ལེན་ཧྲན་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-26 14:51ལ་འགྲུབ།

ལེན་ཧྲན་ཆུས།

ལེན་ཧྲན་ཆུས།
ལེན་ཧྲན་ཆུས་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་ལ། ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པའི་གྲོང་ཁྱེར་གྱི་ཐད་གཏོགས་ཆུས་ཤིག་ཡིན། སྤྱི་ལོ1989ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔོན་གྱི་ཅིན་ཞི་གྲོང་ཁྱེར(རྫོང་རིམ་པ)གྱི་རྨང་གཞིའི་ཐོག་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་འཛིན་ཆུས་ཤིག་ཡིན། དེའི་ཁོངས་སུ་གྲོང་གསེབ་ཀྱི་ཤང་གྲོང16དང་། གྲོང་ཁྱེར་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ9ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ2ལིའོ་ཉིང་ཞིང་ཆེན་དབུལ་སྐྱོར་ཚོད་ལྟ་ཁུལ་དང་། དབྱང་ཅཱ་ཙེ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཚུད་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1651.4ཟིན་ཡོད་པ་དང་སྤྱིའི་མི་འབོར་ཁྲི68.22ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི30(སྤྱི་ལོ2011ལོར)ཡོད། ཤར་གྱི་གཞུང་ཐིག120-51དང་། བྱང་གི་འཕྲེད་ཐིག40-45ཡི་བར་དུ་གནས་ཡོད། ཤར་དང་ཤར་བྱང་ནི་ཅིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་དང་ཅིན་ཀྲོའུ་གྲོང་ཁྱེར་ཐའེ་ཧུ་ཆུས་དང་ས་མཚམས་འབྲེལ་ཡོད། བྱང་ནི་ལྷོ་ཕྱོགས་ཀྱི་ནན་ཕིའོ་ཆུས་དང་འབྲེལ་ཡོད། ལྷོ་ཕྱོགས་ནི་ཞིན་གྲོང་ཁྱེར་དང་ཐག་ཉེ་ལ། ནུབ་དང་ནུབ་བྱང་གི་ཕྱོགས་ནི་ཅན་ཁྲང་རྫོང་དང་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁྲའོ་དབྱང་རྫོང་ལ་བརྟེན་ནས་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连山区
ཕྱི་ཡིག་གི་མིང་།
lianshan area
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1651.4ཡོད།
​ཡུལ་སྐད།
བྱང་ཤར་སྐད།
​མི་འབོར།
ཁྲི68.22ཡོད། (སྤྱི་ལོ2011ལོར)
ཁོངས་གཏོགས་ས་ཁུལ།
ཧུའུ་ལུའུ་ཏའོ་གྲོང་ཁྱེར།
​གནམ་གཤིས། 
དྲོད་རྒྱུད་ཁུལ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
​སྲིད་གཞུང་གནས་ཡུལ།
ཧུའུ་ལའུ་ཏའོ་གྲོང་ཁྱེར་ལེན་ཧྲན་ཆུས་ཏུང་ཁྲེང་དབུས་ལམ་གྱི་ཨང་རྟགས9པར་གནས།
​མེ་འཁོར་འབབ་ཚུགས། 
ཧུའུ་ལུའུ་ཏའོ་འབབ་ཚུགས། ཧུའུ་ལུའུ་ཏའོ་བྱང་ཚུགས། ལིའོ་ཧྲུའུ་ཐུན་འབབ་ཚུགས།
​རླངས་འཁོར་ཚབ་ཨང་།
ལིའོ(辽)P
​ས་ཁོངས་ཁ་པར་ཨང་རྟགས།
0429
​སྲིད་འཛིན་ཚབ་ཨང་། 
211402
སྦྲག་སྲིད་ཨང་རྟགས།
125000
1 ​ངོ་སྤྲོད་མདོར་བསྡུས།

