ལེ་ལིང་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 09:41ལ་འགྲུབ།

ལེ་ལིང་གྲོང་ཁྱེར།

ལེ་ལིང་གྲོང་ཁྱེར།
ལེ་ལིང་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཧྲན་ཏུང་དང་ཧོ་པེ་ཞིང་ཆེན་དང་། གྲོང་ཁྱེར་བཞི(ཏེ་ཀྲོའུ། པིན་ཀྲོའུ། ཚང་ཀྲོའུ། ཅི་ནན།)ཡི་འབྲེལ་མཚམས་སུ་གནས་ཡོད། དེ་ནི་ཧྭ་པེ་བདེ་ཐང་གི་ཆ་ཤས་ཤིག་ཡིན་ལ། རྨ་ཆུའི་བདས་གསགས་ལས་གྲུབ་པ་དང་། ས་བབ་ཁོད་སྙོམས་ལ། ས་ཁོངས་སུ་ཀྲང་ཝུའེ་ཞིན་གཙང་པོ་དང་། མ་ཨུ་ཆུ་བོ། ཏེ་ཧུའེ་ཞིན་གཙང་པོ་བཅས་ཡོད། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་ཞིང་། ཁོངས་གཏོགས་སུ་ཁྲོམ་ལམ4དང་། གྲོང་རྡལ9 ཡུལ་ཚོ3བཅས་ཡོད་ལ། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི72.4ཡོད་ཅིང་། གཞན་ཡང་ལེ་ལིང་ནི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་དཔེ་སྟོན་རྫོང(ཆུས)ཡིན། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ལེ་ལིང་གྲོང་ཁྱེར་གྱི་ཁྱིམ་ཐོའི་མི་འབོར་ཁྲི72.4ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར11326ཡོད་ལ། མི་འབོར་སྐྱེས་ཚད45.64‰ཡིན། གྲོང་ཁྱེར་ཡོངས་ཀྱི་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད106.3:100ཡིན། ཤི་བའི་མི་འབོར4504ཡོད་པ་དང་། ཤི་ཚད6.22‰ཡིན་ཞིང་། མི་འབོར་རང་ཤུགས་སུ་འཕར་ཚད9.42‰ཡིན། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི67.6ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི34.97ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད51.97%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乐陵
ཕྱི་ཡིག་གི་མིང་།
Laoling
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཏེ་ཀྲོའུ།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
253600
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1172ཡོད།
མི་འབོར།
ཁྲི72.4ཡོད།(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
རླངས་འཁོར་ཚབ་ཨང་།
ལུའུN (鲁N)
སྲིད་འཛིན་ཚབ་ཨང་།
371481
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར279.62ཡོད།(སྤྱི་ལོ2018ལོ)
1 ལོ་རྒྱུས་འཕེལ་རིམ།

ཡའོ་དང་། ཧྲུན་དང་ཡུས་བཅས་ཀྱི་དུས་སྐབས་སུ་ཀུའུ་ཀྲོའུ་ཡི་ཁོངས་སུ་གཏོགས།

ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས་ཀྱི་སྐབས་སུ་ཆིན་ཀྲོའུ་རུ་གཏོགས། ཀྲུའུ་ནུབ་མའི་སྐབས་སུ་ཡིའུ་ཀྲོའུ་རུ་གཏོགས།

ཀྲོའུ་རྒྱལ་རབས་ཤར་མའི་དུས་སུ་ཆི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཁྲུན་ཆིའུ་དང་ཀྲན་གོའི་དུས་སྐབས་སུ་ཆི་ཡན་གྱི་འབྲེལ་མཚམས་ཡིན།

ཧན་ཀའོ་ཙུའུ་ཁྲི་ལོ་ལྔ་པར(སྤྱི་ལོ་སྔོན་གྱི202ལོ)རྫོང་བཙུགས་པ་དང་། ཆིན་ཀྲོའུ་ཚི་ཧྲི་པུའུ་ཕིན་ཡོན་ཅུན་གྱི་ཁོངས་སུ་གཏོགས།

ཧན་ཤར་མའི་སྐབས་སུ་ལེ་ལིང་ཅུན་བཙུགས།

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ལེ་ལིང་རྒྱལ་ཁབ་ཏུ་བསྒྱུར། ཅིན་རྒྱལ་རབས་ཀྱི་སྐབས་སུ་ལེ་ལིང་ཅུན་གྱི་ཁོངས་སུ་གཏོགས།

ཝེ་བྱང་མའི་དུས་འགོར་དབྱི་ཞིན་ཅུན་གྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཚང་ཀྲོའུ་ལེ་ལིན་ཅུན་གྱི་མངའ་ཁོངས་སུ་བསྒྱུར།

