་སོགས།
ནམ་ཟླ།
དྲོ་རྒྱུད་སྐམ་ས་ཆེན་པོའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུ(鲁N)
སྲིད་འཛིན་ཚབ་ཨང་།
371482
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཡུས་ཁྲེང་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་སྲིད་གཞུང་གི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྲན་ཏུང་ཞིང་ཆེན་ཏེ་ལིན་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། ལོ་གཉིས་པར་ཏུང་ལིན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་བཅོ་ལྔ་པར(སྤྱི་ལོ1926ལོར)སླར་ཡང་ཏེ་ལིན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་བཅུ་བདུན་པ(སྤྱི་ལོ1928ལོ)ནས་བཟུང་ཧྲན་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀུང་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པར(སྤྱི་ལོ1946ལོ)“ཡུས་ཁྲེང་རྫོང་སྲིད་གཞུང”བཙུགས་པ་དང་། པོ་ཧའེ་ཁུལ་གྱི་ཧོའུ་པེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ཏེ་ཀྲོའུ་ཀྲོའི་ཁོངས་སུ་གཏོགས།

སྤྱི་ལོ1956ལོར་ལིའོ་ཁྲེང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1958ལོར་ཡུས་ཁྲེང་རྫོང་དེ་ཀའོ་ཐང་རྫོང་གི་ཁོངས་སུ་ཚུད་ཅིང་། ལིའོ་ཁྲེང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་ཡུས་ཁྲེང་རྫོང་གི་སྒྲིག་གཞི་སླར་གསོ་བྱས། དེ་ནས་ཏེ་ཀྲོའུ་ཀྲོའི་ཀྲོན་ཧྲུའུ་ཡི་མངའ་འོག་ཏུ་གཏོགས་པ་དང་། སྤྱི་ལོ1993ལོར་ཡུས་ཁྲེང་རྫོང་གྲོང་ཁྱེར(རྫོང་རིམ་པ)ལ་བསྒྱུར་ཞིང་། ད་ལྟའི་བར་དུ་ཁོངས་གཏོགས་འབྲེལ་བ་འགྱུར་མེད།

སྤྱི་ལོ1993ལོའི་ཟླ9པར་རྫོང་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1993ལོའི་ཟླ9པའི་ཚེས9ཉིན་ཡུས་ཁྲེང་རྫོང་མེད་པར་བཟོས་ནས་དེ་སྔའི་ཡུས་ཁྲེང་རྫོང་གི་སྲིད་འཛིན་ས་ཁོངས་སུ་ཡུས་གྲོང་ཁྱེར(རྫོང་རིམ་པ)བཙུགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་བར་ཡུས་ཁྲེང་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་རྡལ9དང་། ཡུལ་ཚོ1 དེ་བཞིན་ཁྲོམ་གཞུང2ཡོད་པ་སྟེ། ཧྥང་སི་གྲོང་རྡལ་དང་། ཤིན་ཏན་གྲོང་རྡལ། ཆུས་ཅ་གྲོང་རྡལ། ལོན་ཅཱ་གྲོང་རྡལ། ཤིན་ཀྲའེ་གྲོང་རྡལ། ཀྲང་ཀྲོང་གྲོང་རྡལ། ཨན་རེན་གྲོང་རྡལ། ཧྲེ་ལི་ཝང་ཧུའེ་རིགས་གྲོང་རྡལ། ཆི་ཀྲེན་གྲོང་རྡལ། ལི་ཐུན་ཡུལ་ཚོ། ཧྲི་ཀྲུང་ཁྲོམ་གཞུང་། ཏུང་ཁྲེང་ཁྲོམ་གཞུང་བཅས་ཡིན། གྲོང་ཁྱེར་སྲིད་གཞུང་ནི་ཡུས་ཁྲེང་གྲོང་ཁྱེར་སྲིད་འཛིན་ཁྲོམ་ལམ་ཨང923དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག་
4 གནས་ཡུལ།