ལེན་ཧྲན་ཆུས་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་ལ། ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པའི་གྲོང་ཁྱེར་གྱི་ཐད་གཏོགས་ཆུས་ཤིག་ཡིན། སྤྱི་ལོ1989ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔོན་གྱི་ཅིན་ཞི་གྲོང་ཁྱེར(རྫོང་རིམ་པ)གྱི་རྨང་གཞིའི་ཐོག་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་འཛིན་ཆུས་ཤིག་ཡིན། དེའི་ཁོངས་སུ་གྲོང་གསེབ་ཀྱི་ཤང་གྲོང16དང་། གྲོང་ཁྱེར་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ9ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ2ལིའོ་ཉིང་ཞིང་ཆེན་དབུལ་སྐྱོར་ཚོད་ལྟ་ཁུལ་དང་། དབྱང་ཅཱ་ཙེ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཚུད་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1651.4ཟིན་ཡོད་པ་དང་སྤྱིའི་མི་འབོར་ཁྲི68.22ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི30(སྤྱི་ལོ2011ལོར)ཡོད། ཤར་གྱི་གཞུང་ཐིག120-51དང་། བྱང་གི་འཕྲེད་ཐིག40-45ཡི་བར་དུ་གནས་ཡོད། ཤར་དང་ཤར་བྱང་ནི་ཅིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་དང་ཅིན་ཀྲོའུ་གྲོང་ཁྱེར་ཐའེ་ཧུ་ཆུས་དང་ས་མཚམས་འབྲེལ་ཡོད། བྱང་ནི་ལྷོ་ཕྱོགས་ཀྱི་ནན་ཕིའོ་ཆུས་དང་འབྲེལ་ཡོད། ལྷོ་ཕྱོགས་ནི་ཞིན་གྲོང་ཁྱེར་དང་ཐག་ཉེ་ལ། ནུབ་དང་ནུབ་བྱང་གི་ཕྱོགས་ནི་ཅན་ཁྲང་རྫོང་དང་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁྲའོ་དབྱང་རྫོང་ལ་བརྟེན་ནས་གནས་ཡོད།          

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1945ལོའི་ཟླ9པར། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། གུང་ཁྲན་ཏང་གིས་ལིའོ་ཞི་རྩིས་ལེན་བདག་སྤྲོད་བྱས་ཏེ། ཀྲུང་གུང་ལིའོ་ཞི་ས་ཁུལ་ཏང་ཨུ་དང་ལིའོ་ཞི་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། ཅིན་ཞི་རྫོང་ནི་དེའི་མངའ་ཁོངས་སུ་གཏོགས། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་ཅིན་ཞི་ལྷོ་རྒྱུད་ཀྱི་ལྕགས་ལམ་རྒྱུད་ཀྱི་ས་ཁུལ་དེ་གོ་མིན་ཏང་དམག་དཔུང་གིས་བཙན་བཟུང་བྱས་ཤིང་། དེ་ནས་ཅིན་ཞི་རྫོང་གི་ལྷོ་རྒྱུད་ས་ཁུལ་དུ་གོ་མིན་ཏང་སྲིད་གཞུང་གིས་དབང་སྒྱུར་བྱས། སྐབས་དེར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཅིན་ཞི་རྫོང་སྲིད་གཞུང་དེ་ཅིན་ཞི་ནུབ་བྱང་རྒྱུད་ཀྱི་རི་ཁུལ་དུ་སྤོས་པ་དང་། ཀྲུང་གུང་ཅིན་ཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་གུང་རེ་ཏུང་ས་ཁུལ་ཏང་ཨུའི་མངའ་འོག་ཏུ་བཅུག སྤྱི་ལོ1948ལོའི་ཟླ11པར། ཅིན་ཞི་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་ཞིང་། ཀྲུང་གུང་ཅིན་ཞི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལས་ཁུངས་ཅིན་ཞི་རྫོང་མཁར་དུ་གནས་སྤོར་བྱས།

སྤྱི་ལོ1949ལོའི་ཟླ1པོར་ལིའོ་ཞི་ཞིང་ཆེན་བཙུགས། སྤྱི་ལོ1954ལོའི་བར། ཅིན་ཞི་རྫོང་དེ་ལིའོ་ཞི་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1954ལོར་ལིའོ་ཞི་དང་ལིའོ་ཏུང་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་ནས་ལིའོ་ཉིང་ཞིང་ཆེན་དུ་གྱུར་པ་དང་། ཅིན་ཞི་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན། སྤྱི་ལོ1956ལོར་ཅིན་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ཤིང་ཅིན་ཞི་རྫོང་ཅིན་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་བཅུག སྤྱི་ལོ1959ལོར་ཅིན་ཀྲོའུ་ཀྲོའི་ཀྲོན་ཡོན་ཀུང་ཧྲུའུ་ཕྱིར་འཐེན་བྱས་ནས་ཅིན་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་ཅིན་ཞི་རྫོང་དེ་ཅིན་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་བསྒྲིལ།

སྤྱི་ལོ1966ལོར་ཅིན་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་སླར་གསོ་བྱས་པ་དང་། ཅིན་ཞི་རྫོང་ཅིན་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1968ལོར་ཅིན་ཀྲོའུ་གྲོང་ཁྱེར་སླར་གསོ་བྱས་པ་དང་། ཅིན་ཞི་རྫོང་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན།

