ཀྲོང་ཧུ་གྲོང་ཁྱེར།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-26 15:23ལ་འགྲུབ།

ཀྲོང་ཧུ་གྲོང་ཁྱེར།

ཀྲོང་ཧུ་གྲོང་ཁྱེར།
ཀྲོང་ཧུ་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ལིའོ་ཏུང་ཕྱེད་གླིང་གི་ཤར་ལྷོའི་རྒྱུད་དང་ཏཱ་ལེན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་པ་དང་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་གཏོགས་ཏཱ་ལེན་བྱང་ཁུལ་གྱི་གྲོང་ཁྱེར་གཉིས་པའི་གྲས་ཤིག་ཡིན། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག122°29'-123°31'དང་། བྱང་གི་འཕྲེད་ཐིག39°25'-40°12'ཡི་བར་དུ་གནས་ཡོད། ཤར་ནི་ཏན་ཏུང་དང་ཏུང་ཀང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་ནི་པི་ལིའུ་གཙང་པོ་དང་ཕུའུ་ལན་ཏེན་ཆུས་དང་འབྲེལ་ཡོད། བྱང་ནི་རི་བོ་ཆུན་ཧྲན་དང་དབྱིན་ཁོའུ་གྲོང་ཁྱེར་གྱི་ཀའེ་ཀྲོའུ་དང་ཨན་ཧྲན་གྲོང་ཁྱེར་གྱི་ཞིའུ་ཡན་མན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ལྷོ་ནི་ཧོང་ཧའེ་དང་ཁྲང་ཧའེ་རྫོང་གཉིས་དང་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད། ཀྲོང་ཧུ་གྲོང་ཁྱེར་གྱི་ས་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6968ཟིན་པའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4073ཟིན་པ་དང་རང་བྱུང་རྒྱ་མཚོའི་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ285ཟིན་ཡོད། ཀྲོང་ཧུ་ཡི་སྤྱིའི་མི་འབོར་ཁྲི78.6335(སྤྱི་ལོ2010ལོ)ཟིན་པ་དང་། སྤྱི་ལོ2013ལོར་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར་གྱི་ཨང་རིམ་ཁྲོད་ཨང32པར་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
庄河市
ཕྱི་ཡིག་གི་མིང་།
Zhuanghe City
གནས་ཡུལ།
ཏཱ་ལེན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4073ཡོད།
མིང་གཞན།
ཧུང་ཡཱ་ཙི།
​མི་འབོར།
ཁྲི91.31ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཡུལ་སྐད།
ཅའོ་ལིའོ་སྐད།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང5དང་གྲོང་རྡལ15ཤང6ཡོད།
མཛེས་ལྗོངས་གྲགས་ཅན།
པིང་ཡུས་ལུང་ཤུར། ཧའེ་ཝང་ཅིའུ་གླིང་ཕྲན། ཀྲོང་ཧུ་ཧེ་གླིང་ཕྲན། པུའུ་ཡུན་རི་བོའི་ཆུ་ཚན་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཞིན་ཧྭ་སྲང་ལམ་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ཀྲོང་ཧུ་བྱང་ཚུགས། ཆིང་ཏུའེ་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0411
རླངས་འཁོར་ཚབ་ཨང་།
ལིའོ(辽)BY
སྦྲག་སྲིད་ཨང་རྟགས།
116400
GDP
སྒོར་དུང་ཕྱུར580ཡོད། (སྤྱི་ལོ2015ལོ)
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210283
1 ​ངོ་སྤྲོད་མདོར་བསྡུས།

ཀྲོང་ཧུ་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ལིའོ་ཏུང་ཕྱེད་གླིང་གི་ཤར་ལྷོའི་རྒྱུད་དང་ཏཱ་ལེན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་པ་དང་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་གཏོགས་ཏཱ་ལེན་བྱང་ཁུལ་གྱི་གྲོང་ཁྱེར་གཉིས་པའི་གྲས་ཤིག་ཡིན། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག122°29'-123°31'དང་། བྱང་གི་འཕྲེད་ཐིག39°25'-40°12'ཡི་བར་དུ་གནས་ཡོད། ཤར་ནི་ཏན་ཏུང་དང་ཏུང་ཀང་གྲོང་ཁྱེར་འབྲེལ་ཡོད། ནུབ་ནི་པི་ལིའུ་གཙང་པོ་དང་ཕུའུ་ལན་ཏེན་ཆུས་དང་འབྲེལ་ཡོད། བྱང་ནི་རི་བོ་ཆུན་ཧྲན་དང་དབྱིན་ཁོའུ་གྲོང་ཁྱེར་གྱི་ཀའེ་ཀྲོའུ་དང་ཨན་ཧྲན་གྲོང་ཁྱེར་གྱི་ཞིའུ་ཡན་མན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ལྷོ་ནི་ཧོང་ཧའེ་དང་ཁྲང་ཧའེ་རྫོང་གཉིས་དང་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད།

ཀྲོང་ཧུ་གྲོང་ཁྱེར་གྱི་ས་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6968ཟིན་པའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4073ཟིན་པ་དང་རང་བྱུང་རྒྱ་མཚོའི་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ285ཟིན་ཡོད། ཀྲོང་ཧུ་ཡི་སྤྱིའི་མི་འབོར་ཁྲི78.6335(སྤྱི་ལོ2010ལོ)ཟིན་པ་དང་། སྤྱི་ལོ2013ལོར་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར་གྱི་ཨང་རིམ་ཁྲོད་ཨང32པར་སླེབས་ཡོད།

སྤྱི་ལོ2018ལོའི་ཟླ10ཚེས22ཉིན་ཀྲོང་ཧུ་གྲོང་ཁྱེར་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོའི་ནང་ཚུད་ཡོད། སྤྱི་ལོ2018ལོའི་ཟླ11པར་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ11པར“གྲོང་གསེབ་གྱི་ལམ་བཟང་བཞི”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ཞེས་མིང་བཏགས་ཡོད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱའི་ཁོངས་སུ་ཚུད་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པའི་མིང་ཐོར་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1945ལོའི་ཟླ9པའི་ཚེས9ཉིན། པ་ལུའུ་ཅུན་བྱང་ཤར་སྔོན་སྐྱོད་ཡན་ལག་རུ་ཁག་གིས་ཀྲོང་ཧོ་བཅིངས་འགྲོལ་བཏང་ཞིང་། ལོ་དེའི་ཟླ9པའི་ཚེས12ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ལིའོ་ནན་ས་ཁུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་པོ་སྟེ་ཀྲོང་ཧུ་རྫོང་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཨན་ཏུང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1946ལོའི་ཟླ11པར་གོ་མིན་ཏང་གིས་བཙན་བཟུང་བྱས།

སྤྱི་ལོ1947ལོའི་ཟླ6པར། བྱང་ཤར་དམངས་གཙོ་མཉམ་འབྲེལ་དམག་གིས་ཀྲོང་ཧུ་ཚུར་བླངས་ནས་ཡང་བསