ཝུའུ་ཏི་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 09:19ལ་འགྲུབ།

ཝུའུ་ཏི་རྫོང་།

ཝུའུ་ཏི་རྫོང་།
ཝུའུ་ཏི་རྫོང་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཆེས་བྱང་ཕྱོགས་ཀྱི་མཚོ་རྒྱུད་དུ་གནས་པ་དང་། བྱང་ཤར་དུ་པོ་ཧའེ་མཚོ་ཁུག་དང་འབྲེལ་ཞིང་། ཤར་ལྷོ་རུ་ཀྲན་ཧྭ་ཆུས་དང་འབྲེལཡོད་ལ། ལྷོ་རུ་དབྱང་ཞིན་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཆིན་ཡུན་རྫོང་དང་འབྲེལ་ཞིང་། བྱང་དུ་ཀྲང་ཝེ་ཞིན་ཧོ་ཆུ་བོའི་ས་མཚམས་ཧོ་པེ་ཞིང་ཆེན་གྱི་ཧའེ་ཞིན་རྫོང་དང་ཧོང་ཅི་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ལ། བྱང་གི་འཕྲེད་ཐིག37°4′—38°16′དང་། ཤར་གྱི་གཞུང་ཐིག117°31′—118°04′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1961ཡིན། ཝུའུ་ཏི་རྫོང་ནི་ཅིན་ཅིན་ཐང་དང་ཧྲན་ཏུང་ཕྱེད་གླིང་གི་དཔལ་འབྱོར་ཁུལ་ཆེན་པོ་གཉིས་ཀྱི་འབྲེལ་མཚམས་ཡིན་ཞིང་། དེར“ཅི་ལུའུ་སྦྲེལ་ཐག”དང“ཆི་ཡན་བཙན་རྫོང”ཞེས་འབོད་སྲོལ་ཡང་ཡོད། རྨ་ཆུའི་ཟུར་གསུམ་གླིང་ཕྱོགས་བསྡུས་གསར་སྤེལ་གྱི་གཙོ་གནད་ས་ཁོངས་ཡིན་ལ། “མཚོ་ཐོག་ཧྲན་ཏུང”འཛུགས་སྐྲུན་གྱི་ས་ཁོངས་ཀྱང་ཡིན། སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གི་ཁོངས་གཏོགས་སུ་ཁྲོམ་ལམ2དང་གྲོང་རྡལ10ཡོད་ལ། ཁྱིམ་ཐོའི་མི་འབོར་ཁྲི45.61ཟིན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར290.0ཟིན་པའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར42.8ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར132.3ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར114.9ཟིན་ཡོད། ཐོན་ལས་གསུམ་པོའི་གྲུབ་ཚུལ14.8:45.6:39.6ཡིན། ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无棣
ཕྱི་ཡིག་གི་མིང་།
wudi
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
251900
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1961ཡོད།
མི་འབོར།
མི་ཁྲི45.61ཡོད།(སྤྱི་ལོ2018ལོའི་ཁྱིམ་ཐོའི་མི་འབོར)
རླངས་འཁོར་ཚབ་ཨང་།
ལུའུM (鲁M )
སྲིད་འཛིན་ཚབ་ཨང་།
371623
1 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མིན་གོའི་དུས་སུ་ཝུའུ་ཏི་རྫོང་ནི་ཅི་ནན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ2པར་ཧའེ་ཧྥེང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཏའེ་པེ་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། མིན་གོ་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ6པར་ཧའེ་ཧྥེང་གི་མིང་སླར་ཡང་ཝུའུ་ཏི་རྫོང་ཞེས་བཏགས་ཤིང་། ཅི་ནན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་བཞི་པའི(སྤྱི་ལོ1925ལོ)ཟླ10པར་ཝུའུ་ཏིང་ཏའོ་ཡི་མངའ་ཁོངས་སུ་བསྒྱུར། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་ཡི་ལམ་ལུགས་མེད་པར་བཟོས་ནས་ཧྲན་ཏུང་ཞིང་ཆེན་གྱི་ཐད་གཏོགས་རྫོང་བྱས། མིན་གོ་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ2པར། ཝུའུ་ཏི་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཅི་ལུའུ་ཡུས་ཞིང་ཆེན་གྱིས་ཚབ་ཉར་བྱས་པ། མིན་གོ་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ1939ལོ)ཟླ7པར། ཝུའུ་ཏི་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་སྐབས་གཉིས་པ་བཙུགས་ཤིང་ཧོ་པེ་ལྷོ་རྒྱུད་སྲིད་འཛིན་ཁུལ་གྱི་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)ཟླ9པར། ཝུའུ་ཏི་རྫོང་བཅིངས་འགྲོལ་བཏང་བ་དང་། ཝུའུ་ཏི་རྫོང་ནི་པོ་ཧའེ་ས་ཁུལ་གྱི་ཀྲོན་ཆུས་བཞི་པར་གཏོགས། ལོ་དེའི་ཟླ10པར། ཆན་ཧྲེའུ་ཝན་ཁྲོམ་ལམ་དུ་སྤོས། ཟླ11པར་ཞིན་དབྱང་མཁར་དུ་སྤོས། མིན་གོ་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོ)ལོ་སྟོད་དུ་ཆན་ཁྲེ་གྲོང་རྡལ་གྱི་ཞའོ་ཀའོ་གྲོང་ཚོར་སྤོས། སྤྱི་ལོ1949ལོའི་ཟླ7པར། ཀྲོན་ཆུས་བཞི་པ་ཁུན་ལི་ཀྲོན་ཆུས་སུ་བསྒྱུར།་ཞིང་། ཝུའུ་ཏི་དེའི་ཁོངས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྤྱི་ལོ1949ལོའི་ཟླ10པའི་ཚེས6ཉིན། རྫོང་སྲིད་གཞུང་ཝུའུ་ཏི་མཁར་དུ་སྤོས། སྤྱི་ལོ1950ལོའི་ཟླ5པར། པོ་ཧའེ་ས་ཁུལ་དང་དེའི་ཁོངས་གཏོགས་ས་ཁུལ་མེད་པར་བཟོས་ཏེ། ཧུའེ་མིན་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་བསྒྱུར། སྤྱི་ལོ1958ལོའི་ཟླ10པར་ཧུའེ་མིན་ཀྲོན་ཆུས་དང་ཙི་པོ་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཙི་པོ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1959ལོའི་ཟླ1པོར་དབྱང་ཞིན་རྫོང་ཝུའུ་ཏི་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1961ལོར་ཀྲོན་ཆུས་དང་རྫོང་གིས་དེ་སྔའི་སྒྲིག་གཞི་སླར་གསོ་བྱས་པ་དེ་ཧུའེ་མིན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1992ལོའི་ཟླ3པར་ཧུའེ་མིན་ས་ཁུལ་པིན་ཀྲོའུ་ས་ཁུལ་དུ་བསྒྱུར།

སྤྱི་ལོ2001ལོའི་ཟླ1པོར། པིན་ཀྲོའུ་ས་ཁུལ་པིན་ཀྲོའུ་གྲོང་ཁྱེར་དུ་བསྒྱུར།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ9པར་ཝུའུ་ཏི་རྫོང་བཅིངས་འགྲོལ་བཏང་ནས་ཆུས6བཙུགས་ཡོད་ལ། སྤྱི་ལོ1947ལོར་ཆུས11དུ་འཕར་ཡོད།

སྤྱི་ལོ1949ལོའི་ཟླ9པར་རྫོང་ཡོངས་ཀྱི་ཁོངས་སུ་ཁྲེང་ཀོན་དང་། ཞིན་དབྱང་། ཁྲེ་ཀྲེན་། ཏ་ཧྲན། པའོ་ཐོའུ། ཞའོ་ཧྲན། ལིའུ་པའོ། ཧྲུའེ་ཝན། ཧྲི་མིའོ་། ཕང་ཅ་ཅི། ཁྲེ་ཁོའུ་བཅས་ཆུས11ཡོད་པ་དང་། མངའ་ཁོངས་སུ་ཡུལ་ཚོ105ཡོད།

སྤྱི་ལོ1957ལོའི་ཟླ2པར། ཁུལ་དབྱེ་བྱས་ནས་ཡུལ་ཚོ་དང་གྲོང་རྡལ32སུ་བགོས།

སྤྱི་ལོ1958ལོའི་ཟླ9པར་མི་དམངས་ཀུང་ཧྲེ13དུ་ལེགས་སྒྲིག་བྱས།

སྤྱི་ལོ1959ལོའི་ཟླ1པོར་དབྱང་ཞིན་ཝུའུ་ཏི་རྫོང་དུ་ཟླ་སྒྲིལ་བཏང་བ་དང་། རྫོང་ཡོངས་ཀྱི་ཁོངས་སུ་ཀུང་ཧྲེ26ཡོད། ཟླ4པར་ཁྲ་ཅན་ཡུས་ཡེ་ཧྲེ་བཙུགས།

སྤྱི་ལོ1961ལོའི་ཟླ10པར། ཝུའུ་ཏི་དང་དབྱང་ཞིན་རྫོང་སོ་སོར་བགོས་ཤིང་། སོ་སོར་སྒྲིག་གཞི་བཙུགས།

སྤྱི་ལོ1963ལོའི་ཟླ12པར་རྫོང་ཡོངས་སུ་ཆུས10ཡི་ཀུང་ཧྲེ་ཆུང་བ56བཙུགས།

སྤྱི་ལོ1964ལོའི་ཟླ10པར། ཞིན་ཅི་ཆུས(ཀུང་ཧྲེ6ཚུད་ཡོད)དང་ཡན་ཁོའུ་ཆུས་དབྱང་ཡན་ཀུང་ཧྲེའི་ཁོངས་གཏོགས་ཧོ་པེ་ཞིང་ཆེན་གྱི་མངའ་ཁོངས་སུ་བགོས། རྫོང་ཡོངས་ལ་ཆུས9དང་རྫོང་ཁོངས་ཀྱི་ཉ་ལས་ཀུང་ཧྲེ1ཡོད།

སྤྱི་ལོ1968ལོའི་ཟླ11པར་ཆུས་ཕྱིར་འཐེན་བྱས་ཏེ། ཞིང་ལས་ཀུང་ཧྲེ17དང་ཉ་ལས་མཉམ་ལས་ཁང1བཙུགས།

སྤྱི་ལོ1984ལོའི་ཟླ5པར། ཀུང་ཧྲེ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ3དང་ཡུལ་ཚོ15བཙུགས།

སྤྱི་ལོ1990ལོར་རྫོང་ཡོངས་ཀྱི་ཁོངས་སུ་པིན་ཀྲོའུ་གྲུ་ཁའི་གསར་སྤེལ་ཁུལ་དང་། ཝུའུ་ཏི་དང་། ཏ་ཧྲན། ཧྲུའེ་ཝན། པོ་ཐོའུ་བཅས་གྲོང་རྡལ4དང་། ཞིན་དབྱང་དང་ཁྲེ་གྲོང་ཀྲེན། ཏ་དབྱང་། ལིང་ཀྲེང་ཝང་། ཡན་ཁོའུ། ལིའུ་པའོ། མ་ཧྲན་ཙི། ཏུང་ཧྥེང་ཀང་། ཁྲང་ཅ། ཞི་ཞའོ་ཝང་། ཧྲེ་ཅ་ཀང་། ཏེང་ཝང་། ཕང་ཅ་ཅི། ཧོ་ཀོའུ་བཅས་ཡུལ་ཚོ14དང་། དོ་དམ་ཁུལ(དོན་གཅོད་ཁྲུའུ)71དང་སྲིད་འཛིན་གྲོང་ཚོ592ཡོད།

