ཏེ་ཁྲེང་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 17:44ལ་འགྲུབ།

ཏེ་ཁྲེང་ཆུས།

ཏེ་ཁྲེང་ཆུས།
ཏེ་ཁྲེང་ཆུས་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་ལ། ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། དེ་ནི་ཏེ་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན། བྱང་དུ་པེ་ཅིང་དང་ཐེན་ཅིང་གཉིས་ཀར་འབྲེལ་ཞིང་། ལྷོ་རུ་ཅི་ནན་དང་འབྲེལ་ཡོད་ལ། ཐེན་ཅིན་པིན་ཧའེ་ཤིན་ཆུས་དང་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དུ་གནས་ཡོད། སྤྱི་ལོ2016ལོའི་བར་དུ་ཏེ་ཁྲེང་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་ལམ7དང་། གྲོང་རྡལ5 གྲོང་ཁྱེར་གྱི་སྤྱི་ཁུལ48 གྲོང་གསེབ་ཀྱི་སྤྱི་ཁུལ54བཅས་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ231ཡོད་ཅིང་། རྒྱུན་སྡོད་མི་འབོར་ཁྲི44.53ཡོད། ཀྲུང་གོའི་མེ་ཤུགས་གློག་འདོན་བཟོ་གྲྭ་ཆེ་གྲས་གཉིས་པ་ཏེ་ཁྲེང་ཆུས་སུ་ཡོད་དེ། དེ་ནི་ཧྭ་ནེང་ཏེ་ཀྲོའུ་གློག་འདོན་བཟོ་གྲྭ་ཡིན་ལ། གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2ཟིན་པའི་བདེ་ཐང་ཆུ་མཛོད་ཆེ་གྲས3བསྐྲུན་ཡོད་ལ། ཉིན་རེར་དྲོད་རླངས་ཏུན3000མཁོ་འདོན་བྱེད་པའི་ཚ་གློག་བཟོ་གྲྭ6དང་དེ་བཞིན་ཉིན་རེར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི30མཁོ་འདོན་བྱེད་པའི་རང་བྱུང་སོལ་རླངས་ཀྱི་གཞུང་དྲ་སོགས་ཡོད། སྤྱི་ལོ2012ལོར་ཏེ་ཁྲེང་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར220.92ཟིན་པ་དེ་ལོ་སྔོན་མ་ལས12.5%འཕར་ཡོད་ལ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.17ཟིན་པ་དེ་ལོ་སྔོན་མ་ལས2.0%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར95.42ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར120.33ཟིན་པ་དེ་ལོ་སྔོན་མ་ལས16.0%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་དེ་སྤྱི་ལོ2011ལོའི2.5:45.7:51.8ནས2.3:43.2:54.5བར་ལེགས་སྒྲིག་བྱས་ཡོད། སྤྱི་ལོ2013ལོར་ཏེ་ཁྲེང་ཆུས་སུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར255.69ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས11.8%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.65ཟིན་པ་དེ་ལོ་སྔོན་མ་ལས2.2%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར105.67ཟིན་པ་དེ་ལོ་སྔོན་མ་ལས12.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར144.37ཟིན་པ་དེ་ལོ་སྔོན་མ་ལས13.2%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་དེ་སྤྱི་ལོ2012ལོའི2.3:43.2:54.5ནས2.2:41.3:56.5བར་ལེགས་སྒྲིག་བྱས་ཡོད། སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཆེའི་ཆུས་བརྒྱའི་ནང་ཚུད་ཡོད་ལ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་གྱི་ཆུས་བརྒྱའི་ཁྲོད་དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德城区