ཐང་རྒྱལ་རབས་ཀྱི་སྐབས་སུ་ཏེ་ཀྲོའུ་ཡི་ཁོངས་སུ་གཏོགས། རྗེས་སུ་ཚང་ཀྲོའུ་ཡི་ཁོངས་སུ་གཏོགས།

སུང་རྒྱལ་རབས་ཀྱི་སྐབས་སུ་ཧོ་པེའི་ཏུང་ལུའུ་ཚང་ཀྲོའུ་ཅིན་ཁྲེང་ཅུན་གྱི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ཀྱིས་སུང་གི་ལམ་ལུགས་རྒྱུན་འཛིན་བྱས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ཧོ་ཅན་ལུའུ་ཚང་ཀྲོའུ་ལ་གཏོགས།

མིང་རྒྱལ་རབས་ཀྱི་སྐབས་སུ་ཧྲན་ཏུང་པུའུ་ཀྲེང་སི་ཅི་ནན་ཧྥུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་སྐབས་སུ་ཝུའུ་ཏིང་ཧྥུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1914ལོར་ཀྲུང་ཧྭ་མིན་གོ་སྲིད་ལོ་གསུམ་པར་ཅི་ནན་ཏའོ་རུ་གཏོགས། མིན་གོ་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ9པར་ཅིན་ནན་ཀྲོན་ཆུས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པར(སྤྱི་ལོ1944ལོ)པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཆུས་དང་པོའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོ)ཚང་ནན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1950ལོར་ཏེ་ཀྲོའུ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1956ལོར་ཧུའེ་མིན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1958ལོར་ལེ་ལིང་དང་ཧྲང་ཧོ་རྫོང་གཉིས་ཟླ་སྒྲིལ་བཏང་ཞིང་མིང་ལ་ཧྲང་ཧོ་རྫོང་ཟེར་ཞིང་། ལིའོ་ཁྲེང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1959ལོའི་ཟླ9པར་ཙི་པོ་ཀྲོན་ཆུས་ཀྱི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1960ལོའི་ཟླ1པོར་ཧྲང་ཧོ་རྫོང་གི་མིང་ལ་ལེ་ལིང་རྫོང་ཞེས་བསྒྱུར། སྤྱི་ལོ1961ལོར་ལེ་ལིང་དང་ཧྲང་ཧོ་སོར་ཕྱེས་ཤིང་། ཏེ་ཀྲོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1967ལོར་ཏེ་ཀྲོའུ་ས་ཁུལ་དུ་གཏོགས།

སྤྱི་ལོ1988ལོའི་ཟླ9པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལེ་ལིང་རྫོང་མེད་པར་བཟོས་ཏེ། ལེ་ལིང་གྲོང་ཁྱེར(ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར)བཙུགས་ཏེ། ཏེ་ཀྲོའུ་ས་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱས། སྤྱི་ལོ1995ལོའི་ཟླ2པའི་ཚེས17ཉིན་ཏེ་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་ཟླ6པའི་བར་དུ་ལེ་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ4དང་། གྲོང་རྡལ9 ཡུལ་ཚོ3བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལེ་ལིང་གྲོང་ཁྱེར་ནི་ཧྲན་ཏུང་ནུབ་བྱང་བདེ་ཐང་དུ་གནས་པ་དང་། ཤར་དུ་ཆིན་ཡུན་དང་འབྲེལ་ཞིང་། ནུབ་ཏུ་ཉིང་ཅིན་དང་འབྲེལ་ཡོད། ལྷོ་རུ་ཧྲང་ཧོ་དང་འབྲེལ་ཡོད། བྱང་དུ་ཀྲི་ཀྲང་ཝེ་ཞིན་གཙང་པོས་ཆོད་དེ་ཧོ་པེ་ཞིང་ཆེན་གྱི་ནན་ཕི་དང་ཡན་ཧྲན་རྫོང་གཉིས་དང་ཁ་གཏད་དུ་གནས་ཡོད། ཤར་ལྷོ་རུ་དབྱང་ཞིན་རྫོང་འབྲེལ་ཡོད་ལ། ལྷོ་ནུབ་ཏུ་ལིན་རྫོང་དང་འབྲེལ་ཡོད། ས་ཁམས་གནས་ཡུལ་ནི། བྱང་གི་འཕྲེད་ཐིག37°25′19″~37°51′20″དང་། ཤར་གྱི་གཞུང་ཐིག116°54′27″~117°20′46″བར་དུ་གནས་ཡོད། ས་ཁོངས་ཧྲིལ་པོའི་ལྷོ་བྱང་གི་རིང་ཚད་སྤྱི་ལེ48.1དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ39.3ཡིན་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1172.2ཟིན་ཡོད། གྲོང་ཁུལ་ནི་གྲོང་ཁྱེར་གྱི་ཤར་བྱང་དུ་ཡོད་ལ། ལྷོ་ནུབ་ནས་ཏེ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་སྡོད་གནས་དང་བར་ཐག་སྤྱི་ལེ110དང་། ལྷོ་ནས་ཞིང་ཆེན་ལྟེ་གནས་ཅི་ནན་དང་བར་ཐག་སྤྱི་ལེ118དང་། བྱང་ནས་རྒྱལ་ས་པེ་ཅིང་དང་བར་ཐག་སྤྱི་ལེ328ཡོད།