སྤྱི་ལོ1994ལོའི་ཟླ10པར། ཁྲེ་ཁོའུ་དང་མ་ཧྲན་ཙི་གཉིས་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ1997ལོའི་ཟླ2པར། ཧོ་ཀུའུ་ཝུའུ་ཏི་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ཞིང་། ཕང་ཅ་ཅི་ཧྲུའེ་ཝན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ལ། ལིང་ཀྲེང་ཝང་ཞའོ་པོ་ཐོའུ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཏུང་ཧྥེང་གྲུ་ཁ་དེ་མ་ཧྲན་ཙི་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཏ་དབྱང་ཁྲེ་ཀྲེན་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། ཁྲང་ཅ་ལིའུ་པའོ་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། ཏེང་ཝང་ཧྲེ་ཅ་ཀང་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། ཏ་ཧྲན་གྲོང་རྡལ་དང་། ཆི་ཁོའུ་གྲོང་རྡལ། ཤིན་དབྱང་ཡུལ་ཚོ། ཤིས་ཞའོ་ཝང་ཡུལ་ཚོ་བཅས་རྫོང་ཡོངས་སུ་གྲོང་རྡལ6དང་ཡུལ་ཚོ5ཡི་དོན་གཅོད་ཁྲུའུ60ཡི་སྲིད་འཛིན་གྲོང་ཚོ593ཡོད།

སྤྱི་ལོ2005ལོའི་ཟླ7པར། ཏ་ཧྲན་གྲོང་རྡལ་ནས་ཅེ་ཧྲི་ཧྲན་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ2007ལོར་རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ6དང་། ཡུལ་ཚོ5 སྲིད་འཛིན་གྲོང་ཚོ593ཡོད།

སྤྱི་ལོ2010ལོའི་ཟླ4པའི་ཚེས2ཉིན་གྲོང་ཁྱེར་རིམ་པའི་པིན་ཀྲོའུ་པེ་ཧའེ་ཞིན་ཆུས་བཙུགས། ཉིན་དེར་མཱ་ཧྲན་ཙི་གྲོང་རྡལ་ལ་པེ་ཧའེ་ཞིན་ཆུས་ཀྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུར་ཐག་བཅད། ཟླ5པའི་ཚེས21ཉིན། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཝུའུ་ལུའུ་གྲོང་རྡལ་མེད་པར་བཟོས་ཏེ། དེའི་སྔོན་གྱི་སྲིད་འཛིན་ས་ཁོངས་དང་ཞིན་དབྱང་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ཁ་ཤས་སུ་ཧའེ་ཧྥེང་ཁྲོམ་ལམ་དང་ལུའུ་ཧྥེང་ཁྲོམ་ལམ་བཙུགས། སྒྲིག་གཞི་ཧྲིལ་པོར་ལིའུ་པའོ་ཡུལ་ཚོ་དང་ཁྲེ་ཀྲེན་ཡུལ་ཚོ་མེད་པ་བཟོས་ནས་ལིའུ་པའོ་གྲོང་རྡལ་དང་ཁྲེ་ཝང་གྲོང་རྡལ(ཁྲེ་ཀྲེན་ཡུལ་ཚོ་ཁྲེ་ཝང་གྲོང་རྡལ་ཞེས་པར་མིང་བསྒྱུར)བཙུགས། ཟླ9པའི་ཚེས29ཉིན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་པིན་ཀྲོའུ་པེ་ཧའེ་ཞིན་ཆུས་དེ་ཞིང་ཆེན་རིམ་པའི་པིན་ཀྲོའུ་པེ་ཧའེ་དཔལ་འབྱོར་གསར་སྤེལ་ཁུལ་དུ་རིམ་སྤོར་བྱས་པ་དང་། མཱ་ཧྲན་ཙེ་གྲོང་རྡལ་དེ་རིམ་པ་སྤར་རྗེས་པེ་ཧའེ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱས།