སྤྱི་ལོ1985ལོའི་ཟླ4བར། ཅིན་ཞི་རྫོང་ཅིན་ཞི་གྲོང་ཁྱེར(རྫོང་རིམ་པ)དུ་བསྒྱུར་བ་དང་། ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། སྤྱི་ལོ1989ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་ན། དེ་སྔའི་རྫོང་རིམ་པའི་ཅིན་ཞི་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་འཕར་བྱུང་ཞིང་། དེ་སྔའི་རྫོང་རིམ་པའི་གྲོང་ཁྱེར་ཅིན་ཞི་གྲོང་ཁྱེར་གྱི་རྨང་གཞིའི་སྟེང་ལེན་ཧྲན་ཆུས་བཙུགས་པ་དང་། ཅིན་ཞི་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1992ལོར་ལིའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལེན་ཧྲན་ཆུས་སུ་རྫོང་གི་སྒྲིག་སྲོལ་ལྟར་དོ་དམ་བྱེད་པར་ཆོག་མཆན་བཀོད། སྤྱི་ལོ1994ལོའི་ཟླ9པར། ཅིན་ཞི་གྲོང་ཁྱེར་ལ་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཞེས་མིང་བསྒྱུར་པ་དང་། ལེན་ཧྲན་ནི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཡིན།

3 གནམ་གཤིས།

ལེན་ཧྲན་ཆུས་ནི་དྲོད་རྒྱུད་ཁུལ་དུ་གནས་པ་དང་། སྐམ་སའི་རང་བཞིན་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་ཀྱི་ཁྱད་ཆོས་ནི་དུས་བཞི་གསལ། དཔྱིད་ཀར། ཐན་པ་ཉུང་ཞིང་ཆར་ཆུ་མང་བ་དང་རླངས་པར་འགྱུར་ཚད་མང་། དབྱར་དུས། དྲོད་ཚད་མཐོ་བ་དང་། ཚ་བ་ཆེ་བ། ཆར་བ་མང་ཞིང་གཅིག་སྡུད་ཡིན། སྟོན་ཁར། ཉི་འོད་ཕོག་པ་དང་། ཆར་པ་འབབ་ཚད་ཉུང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དགུན་ཁར། ཁ་བ་ཉུང་ཞིང་དྲོད་ཚད་ཅུང་དམའ། ལོ་རེའི་ཆ་སྙོམས་དྲོད་ཚད9.98℃ཡིན། དྲོད་ཚད་དམའ་ཤོས་ནི་ཟླ1པོ་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི7.4℃ཡིན། དྲོད་ཚད་མཐོ་ཤོས་ནི་ཟླ6པ་ནས8པའི་བར་ཡིན་ཞིང་། ཟླ8པའི་ནང་དྲོད་ཚད་མཐོ་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད24.3℃ལ་སླེབས་ཡོད། ཆུས་ཁོངས་སུ་རླུང་ཆེ་ལ་མང་། ལོ་གཅིག་དུས་བཞི་ཚང་མར་རླུང་ཆེན་གནམ་གཤིས་བསྟན་ནས་ལོ་རེའི་ཆ་སྙོམས་རླུང་མྱུར་ཚད་སྐར་ཆ་རེར2.9ནས3.9བར་ཟིན་པ་དང་ས་ངོས་ཀྱི་རླུང་ཤུགས་མྱུར་ཚད་ཆེ་ཤོས་སྐར་ཆ་རེར་སྨི35ཟིན་གྱི་ཡོད། རླུང་འགྲོས་དང་རླུང་ཕྱོགས་ལ་མངོན་གསལ་གྱི་དུས་རླུང་གི་ཁྱད་ཆོས་ལྡན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི637.6ཟིན་ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

ལེན་ཧྲན་ཆུས་སུ་ལིའོ་ཅིན་གྱི་སྔོན་དུ་མི་གྲངས་ཉུང་བ་དང་། མིང་རྒྱལ་རབས་ཀྱིས་ལན་ཧྲན་ས་ཚིགས་བཙུགས་རྗེས། ཧྲན་ཧའེ་ཀོན་ནང་ལོགས་ཀྱི་མི་གྲངས་རིམ་བཞིན་ལེན་ཧྲན་ཆུས་སུ་གནས་སྤོར་བ་དང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ལེན་ཧྲན(ཅིན་ཞི)བཅོས་སྐྱོང་བྱས་པ་དང་། མི་འབོར་འབོར་ཆེན་འཕར་ནས་མི་འབོར་ཁྲི14ཟིན་ཡོད། སྤྱི་ལོ1930ལོར་སླེབས་དུས། ཆུས་ཁོངས་ཡོངས་ཀྱི་མི་གྲངས་ཁྲི19ཟིན་ཡོད། སྤྱི་ལོ1942ལོར་མངའ་ཁོངས་ཡོངས་ཀྱི་མི་གྲངས་ཁྲི28ལ་འཕར་སྣོན་བྱུང་། རྒྱལ་ཁབ་བཙུགས་རྗེས1949ལོར་བསྟུད་མར་མི་འབོར་ཁྲི30ཟིན་ཡོད། རྒྱལ་ཁབ་བཙུགས་པའི་རྗེས་ཀྱི་ལོ་ངོ30ལྷག་གི་རིང་ལ། ལེན་ཧྲན་བཟོ་ཚོང་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། གྲོང་ཁྱེར་གྱི་མི་འབོར་འབོར་ཆེན་འཕར་ཞིང་། མུ་སྦྲེལ་མངའ་ཁོངས་རྒྱ་བསྐྱེད་པས། སྤྱི་ལོ1982ལོར་ལན་ཧྲན་མངའ་ཁོངས་ཡོངས་ཀྱི་མི་འབོར་ཁྲི75ལ་སླེབས་ཡོད་པ་དང་། སྤྱི་ལོ1985ལོར་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས་པ་དང་། མངའ་ཁོངས་ཡོངས་ཀྱི་མི་འབོར་ཁྲི63.4ལ་སླེབས་ཡོད། ལེན་ཧྲན་ཆུས་བཙུགས་རྗེས་སྲིད་འཛིན་ས་ཁོངས་ཐེངས་མང་ལེགས་སྒྲིག་བྱས་པ་བརྒྱུད་སྤྱི་ལོ2012ལོར་ལན་ཧྲན་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི45ཟིན་ཡོད།

4_2 མི་རིགས།

ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན། ལེན་ཧྲན་མངའ་ཁོངས་སུ་གཙོ་བོ་རྒྱ་རིགས་ཡིན་པ་དང་། དེ་མིན་ཏུང་ཧུའུ་དང་། ཝུའུ་ཧོན། ཞན་པེ། ཆི་ཏན། ཉུ་ཀྲེན། སོག་རིགས། མན་ཇུ་རིགས། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཀྱང་ཡོད། མངའ་ཁོངས་ནང་གི་གྲངས་ཉུང་མི་རིགས་དང་། རྒྱལ་རབས་རིམ་བྱུང་ཁྲོད་རྒྱ་རིགས་དང་འདྲེས་ནས་ཡུན་རིང་དུ་ཕན་ཚུན་འདྲེས་ཡོད། ལོ་རྒྱུས་ཀྱི་རིམ་འགྱུར་དང་འཕེལ་རྒྱས་དང་བསྟུན་ནས། ལེན་ཧྲན་མངའ་ཁོངས་ཀྱི་གྲངས་ཉུང་མི་རིགས་རིམ་བཞིན་ཁ་ཐོར་བྱུང་བ་དང་། ལ་ལ་ནི་རྩ་མེད་དུ་བཏང་ཟིན་པ་སྟེ། དཔེར་ན་ཝུའུ་ཧོན་རིགས་རྩ་མེད་དུ་གྱུར་ཡོད། བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་བཙུགས་རྗེས། མངའ་ཁོངས་ནང་ཁུལ་གྱི་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་། མི་འབོར་འགྲོ་སྐྱོད་མང་བས། མངའ་ཁོངས་སུ་བོད་རིགས་དང་། མིའོ་རིགས། དབྱིས་རིགས། ཀྲོང་རིགས། ཞི་པོ་རིགས། པུའུ་དབྱི་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་འཕར་སྣོན་བྱུང་ཞིང་། གྲངས་ཉུང་མི་རིགས16ལྷག་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2009ལོར་ཆུས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་ཐན་སྐྱོན་བྱུང་ཡང་། གྲོང་གསེབ་ཀྱི་དཔལ་འབྱོར་སྔར་བཞིན་བརྟན་པོའི་ངང་འཕར་ཡོད། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་གཏོང་ཤུགས་རྒྱུན་མ་ཆད་པར་ཆེ་རུ་བཏང་བས་ཞིང་ལས་ཀྱི་ཕན་འབྲས་འཕར་བ་དང་། ཞིང་པའི་ཡོང་འབབ་ཡང་འཕེལ་རྒྱས་བྱུང་ཡོད། གྲོང་གསེབ་བརྟན་ལྷིང་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.4ཟིན་པ་དེ་དུས་མཚུངས་ལས8.3%འཕར་ཡོད། འབྲུ་རིགས་ཐོན་ཚད་སྤྱི་རྒྱ་དུང་ཕྱུར1.36དང་། ཤ་སྒོང་འོ་མའི་ཐོན་ཚད་སྤྱི་རྒྱ་དུང་ཕྱུར1.8སིལ་ཏོག་ཐོན་ཚད་སྤྱི་རྒྱ་དུང་ཕྱུར1.06བཅས་མངོན་འགྱུར་བྱུང་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6296ཟིན་པ་དེ་དུས་མཚུངས་ལས10.7%འཕར་ཡོད།

