ཅན་ཕིང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་ཡན་ཧྲན་རི་རྒྱུད་ནས་ལེའོ་ཧྲེན་ཐང་ཆེན་གྱི་བར་བརྒལ་ཁུལ་དུ་གནས་ཡོད། དྲོད་རྒྱུད་བྱང་མའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ནས་སྐམ་སའི་རང་བཞིན་གྱི་གནམ་གཤིས་སུ་བར་བརྒལ་ཁུལ་དུ་གཏོགས། དེའི་ཁོངས་སུ་ཁྲོམ་གཞུང7དང་། གྲོང་རྡལ17ཤང7བཅས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4838ཡོད་པ་དང་། སྤྱི་ལོ2019ལོར་ཐེམ་ཐོའི་མི་འབོར་ཁྲི58ཡོད།
ཅན་ཕིང་རྫོང་དུ་ལོ་ངོ་ལྔ་སྟོང་གི་གོང་ནས་གནའ་བོའི་ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་འགྲན་ཟླར་རུང་བའི་ཧུང་ཧྲན་གྱི་ཤེས་རིག་དཔལ་ཡོན་སྐྱེད་སྲིང་བྱས། ཅན་ཕིང་དང་ལིང་ཡོན་འབྲེལ་མཚམས་ཀྱི་ཧུང་ཧྲན་རིག་གནས་རྗེས་ཤུལ། ས་འོག་ནས་ཐོན་པའི་ཚོན་མདངས་འཇིམ་བཟོ་ལས་གྲུབ་པའི་ལྷ་མོའི་མགོ་རིས་སོགས་ལས་ཀྲུང་ཧྭ་མི་རིགས་ཀྱི་འཇིམ་བཟོའི་རྩལ་ལོ་ངོ3000ལྷག་གིས་སྔོན་ནས་བྱུང་ཡོད་པ་ཤེས་ཐུབ། གཞན་ཡང་ས་འོག་ནས་ཐོན་པའི་རིག་དངོས་དང་གཡང་ཊི་འབྲུག་གིས་ཀྲུང་ཧྭ་མི་རིགས་ཀྱི་གདོད་མའི་རྒྱུད་མཚོན་རི་མོའི་མཚོན་རྟགས་ལ་དངོས་རྫས་ཀྱི་གཞི་འཛིན་ས་རྙེད་ཡོད། ཅན་ཕིང་གི་ས་ཁོངས་ནང་གི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་ནགས་ཀླུང་སྟུག་ལ་རྩྭ་ཆུ་འཛོམས། ས་འོག་ཏུ་གཏེར་རྫས་ཀྱི་རིགས་ཧ་ཅང་མང་ཞིང་། དེའི་ནང་སྦོས་པའི་ས་རྒྱུ་དང་མུ་ཏིག་བྲག་རྡོ་སོགས་ལྕགས་རིགས་མིན་པའི་གཏེར་ཁུངས་ཀྱི་གསོག་ཚད་མང་། ཅན་ཕིང་རྫོང་ནི་བྱང་ཤར་གྱི་ཧྭ་པེ་གྲོང་ཁྱེར་ཆེན་པོ་བརྒྱད་དང་ལྕགས་ལམ་གྱི་སྦྲེལ་ཡོད་པའི་ལྟེ་གནས་ཤིག་ཡིན་ཞིང་། རྫོང་མཁར་གྱི་ཡེ་པའེ་ཧྲོའུ་ནས་ཁྲའོ་དབྱང་གནམ་གྲུ་ཐང་བར་ཐག་སྟོང་སྨི75ཡོད་པ་དང་། ཅིན་ཀྲོའུ་གྲུ་ཁ་དང་སྟོང་སྨི240ཡོད།
སྤྱི་ལོ2017ལོར་ཅན་ཕིང་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར110.3ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.0%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར30.6ཟིན་ནས3.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར21.4ཟིན་ནས0.3%ཆག་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར58.3ཟིན་ནས7.6%འཕར་ཡོད།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ་སྤྱི་ལོ1914ལོར་མན་ཇུ་རྒྱལ་རབས་ཀྱི་ལམ་ལུགས་རྙིང་པ་མེད་པར་བཟོས་ཤིང་། རེ་ཧུ་དམིགས་བསལ་ཁུལ་བཙུགས།
ཅན་ཕིང་རྫོང་ནི་རེ་ཧུ་དམིགས་བསལ་ཁུལ་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར་རེ་ཧུ་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པ་སྤྱི་ལོ1933ལོའི་ཟླ3པར་རི་པིན་གྱིས་བཙན་བཟུང་བྱས་ཏེ་ཅན་ཕིང་རྫོང་གི་ཁོངས་སུ་གཏོགས་པའི་ཁྲའོ་དབྱང་རྫོང་དྲུག་གི་བཀོད་འདོམས་ཧྲུའུ་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པ་སྤྱི་ལོ1934ལོར་རྫོང་དྲུག་གི་བཀོད་འདོམས་ཧྲུའུ་ཕྱིར་འཐེན་བྱས་ཤིང་། ཅན་ཕིང་རྫོང་སྔར་བཞིན་རེ་ཧུ་ཞིང་ཆེན་གྱི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ1945ལོའི་ཟླ8ཚེས15ཉིན་བྱང་ཤར་ཚུར་བླངས་པ་དང་། ཀྲུང་གུང་གི་འགོ་ཁྲིད་འོག་ཏུ་རེ་ཀྲུང་སྲིད་འཛིན་ལས་ཁུངས་བཙུགས། ཟླ10བར། ཅན་ཕིང་རྫོང་ཀྲུང་གུང་འགོ་ཁྲིད་འོག་གི་རེ་ལིའོ་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ1947ལོའི་ཟླ7པར་རེ་ལིའོ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་པ་དང་། ཅན་ཕིང་རྫོང་ཁོངས་རེ་ཧུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས།
སྤྱི་ལོ1955ལོའི་ཟླ7པར་རེ་ཧུ་ཞིང་ཆེན་ཕྱིར་འཐེན་བྱས་ཏེ་ཅན་ཕིང་རྫོང་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1959ལོའི་ཟླ2པར་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་དབྱེ། སྤྱི་ལོ1964ལོའི་ཟླ3པར་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། (སྤྱི་ལོ1968ལོའི་ཟླ5པར་ཁྲའོ་དབྱང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞེས་པར་མིང་བསྒྱུར་པ་དང་། སྤྱི་ལོ1978ལོའི་ཟླ8པར་ཁྲའོ་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་མིང་བསྒྱུར།) སྤྱི་ལོ1984ལོའི་ཟླ9པར་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་བསྐྱར་འཛུགས་བྱས་པ་དང་། ཁོངས་གཏོགས་སུ་ཅན་ཕིང་རྫོང་ཡོད།
སྤྱི་ལོ2018ལོའི་བར་ཅན་ཕིང་རྫོང་ཁོངས་སུ་ཁྲོམ་གཞུང7དང་། གྲོང་རྡལ17ཤང7བཅས་ཡོད་པ་སྟེ། ཡེ་པའོ་ཧྲོའུ་ཁྲོམ་གཞུང་དང་། ཧུང་ཧྲན་ཁྲོམ་གཞུང་། ཐིའེ་ནན་ཁྲོམ་གཞུང་། ཝན་ཧྲོའུ་ཁྲོམ་གཞུང་། ཧྥུའུ་ཧྲན་ཁྲོམ་གཞུང་། ཞིན་ཁྲེང་ཁྲོམ་གཞུང་། ཏུང་ཁྲེང་ཁྲོམ་གཞུང་བཅས་ཡིན། གྲོང་རྡལ17ནི་ཀྲུའུ་ལུའུ་ཁོ་གྲོང་རྡལ་དང་། ཅན་ཕིང་གྲོང་རྡལ། ཧེ་ཧྲུའེ་གྲོང་རྡལ། ཁ་ལ་ཆིན་གྲོང་རྡལ། པེ་ཨར་ཧྲི་ཅཱ་ཙི་གྲོང་རྡལ། ཧྲ་ཧའེ་གྲོང་རྡལ། ཧ་ལ་ཏའོ་ཁོའུ་གྲོང་རྡལ། ཡུས་ཧྲུའུ་ལིན་ཙི་གྲོང་རྡལ། ལའོ་ཀོན་ཏི་གྲོང་རྡལ། ཧྲེན་ཅིང་གྲོང་རྡལ། ཁུའེ་ཏེ་སུའུ་གྲོང་རྡལ། ཞའོ་ཐང་གྲོང་རྡལ། མ་ཁྲང་གྲོང་རྡལ། ཁྲང་ལུང་གྲོང་རྡལ། ཀྲང་ཅཱ་དབྱིན་ཙི་གྲོང་རྡལ། ཆིན་ཧྥེང་ཧྲན་གྲོང་རྡལ། ཐའེ་ཕིན་ཀྲོང་གྲོང་རྡལ་བཅས་ཡིན། ཤང7ནི་ཆིང་སུང་ལིང་ཤང་དང་། དབྱང་ཧྲུའུ་ལིང་ཤང་། ལུའོ་ཧྥུ་ཀོའུ་ཤང་། ཧའོ་ཀུའོ་དབྱིན་ཙི་ཤང་། པའེ་ཧྲན་ཤང་། སན་ཅ་སོག་རིགས་ཤང་། དབྱི་ཁྲེང་ཤང་། རྫོང་སྲིད་གཞུང་ནི་ཡེ་པའོ་ཧྲོའུ་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།
ཅན་ཕིང་རྫོང་ནི་ཀྲུང་གོའི་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། ཡན་ཧྲན་རི་རྒྱུད་ནས་ལེའོ་ཧྲེན་ཐང་ཆེན་གྱི་བར་བརྒལ་ས་ཁུལ་དུ་གནས་ཡོད། ཤར་གྱི་གཞུང་ཐིག119°1'-120°2'བར་འཕྲེད་བརྒལ་དང་། འཕྲེད་ཐིག་བྱང་མ40°17'-42°21'ཡི་བར་དུ་འཕྲེད་བརྒལ་བྱས་ཡོད། ཤར་ཕྱོགས་ནི་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁྱིམ་མཚེས་དང་། ནུབ་ཕྱོགས་ནང་སོག་གི་ཁྲི་ཧྥེང་དང་ཉིང་ཁྲེང་གྲོང་ཁྱེར་གྱི་རྫོང་གཉིས་དང་ཐག་ཉེ། ལྷོ་ཕྱོགས་ལིན་ཡོན་དང་ཁ་ཙུའོ་གྲོང་ཁྱེར་དང་རྫོང་གཉིས་དང་འབྲེལ་ཡོད་པ་དང་། བྱང་ཕྱོགས་ནང་སོག་གི་ཨའོ་ཧན་ཆི་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4838ཡོད།