སྤྱི་ལོ2010ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་ཡོངས་སུ་ཁྲོམ་ལམ2དང་གྲོང་རྡལ6 ཡུལ་ཚོ3ཡོད་པ་སྟེ། ཧའེ་ཧྥུང་ཁྲོམ་ལམ་དང་། ལུའུ་ཧྥུང་ཁྲོམ་ལམ། ཧྲུའེ་ཝན་གྲོང་རྡལ། ཆིའུ་ཧྲི་ཧྲན་གྲོང་རྡལ། ཞའོ་པོ་ཐོའུ་གྲོང་རྡལ། ཁྲེ་ཝང་གྲོང་རྡལ། ལིའུ་པའོ་གྲོང་རྡལ། ཤིན་དབྱང་ཡུལ་ཚོ། ཤིས་ཞའོ་ཝང་ཡུལ་ཚོ། ཧྲེ་ཅ་ཀང་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2011ལོའི་ཟླ9པའི་ཚེས14ཉིན། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སྒྲིག་གཞི་ཧྲིལ་པོ་བཙུགས་ནས། ཧྲེ་ཅ་ཡུལ་ཚོ་མེད་པར་བཟོས་ཏེ་ཧྲེ་ཅ་གྲོང་རྡལ་བཙུགས།  

སྤྱི་ལོ2011ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྲོམ་ལམ2དང་གྲོང་རྡལ7 ཡུལ་ཚོ2ཡོད་པ་སྟེ། ཧའེ་ཧྥུང་ཁྲོམ་ལམ་དང་། ཧྲེ་ཧྥུང་ཁྲོམ་ལམ། ཧྲུའེ་ཝན་གྲོང་རྡལ། ཆིའུ་ཧྲི་ཧྲན་གྲོང་རྡལ། ཞའོ་པོ་ཐོའུ་གྲོང་རྡལ། ཁྲེ་ཝང་གྲོང་རྡལ། ལིའུ་པའོ་གྲོང་རྡལ། ཧྲེ་ཅ་གྲོང་རྡལ། ཤིན་དབྱང་ཡུལ་ཚོ། ཤིས་ཞའོ་ཝང་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2012ལོའི་ཟླ9པར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྱོན་ཡོངས་ནས་ཤིན་དབྱང་ཡུལ་ཚོ་མེད་པ་བཟོས་ཏེ་ཤིན་དབྱང་གྲོང་རྡལ་བཙུགས།

སྤྱི་ལོ2013ལོའི་ཟླ12པར། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞི་ཞའོ་ཝང་ཡུལ་ཚོ་མེད་པར་བཟོས་ནས་ཞི་ཞའོ་ཝང་གྲོང་རྡལ་བཙུགས།

སྤྱི་ལོ2016ལོའི་ལོ་མཇུག་བར་དུ་རྫོང་ཡོངས་སུ་ཁྲོམ་ལམ2དང་གྲོང་རྡལ9ཡོད་པ་སྟེ། ཧའེ་ཧྥུང་ཁྲོམ་ལམ་དང་། ཏི་ཧྥུང་ཁྲོམ་ལམ། ཧྲུའེ་ཝན་གྲོང་རྡལ། ཧུའེ་ཧྲི་ཧྲན་གྲོང་རྡལ། པའོ་ཐོའུ་གྲོང་རྡལ། ཐུང་ཁོའུ་གྲོང་རྡལ། ཤིན་དབྱང་གྲོང་རྡལ། ཁྲེ་ཝང་གྲོང་རྡལ། ལིའུ་པའོ་གྲོང་རྡལ། ཤིས་ཞའོ་ཝང་གྲོང་རྡལ། ཧྲེ་ཅ་གྲོང་རྡལ་བཅས་ཡིན། ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ569ཡོད།

2_2 ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོའི་བར་དུ་ཝུའུ་ཏི་རྫོང་ཁོངས་གཏོགས་སུ་ཁྲོམ་ལམ2དང་གྲོང་རྡལ10ཡོད། ཝུའུ་ཏི་རྫོང་མི་དམངས་སྲིད་གཞུང་ཝུའུ་ཧྥང་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