ཕྱི་ཡིག་གི་མིང་།
Decheng Area
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ7དང་གྲོང་རྡལ5ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
253011
གནས་ཡུལ།
ཏེ་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ231ཡོད།
མི་འབོར།
མི་ཁྲི44.53ཡོད། (སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུN (鲁N )
སྲིད་འཛིན་ཚབ་ཨང་།
371402
1 ​ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་སོ་བདུན་པར(སྤྱི་ལོ1948ལོ)ཏེ་ཀྲོའུ་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1994ལོར་ཏེ་ཀྲོའུ་ས་ཁུལ་དང་རྫོང་རིམ་པའི་ཏེ་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ཏེ་ཀྲོའུ་གྲོང་ཁྱེར་བཙུགས། ཏེ་ཀྲོའུ་གྲོང་ཁྱེར་དུ་ཏེ་ཁྲེང་ཆུས་བཙུགས་ནས་དེ་སྔའི་རྫོང་རིམ་པའི་ཏེ་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཏེ་ཁྲེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་བྱས་ཤིང་། དེ་སྔའི་རྫོང་རིམ་པའི་ཏེ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་དུ་བཅའ་སྡོད་བྱས་ཡོད།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1992ལོའི་ཟླ10པའི་ཚེས4ཉིན། ལིན་རྫོང་གི་ཀྲའོ་ཀྲའེ་ཡུལ་ཚོ་དང་། ཀྲའོ་ཧུའུ་ཡུལ་ཚོ། ཡོན་ཆའོ་ཡུལ་ཚོ། ཐའེ་ཐོའུ་སི་ཡུལ་ཚོ་དང་ཕིང་ཡོན་རྫོང་གི་ཝང་ཚུན་ཏན་ཡུལ་ཚོ་སོགས་ཏེ་ཀྲོའུ་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་བཅུག སྤྱི་ལོ1993ལོའི་ཟླ10པའི་ཚེས29ཉིན། ཏེ་ཀྲོའུ་གྲོང་ཁྱེར་གྱི་ཨར་ཧྲི་ལི་ཕུའུ་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་སྲིད་འཛིན་ས་ཁོངས་ཧུང་ཧུ་ཡ་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། སྤྱི་ལོ1994ལོའི་ཟླ9པའི་ཚེས7ཉིན། ཏེ་ཀྲོའུ་གྲོང་ཁྱེར་གྱི་ཧུང་ཧུ་ཡ་ཡུལ་ཚོ་དང་ཨེར་ཐུན་ཡུལ་ཚོ་མེད་པར་བཟོས་ཏེ། ཧུང་ཧུ་ཡ་གྲོང་རྡལ་དང་ཨེར་ཐུན་གྲོང་རྡལ་བཙུགས། སྤྱི་ལོ1995ལོའི་ཟླ6པའི་ཚེས20ཉིན། ཏེ་ཁྲེང་ཆུས་ཀྱི་སུང་ཀོན་ཐུན་ཡུལ་ཚོ་མེད་པར་བཟོས་ཏེ། སུང་ཀོན་ཐུན་གྲོང་རྡལ་བཙུགས། སྤྱི་ལོ1998ལོའི་ཟླ་12པའི་ཚེས7ཉིན། ཏེ་ཀྲོའུ་གྲོང་ཁྱེར་ཏེ་ཁྲེང་ཆུས་ཡུས་ཀོན་ཐུན་ཡུལ་ཚོ་ཡི་ཏུང་ཆི་ལི་ཕུའུ་དང་། ལིན་ཀྲོང་གི་རང་བྱུང་གྲོང་ཚོ2 