3_2 ནམ་ཟླ།

ལེ་ལིང་གྲོང་ཁྱེར་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད། མངའ་ཁོངས་སུ་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཆུ་ཚོད2509.4ཟིན་ནས་ཉི་འོད་ཕོག་ཚད57%ཟིན་ཡོད། ཉི་འོད་ཕོག་ཚད་མང་མང་པའི་ལོ་ལ་ཆུ་ཚོད3055ཟིན་ཞིང་། ཉི་འོད་ཕོག་ཚད་མང་ཉུང་པའི་ལོ་ལ་ཆུ་ཚོད2048.7ལས་ཟིན་མེད། རྒྱལ་ནང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི12.4℃ཡིན་པ་དང་། དྲོད་ཚད་མཐོ་ཤོས13.6℃ཡིན་ལ། དྲོད་ཚད་དམའ་ཤོས11.2℃ཡིན། ལེ་ལིང་གྲོང་ཁྱེར་དུ་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི527.1ཟིན་པ་དང་། མངའ་ཁོངས་སུ་དཔྱིད་དུས་ལྷོ་ནུབ་རླུང་མང་ལ། དགུན་དུས་བྱང་ཤར་དང་ནུབ་བྱང་གི་རླུང་མང་། ལོ་རེར་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི2.7ཟིན་ལ། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན198ཡིན།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ལེ་ལིང་གྲོང་ཁྱེར་གྱི་ཁྱིམ་ཐོའི་མི་འབོར་ཁྲི72.4ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར11326ཡོད་ལ། མི་འབོར་སྐྱེས་ཚད45.64‰ཡིན། གྲོང་ཁྱེར་ཡོངས་ཀྱི་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད106.3:100ཡིན། ཤི་བའི་མི་འབོར4504ཡོད་པ་དང་། ཤི་ཚད6.22‰ཡིན་ཞིང་། མི་འབོར་རང་ཤུགས་སུ་འཕར་ཚད9.42‰ཡིན། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི67.6ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི34.97ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད51.97%ཟིན་ཡོད།

5 ​དཔལ་འབྱོར།

སྤྱི་ལོ2016ལོར་ལེ་ལིང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར238.52མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.8%འཕར་བ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར35400ཟིན་ནས་ལོ་སྔོན་མ་ལས7.6%འཕར་ཞིང་། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར37.01ཟིན་ནས་ལོ་སྔོན་མ་ལས4.1%འཕར་ཡོད་ལ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར108.1ཟིན་ནས་ལོ་སྔོན་མ་ལས6.1%འཕར་ཡོད་ཅིང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར93.41ཟིན་ནས་ལོ་སྔོན་མ་ལས11.3%འཕར་ཡོད། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་གོང་མའི15.4:46.8:37.8ནས15.5:45.3:39.2བར་ལེགས་སྒྲིག་བྱས་ཏེ། ཐོན་ལས་གསུམ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་བརྒྱ་ཆའི1.4མཐོ་རུ་ཕྱིན་པ་དང་ཐོན་ལས་གྲུབ་ཚུལ་སྔར་བས་ལེགས་སུ་ཕྱིན་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་བར་དུ་ལེ་ལིང་གྲོང་ཁྱེར་དུ་ཁེར་གཉེར་དང་། སྒེར་གཉེར། ཞིང་ལས་མཉམ་ལས་བཅས་དུད་ཚང47087ཡོད་པ་དེ་ལོ་སྔོན་མ་ལས20.6%འཕར་ཞིང་། ཁེར་གཉེར་དང་། སྒེར་གཉེར། ཞིང་ལས་མཉམ་ལས་བཅས་ཀྱི་ལས་ཞུགས་མི་སྣ་ཁྲི20.5ཟིན་པ་དེ་ལོ་སྔོན་མ་ལས12.4%འཕར་ལ། ཁེར་གཉེར་དང་། སྒེར་གཉེར། ཞིང་ལས་མཉམ་ལས་རྩ་འཛུགས་བཅས་ཀྱི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར255.52བཏང་བ་དེ་ལོ་སྔོན་མ་ལས45.1%འཕར་ཡོད། དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར1169.5ཟིན་པ་དེ་ལོ་སྔོན་མ་ལས15.8%འཕར་ཡོད་ལ། སྒེར་གཉེར་ཁེ་ལས་ཀྱི་དུད་ཚང5389ཡོད་པ་དེ་ལོ་སྔོན་མ་ལས29.8%འཕར་ཞིང་། སྒེར་གཉེར་ཁེ་ལས་ཀྱི་ལས་ཞུགས་མི་སྣ98209ཡོད་པ་དེ་ལོ་སྔོན་མ་ལས4.9%འཕར་ཡོད། སྒེར་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར193.67ཟིན་པ་དེ་ལོ་སྔོན་མ་ལས55.9%འཕར་ཞིང་། སྒེར་གཉེར་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1047.04ཟིན་པ་དེ་ལོ་སྔོན་མ་ལས15.5%འཕར་ཡོད།