ཡུས་ཁྲེང་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཐུའུ་ཧོ་ཆུ་བོའི་བར་རྒྱུད་དུ་གནས་ཡོད། ས་ཁམས་ཀྱི་གནས་ཚད་ནི་ཤར་གྱི་གཞུང་ཐིག116°22′11″~ 116°45′00″དང་། བྱང་གི་འཕྲེད་ཐིག36°41′36″~ 37°12′13″བར་ཡིན། བྱང་ཤར་རྒྱུད་གཡས་ཕྱོགས་སུ་རིམ་བཞིན་ལིན་དབྱི་དང་། ཆི་ཧོ། ཡོན་ཕིན། ཀའོ་ཐང་། ཕིན་ཡོན་བཅས་རྫོང་ལྔ་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་གྱི་ལྷོ་བྱང་གི་རིང་ཚད་སྤྱི་ལེ58ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ33ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ990ཡོད།

4_1 ས་དབྱིབས།

ཡུས་ཁྲེང་གྲོང་ཁྱེར་གྱི་མངའ་ཁོངས་ཚང་མ་བདེ་ཐང་ཡིན་པ་དང་། ས་བབ་ལྷོ་ངོས་མཐོ་ལ་བྱང་ངོས་དམའ་བ་དང་། ནུབ་ངོས་མཐོ་ལ་ཤར་ངོས་དམའ་བ་ཡིན། ལྷོ་ནུབ་ནས་བྱང་ཤར་ཕྱོགས་སུ་དལ་བུར་གསེག་ཡོད་པ་རེད། སྤྱིའི་གསེག་ཚད་ནི1/8000ནས1/10000བར་ཡིན། ས་བབ་མཐོ་ཤོས་ལ་སྨི26.1དང་དམའ་ཤོས་ལ་སྨི17.5ཡོད་པ་དང་ཆ་སྙོམས་ཀྱིས་ཧེ་བག་སྨི5ནས7བར་ཡིན།

4_2 ནམ་ཟླ།

ཡུས་ཁྲེང་གྲོང་ཁྱེར་ནི་དྲོ་འཇམ་ཁུལ་གྱི་སྐམ་སའི་དུས་རླུང་གནམ་གཤིས་ཡིན་པ། དུས་བཞིའི་དབྱེ་་བ་གསལ་ཞིང་། སྐམ་རློན་གྱི་དུས་ཚིགས་མངོན་གསལ་ཡིན། འོད་ཕོག་ཚད་འདང་ངེས་ཡིན་ལ། དཔྱིད་དུས་ཐན་པ་དང་རླུང་མང་། དབྱར་དུས་ལྷོ་རླུང་ལྡང་ཞིང་ཚ་བ་ཆེ་ལ་ཆར་ཆུ་མང་ལ། སྟོན་དུས་གནམ་གཤིས་དྭངས་ཤིང་དྲོ་གྲང་སྙོམས། དགུན་དུས་བྱང་རླུང་ལྡང་ལ། གྲང་ངར་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད13.3℃དང་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི555.5ཡིན། སད་མི་རྒྱག་པའི་དུས་ཡུན་རིང་བ་དང་། ལོ་རེར་ཆ་སྙོམས་སད་མི་རྒྱག་པའི་དུས་ཡུན་ཉིན202དང་། ལོ་ཧྲིལ་པོར་ཉི་འོད་ཆུ་ཚོད2546.2དང་ལོ་རེར་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི2.5ཡིན། རླུང་གི་ཁ་ཕྱོགས་མང་ཤོས་ནི་ལྷོ་ནུབ་ཀྱི་ལྷོ་རླུང་ཡིན། ལོ་རེའི་ཆ་སྙོམས་རླངས་འགྱུར་ཚད་ནི་ཧོ་སྨི1884.8ཡིན་པ་དང་། ལོ་རེའི་ཐོག་རྒོད་རྒྱག་ཚད་ཉིན23ཡིན།