ཁྲང་ཀྲོང་ཡུལ་ཚོ་ཡི་དབྱང་ཀྲོང་དང་། ཞའོ་ཆི་ཀྲོང་། ཞིན་ཡོན། སུན་ཅ་ཆུ་ཁོའུ། ཀྲའོ་ཞིན་ཀྲོང་བཅས་རང་བྱུང་གྲོང་ཚོ5སུང་ཀོན་ཐུན་གྲོང་རྡལ་གྱི་མངའ་འོག་ཏུ་བཅུག སྤྱི་ལོ1999ལོར་ཏེ་ཁྲེང་ཆུས་ཁོངས་གཏོགས་ཀྱི་ཁྲོམ་ལམ5དང་། གྲོང་རྡལ3 ཡུལ་ཚོ8བཅས་ཡོད་པ་སྟེ། མ་གྲོང་ཁྱེར་ཁྲོམ་ལམ་དང་། ཅན་ཧྲིའུ་ཁྲོམ་ལམ། ཧྥེང་ཧྭ་ཁྲོམ་ལམ། ཡན་ཏན་ཁྲོམ་ལམ། ཏུང་ཏི་ཁྲོམ་ལམ། ཨར་ཐུན་གྲོང་རྡལ། ཧུང་ཧུ་ཡ་གྲོང་རྡལ། སུང་ཀོན་ཐུན་གྲོང་རྡལ། ཡུས་ཀོན་ཐུན་ཡུལ་ཚོ། ཁྲེན་ཀྲོང་ཡུལ་ཚོ། ཁྲང་ཀྲོང་ཡུལ་ཚོ། ཐའེ་ཐོའུ་སི་ཡུལ་ཚོ། ཡོན་ཆའོ་ཡུལ་ཚོ། ཀྲའོ་ཀྲའེ་ཡུལ་ཚོ། ཀྲའོ་ཧུའུ་ཡུལ་ཚོ། ཀྲའོ་ཧུའུ་ཡུལ་ཚོ། ཝང་ཚུན་ཏན་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2000ལོའི་ཟླ6པའི་ཚེས15ཉིན། ཏེ་ཁྲེང་ཆུས་ཀྱི་ཁྲེན་ཀྲོང་ཡུལ་ཚོ་དང་ཡན་ཏེན་ཁོའུ་ཁྲོམ་ལམ་མེད་པར་བཟོས་ཏེ། དེ་སྔའི་ཁྲེན་ཀྲོང་ཡུལ་ཚོ་ཡི་སྲིད་འཛིན་ས་ཁོངས་སུ་ཡོན་ཧོ་ཁྲོམ་ལམ་བཙུགས་ཤིང་། དེ་སྔའི་ཚྭ་ཁང་ཁོའུ་ཁྲོམ་ལམ་གྱི་བདག་སྐྱོང་བྱེད་ཁོངས་དེ་ཡོན་ཧོ་ཁྲོམ་ལམ་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས། ཁྲོམ་ལམ་ལས་ཁུངས་དེ་སྔའི་ཁྲེན་ཀྲོང་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་སྡོད་གནས་སུ་བཅའ་སྡོད་བྱས་ཡོད། ཀོན་ཐུན་ཡུལ་ཚོ་དང་མཱ་ཧྲི་ཁྲོམ་ལམ་མེད་པར་བཟོས་ནས་དེ་སྔའི་ཀོན་ཐུན་ཡུལ་ཚོ་ཡི་སྲིད་འཛིན་ས་ཁོངས་སུ་ཤིན་ཧྭ་ཁྲོམ་ལམ་བཙུགས་ནས་དེ་སྔའི་མ་ཧྲི་ཁྲོམ་ལམ་གྱི་དོ་དམ་ཁྱབ་ཁོངས་དེ་ཤིན་ཧྭ་ཁྲོམ་ལམ་གྱི་དོ་དམ་བྱེད་ཁོངས་སུ་བགོས་ཤིང་ཁྲོམ་ལམ་ལས་ཁུངས་ཀོན་ཐུན་ཡུལ་ཚོའི་མི་དམངས་སྲིད་གཞུང་གནས་ཡུལ་དུ་བཅའ་སྡོད་བྱས་ཡོད། ཅན་ཧྲིའུ་དང་ཧྥེང་ཧྭ་ཁྲོམ་ལམ་གཉིས་མེད་པ་བཟོས་ཏེ། ཞིན་ཧོ་ཁྲོམ་ལམ་བཙུགས། ཁྲང་ཀྲོང་ཡུལ་ཚོ་མེད་པ་བཟོས་ནས་དེ་སྔའི་ཁྲང་ཀྲོང་ཡུལ་ཚོ་ཡི་སྲིད་འཛིན་ས་ཁོངས་སུ་ཐེན་ཧྥང་ཁྲོམ་ལམ་བཙུགས་པ་དང་། ཁྲོམ་ལམ་ལས་ཁུངས་ཁྲང་ཀྲོང་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་སྡོད་ཡུལ་དུ་བཅའ་སྡོད་བྱས། ཀྲའོ་ཧུའུ་ཡུལ་ཚོ་དང་ཀྲའོ་ཀྲའེ་ཡུལ་ཚོ་གཉིས་ཟླ་སྒྲིལ་བཏང་ནས་ཀྲའོ་ཧུའུ་གྲོང་རྡལ་བཙུགས་པ་དང་། ཀྲའོ་ཧུའུ་གྲོང་རྡལ་མི་དམངས་སྲིད་གཞུང་དེ་སྔའི་ཀྲའོ་ཧུའུ་ཡུལ་ཚོའི་མི་དམངས་སྲིད་གཞུང་གནས་ཡུལ་དུ་བཅའ་སྡོད་བྱས། ཝང་ཚུན་ཏེན་ཡུལ་ཚོ་ཕྱིར་འཐེན་བྱས་ནས་དེའི་སྲིད་འཛིན་ས་ཁོངས་ཧུང་ཧུ་ཡ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། སྤྱི་ལོ2002ལོའི་ཟླ12པའི་ཚེས31ཉིན་བར་དུ་ཏེ་ཁྲེང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ4དང་གྲོང་རྡལ2ཡོད།