སྤྱི་ལོ2016ལོར་ལེ་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས151ཟིན་པ་དང་། མ་འཇོག་གཞི་ཁྱོན་སྒོར་ཁྲི5000ཡན་གྱི་རྣམ་གྲངས137ཟིན་ལ། སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས99ཟིན་ཞིང་། སྒོར་དུང་ཕྱུར5ལྷག་ཟིན་པའི་རྣམ་གྲངས5ཡོད། མ་དངུལ་སྒོར་དུང་ཕྱུར236.71བཏང་ནས་ལོ་སྔོན་མ་ལས13.5%འཕར་ཞིང་། རྣམ་གྲངས143གསར་དུ་ལས་འགོ་ཚུགས་ནས། མ་འཇོག་རྣམ་གྲངས་ཀྱི་གྲངས་འབོར་གྱི94.7%བཟུང་ཡོད་ལ། མ་དངུལ་སྒོར་དུང་ཕྱུར201.46བཏང་ཡོད། ཐོན་ལས་གཉིས་པའི་མ་འཇོག་རྣམ་གྲངས131ཡོད་པ་དང་། མ་འཇོག་སྒོར་དུང་ཕྱུར205.23ཟིན་ཡོད་ཅིང་། ཐོན་ལས་གསུམ་པའི་མ་འཇོག་རྣམ་གྲངས20ཟིན་ལ། མ་འཇོག་སྒོར་དུང་ཕྱུར31.48ཟིན་ཡོད། ཐོན་ལས་གཉིས་པའི་མ་འཇོག་གིས་གཞི་ཁྱོན་ཧྲིལ་པོ་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད86.7%བཟུང་ཡོད།

སྤྱི་ལོ2016ལོར་ལེ་ལིང་གྲོང་ཁྱེར་གྱིས་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.06ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་འགྲོ་སྒོ་སྒོར་དུང་ཕྱུར26.24ཟིན་པ་དེ་ལོ་སྔོན་མ་ལས11.5%མར་ཆག་ཡོད།

སྤྱི་ལོ2016ལོར་ལེ་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར16913ཟིན་པ་དེ་ལོ་སྔོན་མ་ལས11.6%འཕར་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར22751ཟིན་པ་དེ་ལོ་སྔོན་མ་ལས8.2%འཕར་ཞིང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར12332ཟིན་པ་དེ་ལོ་གོང་མ་ལས9.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཁྲོད་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར9555ཟིན་པ་དེ་ལོ་སྔོན་མ་ལས13.4%འཕར་ཡོད་ལ། ཁྱིམ་ཚང་གི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར10742ཟིན་པ་དེ་ལོ་སྔོན་མ་ལས3.3%འཕར་ཞིང་། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་སྒོར1279ཟིན་པ་དེ་ལོ་སྔོན་མ་ལས13.9%འཕར་ལ། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་སྒོར1175ཟིན་པ་དེ་ལོ་སྔོན་མ་ལས8.2%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སྒོ་སྒོར13878ཟིན་པ་དེ་ལོ་སྔོན་མ་ལས10.0%འཕར་ཡོད། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཁྲོད་ཁྱིམ་ཚང་གི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར4580ཟིན་པ་དེ་ལོ་སྔོན་མ་ལས7.5%འཕར་ཞིང་། དེས་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཀྱི37.1%བཟུང་ཡོད་ལ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར5581ཟིན་པ་དེ་ལོ་སྔོན་མ་ལས10.6%འཕར་ལ། དེས་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་ཀྱི45.3%བཟུང་ཡོད་ལ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཁྱིམ་ཚང་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་ལས་སྒོར1001གིས་མཐོ་བ་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།