2_3 ས་ཁམས་ཁོར་ཡུག
2_4 གནས་ཡུལ།

ཝུའུ་ཏི་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། བྱང་ཤར་པོ་ཧའེ་མཚོ་ཁུག་དང་འབྲེལ་ཞིང་། ཤར་ལྷོ་རུ་ཀྲན་ཧྭ་ཆུས་དང་འབྲེལ་ཡོད། ལྷོ་རུ་དབྱང་ཞིན་རྫོང་དང་འབྲེལ་ཡོད་ལ། ནུབ་ཏུ་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཆིན་ཡུན་རྫོང་དང་འབྲེལ་ཡོད། བྱང་དུ་ཀྲང་ཝེ་ཞིན་ཆུ་བོ་ས་མཚམས་བྱས་ཏེ་ཧོ་པེ་ཞིང་ཆེན་གྱི་ཧའེ་ཞིན་རྫོང་དང་ཧོང་དབྱི་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན། བྱུང་གི་འཕྲེད་ཐིག37°4′—38°16′དང་། ཤར་གྱི་གཞུང་ཐིག117°31′—118°04′བར་དུ་གནས་ཡོད། ལྷོ་བྱང་གི་ཆེས་རིང་བའི་བར་ཐག་སྟོང་སྨི70དང་། ཤར་ནུབ་ཀྱི་ཆེས་རིང་པའི་བར་ཐག་སྟོང་སྨི60ཡིན་ལ། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1601ཡིན།

2_5 ནམ་ཟླ།

ཝུའུ་ཏི་རྫོང་ནི་དྲོད་ཁུལ་གྱི་ཨེ་ཤ་ཡ་ཤར་མའི་དུས་རླུང་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་། དུས་བཞིའི་དབྱེ་བ་གསལ་ཞིང་གསལ་ཞིང་། སྐམ་རློན་མངོན་གསལ་ཡིན་ལ། དཔྱིད་དུས་རླུང་མང་ཞིང་སྐམ་ཤས་ཆེ་བ་དང་། དབྱར་དུས་བརླན་བཤེར་ཆེ་ལ་ཆར་ཆུ་མང་། སྟོན་དུས་གནམ་གཤིས་དྭངས་ཤིང་རླུང་འཇམ་ལ། དགུན་དུས་རིང་ཞིང་གྲང་ངར་ཆེ། དཔྱིད་ཀར(ཟླ3པ་ནས་ཟླ5པའི་བར)མཁའ་རླུང་དྲོ་རུ་འགྲོ་འགོ་ཚུགས་ཤིང་རླུང་ཤུགས་ཆེ་རུ་འགྲོ་བ་དང་། མཁའ་རླུང་དྲོ་རུ་འགྲོ་ལ། གནམ་གཤིས་འགྱུར་ལྡོག་མང་བ་དང་ཆར་པ་འབབ་ཉུང་ལ། ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི13.7%ལས་ཟིན་གྱི་མེད། ཟླ་བ་གསུམ་པར་ཆ་སྙོམས་དྲོད་ཚད6.9℃ཡིན་པ་དང་། ཟླ་བ་ལྔ་པར་སླེབས་སྐབས་དྲོད་ཚད20.1℃བར་འཕར་གྱི་ཡོད། ཆར་ཞོད་ཆུང་ཞིང་རླངས་འགྱུར་མགྱོགས་པས་རྒྱུན་དུ་དཔྱིད་ཐན་འབྱུང་ཞིང་། དབྱར་ཁར(ཟླ6པ་ནས8པའི་བར)དྲོད་ཚད་ཆེས་མཐོ་བ་དང་རླན་ཚད་ཆེས་ཆེ་ལ། ཆར་ཆུ་ཆེས་མང་ཞིང་། དབྱར་སྟོད་དུ་ལྷོ་ནུབ་དུ་རླུང་ལྡང་བ་དང་། དྲོད་ཚད་མཐོ་ལ། བརླན་ཚད་ཆུང་། ཟླ6པའི་ཟླ་སྨད(ཡང་ན་ཟླ7པའི་ཟླ་སྟོད)ནས་ཟླ8པའི་ཟླ་མཇུག(ཡང་ན་ཟླ9པའི་ཟླ་སྟོད)བར་ནི་ཆར་དུས་ཡིན་པ་དང་། ཆར་པ་འབབ་པའི་གནམ་གཤིས་ཅུང་མང་བས་དྲག་ཆར་དང་སེར་བ་འབྱུང་སླ་བ་དང་། ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི68.7%ཟིན་ཡོད། དབྱར་ཐན་གྱི་ལོ་ཡང་ཡོད་ལ་དེར་ཚ་ཐན་ཟེར། སྟོན་དུས(ཟླ9པ་ནས་ཟླ11པའི་བར)བྱང་ཕྱོགས་ཀྱི་མཁའ་རླུང་འཁྱག་པ་འཕྱུར་འགོ་ཚུགས་ཤིང་། ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི15.1%ཟིན་པ་དང་། གཙོ་བོ་ཟླ9པར་གཅིག་སྡུད་བྱས་ཡོད། ཟླ10བ་ནས་བཟུང་། སྟོན་དུས་ནམ་མཁའ་དྭངས་ཤིང་མཐོང་ཚད་མཐོ་བས་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ལ། སྟོན་མཇུག་ཏུ་མཁའ་རླུང་གྲང་མོས་བཙན་འཛུལ་ཟམ་མི་ཆད་པར་བྱས་པ་དང་། དྲོད་ཚད་མགྱོགས་མྱུར་ངང་མར་ཆག་པ་དང་། བྱང་ཕྱོགས་ཀྱི་རླུང་ཆེན་མང་དུ་ཕྱིན་ནས་དགུན་དུས་ཀྱི་དུས་རླུང་གི་གནམ་གཤིས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། དགུན་ཁར(ཟླ12པ་ནས་ཕྱི་ལོའི་ཟླ2པ)ནུབ་བྱང་གི་རླུང་ངམ་བྱང་ཤར་གྱི་རླུང་གཡུག་པ་དང་། གནམ་གཤིས་སྐམ་ཞིང་གྲང་ལ། ཆུ་བོ་ལ་དར་ཆགས་པ་དང་། ཟླ་དང་པོ་ནི་ལོ་ཧྲིལ་པོའི་གྲང་ཤོས་ཀྱི་ཟླ་བ་ཡིན་ཞིང་། ཆར་ཆུ(གཙོ་བོ་ཁ་བ་འབབ་པ)ཉུང་ཤོས་ཡིན་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི2.5%ལས་ཟིན་གྱིན་མེད།