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2016ལོའི་བར་དུ་ཏེ་ཁྲེང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ7དང་། གྲོང་རྡལ5 གྲོང་ཁྱེར་གྱི་སྤྱི་ཁུལ48 གྲོང་གསེབ་ཀྱི་སྤྱི་ཁུལ54བཅས་ཡོད་དེ་། དེ་དག་ནི་ཤིན་ཧུའུ་ཁྲོམ་ལམ་དང་། ཤིན་ཧྭ་ཁྲོམ་ལམ། ཐེན་ཆི་ཁྲོམ་ལམ། ཡོན་ཧོ་ཁྲོམ་ལམ། ཀོང་ཁྲོན་ཁྲོམ་ལམ། ཁྲང་ཧོ་ཁྲོམ་ལམ། སུང་ཀོན་ཏུན་ཁྲོམ་ལམ། ཨར་ཐུན་གྲོང་རྡལ། ཧུང་ཧུ་ཡ་གྲོང་རྡལ། ཀྲའོ་ཧུའུ་གྲོང་རྡལ། ཐའེ་ཐོའུ་སི་གྲོང་རྡལ། ཡོན་ཆའོ་གྲོང་རྡལ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཏེ་ཁྲེང་ཆུས་ནི་བྱང་གི་འཕྲེད་ཐིག337°27′དང་། ཤར་གྱི་གཞུང་ཐིག116°18′56″བར་དུ་གནས་ཡོད། ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད་དུ་གནས་པ་དང་། ཏེ་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་གནས་ཡོད། བྱང་ངོས་པེ་ཅིང་དང་ཐེན་ཅིན་གཉིས་དང་འབྲེལ་ཡོད་ལ། ལྷོ་ངོས་ཅི་ནན་དང་འབྲེལ་ཡོད། ཐེན་ཅིན་པིན་ཧའེ་ཞིན་ཆུས་དང་། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་ཅི་ནན་གྲོང་ཁྱེར་གྱི་དཔལ་འབྱོར་ཁུལ་དུ་ཆགས་ཡོད།