5_2 ཐོན་ལས་གཉིས་པ།

ཆུས་ཐོག་མར་འཛུགས་དུས་སུ་གཞུང་ལ་དབང་བའི་བཟོ་ལས་ཁེ་ལས34ཡོད་པའི་ནང་དམངས་ཡོངས་ཀྱི་ཁེ་ལས10དང་མཉམ་སྡེབ་ཁེ་ལས24ཡོད། ལོ་ངོ་ཉི་ཤུའི་རིང(སྤྱི་ལོ1989ལོ་ནས་སྤྱི་ལོ2008ལོའི་བར)ཐོན་ཁུངས་ས་འོག་གསར་སྤེལ་ནས་ས་ཐོག་ཏུ་བེད་སྤྱོད་པར་བསྒྱུར་བ་དང་། ཐོན་རྫས་ཐོག་མའི་ལས་སྣོན་བྱེད་པ་ནས་ལས་སྣོན་ཞིབ་ཚགས་བྱེད་པར་བསྒྱུར་བའི་འཐབ་ཇུས་བཀོད་སྒྲིག་འོག་ལེན་ཧྲན་ཆུས་ནས་སྔོན་ཆད་གཏེར་རི་སྔོག་འདོན་དང་སྲོལ་རྒྱུན་ཨར་ལས་རྒྱུ་ཆས་སོགས་ཐོན་རྫས་རིགས30ལྷག་ཙམ་གཏེར་རི་སྔོག་འདོན་བཙོ་སྦྱང་དང་། འཕྲུལ་ཆས་བཟོ་སྐྲུན་ལས་སྣོན། ཨར་ལས་རྒྱུ་ཆས་གསར་པ། རྡོ་སྣུམ་རྫས་འགྱུར་བཟོ་ལས། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས། ཁྱད་ཆོས་ལྡན་པའི་ཚོང་ལས་སོགས་ཀ་རྟེན་ཐོན་ལས་ཆེན་པོ་དྲུག་ལ་བསྒྱུར་བས་ཁྱོན་བསྡོམས་གཙོ་ཁྲིད་ཐོན་རྫས་རིགས120ལྷག་ཙམ་ཡོད་པ་དང་། རྐང་འཛིན་ཁེ་ལས་ཚོགས་པ་རིམ་བཞིན་ཆགས་ཡོད། སྤྱི་ལོ2008ལོར་ཆུས་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར65.4ཟིན་པ་དེ་སྤྱི་ལོ1989ལོ་ལས་ལྡབ9འཕར་བ་དང་ལོ་རེར་ཆ་སྙོམས11.2%འཕར་ཡོད། གཞི་ཁྱོན་ཡན་གྱི་ཁེ་ལས100འཕེལ་རྒྱས་བྱུང་བ་དང་། སྤྱི་ལོ2008ལོར་འཕར་ཐང་སྒོར་དུང་ཕྱུར26ཟིན་པ་དེ་སྤྱི་ལོ1989ལོ་ལས་ལྡབ13འཕར་བ་དང་ལོ་རེར་ཆ་སྙོམས15%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2008ལོར་ཆུས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར54.4བྱུང་བ་དེ་སྤྱི་ལོ1989ལོ་དང་བསྡུར་ན་སྒོར་དུང་ཕྱུར3.5དང་ལྡབ14.5འཕར་ཡོད་པ་དང་ལོ་རེར་ཆ་སྙོམས15.5%འཕར་ཡོད། སྤྱི་ལོ2008ལོར་གོ་ལ་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ངན་པའི་དུས་བབ་འོག་འཛད་སྤྱོད་ཀྱིས་ཆུས་ཡོངས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ནས་དཔལ་འབྱོར་བརྒྱ་ཆའི་གྲངས9.4འཕར་རྒྱུར་སྐུལ་ཁྲིད་ཐེབས་ཡོད།


དཔྱད་གཞིའི་ཡིག་ཆ།