5 མི་གྲངས་དང་མི་རིགས།     
5_1 མི་གྲངས།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཡུས་ཁྲེང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི53.9ཡོད་པའི་ནང་ཞིང་ལས་ཐེམ་ཐོའི་མི་འབོར་ཁྲི29.5ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར9795ཡོད་པ་དང་སྐྱེས་ཚད་ཀྱིས་སྟོང་ཆའི18.22ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར5977ཡོད་པ་དང་ཤི་ཚད་ཀྱིས་སྟོང་ཆའི11.12ཟིན། མི་འབོར་རང་བྱུང་འཕར་ཚད་སྟོང་ཆའི7.1ཟིན་པ་དེ་ལོ་གོང་མ་ལས་སྟོང་ཆ0.64འཕར་ཡོད་པ་རེད།     

5_2 མི་རིགས།    

ཡུས་ཁྲེང་གྲོང་ཁྱེར་དུ་ཁྱོན་བསྡོམས་གྲངས་ཉུང་མི་རིགས25ཡོད་པའི་ནང་ཧུའེ་རིགས་དང་། སོག་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། བོད་རིགས་སོགས་ཡོད།

6 དཔལ་འབྱོར།    

སྤྱི་ལོ2017ལོར་ཡུས་ཁྲེང་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར279.4ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར35.36ཡིན་པ་དེ་དུས་མཚུངས་ལས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར133.68ཟིན་པ་དེ་དུས་མཚུངས་ལས7.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར110.36ཡིན་པ་དེ་དུས་མཚུངས་ལས8.0%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2017ལོའི12.6:48.1:39.3ནས12.7:47.8:39.5བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར52968ཡིན།

7 སྤྱི་ཚོགས་ཀྱི་ལས་དོན།  
7_1 ཚན་རིག་ལག་རྩལ། 

སྤྱི་ལོ2017ལོའི་ལོ་མཇུག་བར་ཡུས་ཁྲེང་གྲོང་ཁྱེར་ལ་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས16ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས3དང་། ཞིང་ཆེན་རིམ་པའི་ཁེ་ལས6གྲོང་ཁྱེར་རིམ་པའི་ཁེ་ལས7བཅས་ཡོད་པ་དང་། ཚན་རྩལ་ཁེ་ལས་སྐྱེད་སྲིང་ཡོ་ཆས4ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས1དང་གྲོང་ཁྱེར་རིམ་པའི་ཁེ་ལས3 ཀུན་གཏོད་བར་མཐོངས5ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས2དང་། ཞིང་ཆེན་རིམ་པའི་ཁེ་ལས1 གྲོང་ཁྱེར་རིམ་པའི་ཁེ་ལས2བཅས་ཡོད་པ་དང་། གཙོ་གནད་ཚོད་ལྟ་ཁང10ཡོད་པའི་ནང་ཞིང་ཆེན་རིམ་པའི་སྨན་ཁང2དང་གྲོང་ཁྱེར་རིམ་པའི་ཚོད་ལྟ་ཁང8ཡོད་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་གསར་གཏོད་ལས་སྟེགས22ཡོད། ཞིང་ཆེན་རིམ་པའི་ཡོན་ཧྲིའི་ལས་དོན་ས་ཚིགས5དང་། འབུམ་རམས་པའི་ལས་དོན་ས་ཚིགས5བཅས་བཙུགས་ཡོད། ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད394ཡོད་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད169ཡོད་པ་རེད། ཁེ་བེད་བདག་ཐོབ་སྤྲོད་ཚད207ཡོད་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་སྤྲོད་ཚད57ཡོད་པ་རེད། ལག་རྩལ་ཉོ་ཚོང་གི་གན་རྒྱ་ཁག46བཞག་ནས་ལག་རྩལ་ཉོ་ཚོང་གི་གན་རྒྱའི་དངུལ་འབོར་སྒོར་ཁྲི10019ཡོད།