ཅན་ཕིང་རྫོང་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་དུས་རླུང་ནམ་ཟླའི་ཁུལ་དང་། ལྷོ་རྒྱུད་ཀྱི་རྒྱ་མཚོའི་དྲོད་བརླན་དང་མཁའ་རླུང་གིས་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་བྱང་རྒྱུད་ཀྱི་སོག་པོའི་ས་མཐོའི་སྐམ་ཤས་ཆེ་བའི་མཁའ་རླུང་གྲང་མོ་རྟག་ཏུ་འཛུལ་གྱི་ཡོད་པས་ཐན་པ་ཕྱེད་ཙམ་དང་བརླན་གཤེར་ཕྱེད་ཙམ་གྱི་སྐམ་ཤས་ཆེ་བའི་ས་ཁུལ་ཆགས་ཡོད། ཅན་ཕིང་རྫོང་ནི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ནས་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཕྱོགས་སུ་བར་བརྒལ་བྱེད་པའི་ས་ཁོངས་སུ་གནས་ཡོད་པ་དང་། བརླན་བཤེར་ཕྱེད་ཙམ་དང་ཐན་པ་ཕྱེད་ཙམ་གྱི་དུས་རླུང་རྣམ་པའི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། ཆར་ཆུ་དུས་ཚིགས་དེ་དང་བསྟུན་ནས་ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད7.6℃དང་། དྲོད་ཚད་མཐོ་ཤོས37℃དང་། དྲོད་ཚད་དམའ་ཤོས-36.9℃བཅས་ཡིན་པ་དང་། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2850ནས2950བར་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཆ་སྙོམས་ཧའོ་སྨི614.7ཟིན་པ་དང་མང་ཆེ་བ་ཟླ6པ་ནས8པའི་བར་ཡིན། སད་མེད་དུས་ཉིན120ནས155བར་ཡིན། སྟོན་དཔྱིད་གཉིས་ལ་རླུང་མང་ཞིང་ཐན་པ་འབྱུང་སླ། རླུང་ཤུགས་སྤྱིར་བཏང་དུ་རིམ་པ2ནས3བར་ཡིན་ལ། དགུན་དུས་ནུབ་བྱང་གི་རླུང་ལྡང་བ་དང་རླུང་ཤུགས་ཅུང་ཆེ།
སྤྱི་ལོ2019ལོའི་བར་ཅན་ཕིང་རྫོང་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི58ཡོད་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར127478ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི22%བཟུང་བ་དང་གྲོང་གསེབ་ཀྱི་མི་འབོར451780ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི78%བཟུང་ཡོད། མི་འབོར་བསྡོམས་འབོར་ཁྲོད་སྐྱེས་པའི་མི་འབོར297072ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི51.3%བཟུང་བ་དང་བུད་མེད་མི་འབོར282186ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི48.7%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར5701ཟིན་པ་དང་སྐྱེས་ཚད9.8%ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར9923དང་ཤི་ཚད་ནི་སྟོང་ཆའི17ཡིན། རང་ཤུགས་སུ་འཕར་ཚད་སྟོང་ཆའི-7.2ཡིན། ལོ0ནས17བར་གྱི་མི་འབོར95976ཡོད་པ་དེས་སྤྱིའི་མི་འབོར་གྱི16.6%བཟུང་ཡོད། ལོ18ནས59བར་གྱི་མི་འབོར376991ཡོད་པ་དེས་སྤྱིའི་མི་འབོར་གྱི65.1%བཟུང་ཡོད། ལོ60དང་དེ་ཡན་གྱི་མི་འབོར106291ཡོད་པ་དེས་སྤྱིའི་མི་འབོར་གྱི18.3%བཟུང་ཡོད། རྒྱ་རིགས་དང་སོག་རིགས། མན་ཇུ་རིགས། ཧུའེ་རིགས། ཞི་པོ་རིགས། ཨུ་རུ་སུ། ཨོ་ལུན་ཁྲུན། ཁྲའོ་ཞན་རིགས། ཀྲོང་རིགས་བཅས་ཡོད།
སྤྱི་ལོ2017ལོར་ཅན་ཕིང་རྫོང་གི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར110.3མངོན་འགྱུར་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས5.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར30.6ཟིན་ནས3.6%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར21.4ཟིན་ནས0.3%ཆག་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར58.3ཟིན་ནས7.6%འཕར་ཡོད། ཐོན་ལས་དང་པོའི་རིན་ཐང་འཕར་མས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད27.7%ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་བསྡུར་ཚད19.4%ཟིན་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད52.9%བཅས་ཟིན་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར22788(རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་ལྟར)ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.9%འཕར་ཡོད།