3 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཝུའུ་ཏི་རྫོང་གི་ཁྱིམ་ཐོའི་མི་འབོར་ཁྲི45.61ཟིན་ནས་ལོ་སྔོན་མ་ལས0.8%འཕར་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར5770ཡོད་ལ། དེའི་ནང་དུ་ཕྲུ་གུ་གཉིས་པ3637ཡོད་པ་དང་། དེས་གསར་སྐྱེས་བསྡོམས་འབོར་གྱི63.0%ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད7.96‰ཡིན།

4 དཔལ་འབྱོར།

སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར290.0ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.1%འཕར་ནས་། གྲོང་ཁྱེར་ཡོངས་ཀྱི་ཨང5པར་སླེབས་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར42.8ཟིན་ནས་ལོ་སྔོན་མ་ལས3.0%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར132.3ཟིན་ནས་ལོ་སྔོན་མ་ལས9.2%འཕར་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར114.9ཟིན་ནས་ལོ་སྔོན་མ་ལས5.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི14.8:45.6:39.6ཡིན།

4_1 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚུལ།

སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གི་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས233ཡོད་པའི་ནང་དུ་སྒོར་ཁྲི5000ཡན་གྱི་རྣམ་གྲངས95ཡོད་ལ། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད7.1%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོ་ལོ་སྔོན་མ་ལས88.7%འཕར་བ་དང་། ཐོན་ལས་གཉིས་པ་ལོ་སྔོན་མ་ལས11.1%འཕར་བའི་ནང་དུ་བཟོ་ལས་ལག་རྩལ་སྒྱུར་བཀོད་ཐད་མ་འཇོག་བྱེད་ཚད་ལོ་སྔོན་མ་ལས18.0%འཕར་ཡོད་ལ། ཐོན་ལས་གསུམ་པའི་མ་འཇོག་ལོ་སྔོན་མ་ལས2.7%ཆག་ཡོད། མ་འཇོག་གྲུབ་ཚུལ་ནི6.0:50.8:43.2ཡིན།