7_2 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོར་ཡུས་ཁྲེང་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི5.4ཡོད་པ་དང་། སློབ་གྲྭ་ཆུང་གྲས65(སློབ་ཁྲིད་ས་ཚིགས་ཚུད་མེད་པ)ཡོད་པ། སློབ་གྲྭར་ཡོད་པའི་སློབ་མ31764ཡོད་པའི་ནང་སློབ་མ་བུ་མོ15461དང་སློབ་ཆུང་གི་དགེ་རྒན2228ཡོད་པ་རེད། སློབ་འབྲིང་དཀྱུས་མ14(དེའི་ནང་དམའ་རིམ་སློབ་འབྲིང་12ཡོད)དང་དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ16121ཡོད་པའི་ནང་སློབ་མ་བུ་མོ7686ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ9635ཡོད་པའི་ནང་སློབ་མ་བུ་མོ5219ཡོད། སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན2161ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ2དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ3942 འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭའི་ཆེད་བསྐོས་དགེ་རྒན371བཅས་ཡོད། གཙོ་གནད་དངོས་གཞིའི་ཚན་ཁག་གི་དྲ་ཞུགས་བསྡོམས་འབོར་ཏེ་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་ཁག་གི་ཨང2པར་སླེབས་ཡོད་པ་རེད། 

7_3 རིག་གནས་ལས་དོན།   

སྤྱི་ལོ2017ལོའི་ལོ་མཇུག་བར་ཡུས་ཁྲེང་གྲོང་ཁྱེར་དུ་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་བྱེད་ས1དང་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1ཡོད་པ་དང་ལོ་ཧྲིལ་པོར་འཁྲབ་སྟོན་ཐེངས40བྱས་ཡོད། རིག་གནས་ཁང1དང་། རིག་གནས་ས་ཚིགས11བཅས་ཡོད། སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་དེབ་ཁྲི18ཉར་ཡོད། རིག་དངོས་སྲུང་སྐྱོབ་དོ་དམ་སྒྲིག་གཞི་1བཅས་ཡོད་པ་རེད། ཟློས་གར་ཁང་དང་གློག་བརྙན་ཟློས་གར་ཁང1 གྲོང་ཁྱེར་གྱི་གློག་བརྙན་ཁང2ཡོད་པ་དང་ལོ་ཧྲིལ་པོར་གློག་བརྙན་སྟོན་ཐེངས་ཁྲི1.07དང་ལྟད་མོ་བ་མི་ཐེངས་ཁྲི3.21ཡོད་པ་རེད། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་ཁྲི110ཡོད་པ་དེ་དུས་མཚུངས་ལས12.0%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ལ་རླུང་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ལས་ཁུངས1ཡོད། ཟློས་སྒྲིག་བརྒྱུད་གཏོང་འཕེན་གཏོང་སྟེགས་བུ1ཡོད་པ་དང་། ཟློས་སྒྲིག་བརྒྱུད་གཏོང་འཕེན་གཏོང་གི་ཤུགས་ཚད་ཆན་ཝ0.5ཡོད་པ་རེད། བརྙན་འཕྲིན་བརྒྱུད་གཏོང་སྟེགས་བུ1དང་བརྙན་འཕྲིན་བརྒྱུད་གཏོང་བྱེད་ཤུགས་ཆན་ཝ3ཡོད་པ་རེད། རྒྱང་བསྒྲགས་ལེ་ཚན1བཏང་བ་དང་ལོ་ཧྲིལ་པོར་རྒྱང་བསྒྲགས་ཆུ་ཚོད4898བཏང་བ་རེད། བརྙན་འཕྲིན་ལེ་ཚན3ཡོད་པ་དང་ལོ་ཧྲིལ་པོར་སྟོན་ཡུན་ཆུ་ཚོད18615རེད། རླུང་འཕྲིན་དང་བརྙན་འཕྲིན་གྱི་མི་འབོར་ཁྱབ་ཚད100%ཟིན་ཡོད།