སྤྱི་ལོ2017ལོའི་བར་ཅན་ཕིང་རྫོང་གིས་ལོ་ཧྲིལ་པོར་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད99.53%དང་མཐོ་རིམ་སློབ་འབྲིང(སྤྱིར་བཏང)དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད89.03%ཡིན་པ་རེད། རྫོང་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ3044བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ9083དང་སློབ་ཐོན་སློབ་མ5495བཅས་ཡོད། རྫོང་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དུ་སློབ་མ3874བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ11449དང་སློབ་ཐོན་སློབ་མ4126ཡོད། སློབ་ཆུང་དཀྱུས་མའི་སློབ་མ3577དང་། སློབ་གྲྭར་ཡོད་པའི་སློབ་མ27622སློབ་ཐོན་སློབ་མ5238བཅས་ཡོད། ལས་རིགས་མཐོ་རིམ་སློབ་འབྲིང་དུ་སློབ་མ1677བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ5502དང་སློབ་ཐོན་སློབ་མ1126ཡོད། བུ་བཅོལ་ཁང་དུ་བྱིས་པ9215ཡོད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། མཐོ་རྒྱུགས་ཀྱི་སྤྱིའི་དྲ་ཞུགས་ཚད(ཆེད་ལས་ཚན་ཁག་ཡན)99.17%ཟིན་ཡོད།
སྤྱི་ལོ2017ལོའི་བར་ཅན་ཕིང་རྫོང་གི་སྐུད་ཡོད་བརྙན་འཕྲིན་དངོས་སུ་ཁྱབ་ཚད་དུད་ཚང་ཁྲི4ཡོད་པ་དང་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི4ཟིན་ཡོད། རླུང་འཕྲིན་དང་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད། ལུས་རྩལ་ཐང་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་དང་ལུས་རྩལ་འགྲན་བསྡུར་ཆེ་གྲས15གཉེར་ཡོད། ལོ་ཧྲིལ་པོར་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ལུས་རྩལ་སློབ་གྲྭར་རྗེས་གྲབས་ལུས་རྩལ་པ20སྐྱེལ་འདྲེན་བྱས།
སྤྱི་ལོ2017ལོའི་བར་ཅན་ཕིང་རྫོང་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི772ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང14དང་། ཤང་གྲོང་འཕྲོད་བསྟེན་ཁང28སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)10སྨན་བཅོས་ཁང(འཕྲོད་བསྟེན་ཁང་དང་སྨན་དོན་ཁང)347གྲོང་ཚོའི་འཕྲོད་བསྟེན་ཁང373བཅས་ཡོད། འཕྲོད་བསྟེན་སྒྲིག་གཞི་ཁག་ལ་སྨན་བཅོས་ཉལ་ཁྲི1945དང་འཕྲོད་བསྟེན་ལག་རྩལ་མི་སྣ2802ཡོད་པའི་ནང་ལས་གཉེར་སྨན་པ1115དང་ལས་གཉེར་སྨན་པ་དཀའ་བཅུ་པ393ཡོད།
སྤྱི་ལོ2017ལོའི་བར་ཅན་ཕིང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས78115ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས275723ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས59252ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས74599ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས27706ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པ401686ཟིན་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད88%ཟིན་ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི2656དང་གྲོང་གསེབ་ཀྱི་མི11391ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ཐོབ་ཡོད།