3_2 ནམ་ཟླ།

ཏེ་ཁྲེང་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད13.1℃ཡིན་ལ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2660ཡིན་ཞིང་། ཉི་འོད་ཕོག་ཚད61%ཟིན་ཡོད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི556.2ཟིན་ལ། སད་མེད་དུས་ཉིན204ཟིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་དང་ཞོད་སྐྱོན། ས་ཡོམ་སོགས་རང་བྱུང་གི་གནོད་འཚེ་ཆེན་པོ་བྱུང་མྱོང་མེད།

4 མི་གྲངས་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཏེ་ཁྲེང་ཆུས་ཀྱི་ཁྱིམ་ཐོའི་དུད་ཚང་ཁྲི12.49དང་ཁྱིམ་ཐོའི་མི་འབོར་ཁྲི37.81ཟིན་པའི་ནང་དུ་ཞིང་ལས་མི་འབོར་ཁྲི6.44དང་། ཞིང་ལས་མིན་པའི་མི་འབོར་ཁྲི31.37ཡོད། མི་གྲངས་བསྡོམས་འབོར་ཁྲོད་བུད་མེད་ཁྲི18.79ཟིན་ཡོད། སྤྱི་ལོ2011ལོ་ཧྲིལ་པོར་གསར་སྐྱེས་མི་འབོར3659ཡོད་པ་དང་། མི་འབོར་སྐྱེས་ཚད9.62‰ཡིན། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད112.4ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1433དང་མི་འབོར་ཤི་ཚད3.77‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད5.85‰ཡིན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཏེ་ཁྲེང་ཆུས་ཀྱི་ཁྱིམ་ཐོའི་དུད་ཚང་ཁྲི12.55ཟིན་ལ། ཁྱིམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི38.27ཟིན་པའི་ནང་དུ་ཞིང་ལས་ཀྱི་མི་ཁྲི6.55དང་ཞིང་ལས་མིན་པའི་མི་ཁྲི31.72ཡོད་ལ། སྐྱེས་པ་ཁྲི19.20དང་བུད་མེད་ཁྲི19.07ཡོད། ལོ18མན་གྱི་མི་ཁྲི7.32དང་། ལོ18ནས35བར་གྱི་མི་ཁྲི9.48 ལོ35ནས60བར་གྱི་མི་ཁྲི16.25 ལོ60ཡན་གྱི་མི་ཁྲི5.22ཡོད། ལོ་ཧྲིལ་པོར་མི3680སྐྱེས་པ་དང་མི་འབོར་སྐྱེས་ཚད9.68%ཟིན་ནས་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད106.7ཡིན། མི1743ཤི་བ་དང་མི་འབོར་ཤི་ཚད4.59‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད5.09‰ཟིན་ཡོད།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཏེ་ཁྲེང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི43.24ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི36.36དང་། གྲོང་གསེབ་ཀྱི་མི་འབོར་ཁྲི6.88ཡོད། སྤྱི་ལོ2013ལོ། མི3080སྐྱེས་པ་དང་། མི་འབོར་སྐྱེས་ཚད8.12‰ཡིན། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད104.9ཡིན། མི1215ཤི་བ་དང་མི་འབོར་ཤི་ཚད3.20‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད4.92‰ཡིན།  

4_2 མི་རིགས།

ཏེ་ཁྲེང་ཆུས་ནི་ཏེ་ཀྲོའུ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཅུང་མང་བའི་ཆུས་ཤིག་ཡིན། སྤྱི་ལོ2012ལོར་ཆུས་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྱོན10900ཡོད་པ་དེས་ཆུས་ཡོངས་ཀྱི་སྤྱིའི་མི་འབོར་གྱི2.8%ཟིན་ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཏེ་ཁྲེང་ཆུས་ཀྱི་ཁྱིམ་ཐོའི་དུད་ཚང་ཁྲི12.55དང་ཁྱིམ་ཐོའི་མི་འབོར་ཁྲི38.27ཟིན་ཡོད། གྲངས་ཉུང་མི་རིགས་ཁྲོད་དུ་ཧུའེ་རིགས་མི་གྲངས་ཆེས་མང་ཞིང་། ཏེ་ཁྲེང་ཆུས་ཤིན་ཧུའུ་ཁྲོམ་ལམ་དོན་གཅོད་ཁྲུའུ་ཡི་གྲངས་ཉུང་མི་རིགས་ཀྱི་མི་འབོར2000ལས་བརྒལ་ཡོད།

5 དཔལ་འབྱོར།

སྤྱི་ལོ2012ལོར་ཏེ་ཁྲེང་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར220.92ཟིན་པ་དེ་ལོ་སྔོན་མ་ལས12.5%འཕར་ཡོད་ལ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.17ཟིན་པ་དེ་ལོ་སྔོན་མ་ལས2.0%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར95.42ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར120.33ཟིན་པ་དེ་ལོ་སྔོན་མ་ལས16.0%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་དེ་སྤྱི་ལོ2011ལོའི2.5:45.7:51.8ནས2.3:43.2:54.5བར་ལེགས་སྒྲིག་བྱས་ཡོད། སྤྱི་ལོ2013ལོར་ཏེ་ཁྲེང་ཆུས་སུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར255.69ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས11.8%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.65ཟིན་པ་དེ་ལོ་སྔོན་མ་ལས2.2%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར105.67ཟིན་པ་དེ་ལོ་སྔོན་མ་ལས12.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར144.37ཟིན་པ་དེ་ལོ་སྔོན་མ་ལས13.2%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་དེ་སྤྱི་ལོ2012ལོའི2.3:43.2:54.5ནས2.2:41.3:56.5བར་ལེགས་སྒྲིག་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།