7_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཡུས་ཁྲེང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི498ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང14དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས2 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1བཅས་ཡོད་པ་རེད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི2115དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལག་རྩལ་མི་སྣ2522ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ1036དང་། འཕྲོད་བསྟེན་རིམས་འགོག་མི་སྣ82 ནད་གཡོག952བཅས་ཡོད་པ་རེད། 

7_5 རྨང་གཞིའི་སྒྲིག་བཀོད།   

སྤྱི་ལོ2017ལོར་ཡུས་ཁྲེང་གྲོང་ཁྱེར་ལི་སན་ཅན་ཆུ་མཛོད་དང་། ཆུ་བཟོ་གྲྭ་གཉིས་པ་དང་གསུམ་པ་ཚང་མ་སྤྱོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུ་དེ་བས་བདེ་འཇགས་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་འབབ་ཆུ་ལོ་རེར་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི1086ཡོད། གྲོང་ཁུལ་ལ་ལོ་རེར་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི614ཡོད་པ་བཅས་ཀྱི་ནང་གྲོང་ཁུལ་གྱི་འཚོ་བའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི415ཡོད་པ་རེད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར2.24བཏང་བ་དང་། གྲོང་ཁྱེར་གྱི་ཆུ་འདོན་སྦུག་དྲ་ལ་མ་དངུལ་སྒོར་ཁྲི750བཏང་ཡོད། དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི700ཡིན་པ་དང་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི465ཡོད། ཆུ་འབུད་སྦུ་གུ་སྤྱི་ལེ14.79གསར་བཟོ་བྱས་ཡོད། བཙོག་ཆུ་གཙང་བསལ་བཟོ་གྲྭ3ཡོད་པ་དང་བཙོག་ཆུ་གཙང་བསལ་བཟོ་གྲྭ་གཅིག་སྡུད་ཐོག་གཙང་སེལ་བྱེད་ཚད95%ཟིན་ཡོད་པ་རེད། གློག་འདོན་བློས་འགེལ་ཆོག་པའི་ཚད་དང་གློག་གནོན་ཚད་ལོན་ཚད་སོ་སོར99.88%དང99.87%ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར14.08ཡིན་པ་དེའི་ནང་གྲོང་མིའི་འཚོ་བའི་གློག་སྤྱོད་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར2.36ཡོད།

8 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་ལག་རྩལ་མཐོ་བའི་སྐྱེ་དངོས་ཐོན་ལས་རྟེན་གཞི་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་གྲོང་ཁྱེར།

ཀྲུང་གོའི་ནུས་པའི་མངར་ཆའི་གྲོང་ཁྱེར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་ནུས་པ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས།

ཀྲུང་གོའི་བཟའ་བཅའི་རྒྱུ་ཆ་གྲོང་གི་རྒྱལ་ཁབ་དཔལ་འབར་འཆར་འགོད་སྐྱེ་དངོས་ལག་རྩལ་ཐོན་ལས་རྟེན་གཞི།

ཀྲུང་གོའི་འཚོ་བཅུད་བདེ་ཐང་ཐོན་ལས་གྲོང་གི་རྒྱལ་ཁབ་འཚོ་བཅུད་དང་ལུས་ཁམས་བདེ་སྲུང་ཟས་རིགས་མ་བཅོས་རྒྱུ་ཆའི་རྟེན་གཞི།

ཀྲུང་གོའི་ཕྱེད་ཞིབ་འཁེལ་སྲིང་སྐུད་གྲགས་ཅན་གྲོང་ཁྱེར་རྒྱལ་ཁབ་ལྗང་མདོག་ནུས་རྒྱུ་དཔེ་སྟོན་གྲོང་ཁྱེར།

རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ་གྱི་རྒྱལ་ཡོངས་ཀྱི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་ཐཱན་ཉུང་ཐོན་ལས་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས་སྟོབས་ཆེན་བརྒྱའི་གྲོང་ཁྱེར་གྱི་གྲས།

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་བརྒྱའི་གྲས།

ཁག་གཉིས་པའི་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།