4_2 ནོར་ཁྲལ།

སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.4ལེགས་སྒྲུབ་བྱས་པ་དེ་ལོ་སྔོན་མ་ལས4.1%འཕར་ཡོད་ལ། དེའི་ནང་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར12.3ཟིན་ནས་ལོ་སྔོན་མ་ལས11.0%འཕར་ཞིང་། དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི79.8%བཟུང་ཡོད། ཁྲལ་མིན་ཡོང་སྒོ་སྒོར་དུང་ཕྱུར3.1ཡིན་ལ་ལོ་སྔོན་མ་ལས16.6%མར་ཆག་ཡོད། ཁྲལ་རིགས་དབྱེ་ནས་བལྟས་ན། ཁེ་ལས་ཀྱི་ཐོབ་ཁྲལ24.8%འཕར་ཡོད་ལ། སྒེར་འབབ་དཔྱ་ཁྲལ36.9%འཕར་ཡོད། ལོ་ཧྲིལ་པོར་ཁྲལ་དོན་ཁོངས་གཏོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར22.6ཟིན་པ་དེ་ལོ་སྔོན་མ་ལས16.8%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

4_3 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར34038ཟིན་ནས་ལོ་སྔོན་མ་ལས7.0%འཕར་བའི་ནང་དུ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར20934ཟིན་ལ། དེས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཀྱི61.5%བཟུང་ཡོད། མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར21541ཡིན་ལ་ལོ་སྔོན་མ་ལས4.3%འཕར་ཡོད། དེའི་ནང་དུ་ཟས་རིགས་དང་ཐ་མག ཆང་རག་འཛད་སྤྱོད་ཀྱིས་སྒོར5299ཟིན་པ་དང་། སྡོད་གནས་འཛད་སྤྱོད་ཀྱིས་སྒོར3920ཟིན་ལ། སོ་སོར་འཛད་སྤྱོད་འགྲོ་་སྒོའི24.6%དང18.2%བཟུང་ཡོད།

སྤྱི་ལོ2018ལོར་ཝུའུ་ཏི་རྫོང་གི་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར16555ཟིན་ནས་ལོ་སངོན་མ་ལས7.7%འཕར་ཡོད་ལ། དེའི་ནང་དུ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར8343ཟིན་པ་དེས་བཀོལ་བྱས་སྤྱོད་ཆོག་པའི་ཡོང་འབབ་ཀྱི50.4%བཟུང་ཡོད། ཁྱིམ་ཚང་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་སྒོར6097ཟིན་པ་དེས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཀྱི36.8%བཟུང་ཡོད་ལ། ཞིང་པ་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སྒོ་སྒོར11232ཟིན་ནས་ལོ་སྔོན་མ་ལས7.8%འཕར་ཡོད་ལ། དེས་སྤྱིའི་འགྲོ་སྒོའི43.4%བཟུང་ཡོད། དེའི་ནང་དུ་བཟའ་བཅའ་དང་ཐ་མག ཨ་རག་སོགས་ཀྱིས་སོ་སོར་འཛད་སྤྱོད་འགྲོ་སྒོའི25.4%དང18.7%བཟུང་ཡོད། སྨན་བཅོས་བདེ་སྲུང་རིགས་དང་འགྲིམ་འགྲུལ་འཕྲིན་སྐྱེལ་རིགས་འཕར་ཚད་ཅུང་མགྱོགས་ཤིང་སོ་སོར15.9%དང13.4%འཕར་ཡོད།

4_4 གཟི་བརྗིད་མཚན་སྙན།

ཀྲུང་གོའི་ཁ་སུར་གྱི་ཕ་ཡུལ།

རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་གྱི་དཔེ་སྟོན་རྟེན་གཞི།

རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་།  

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས།  

སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།

ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་ཡིན།  

སྤྱི་ལོ2019ལོའི་ཟླ11པར“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ཞེས་པའི་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ མི་རིགས།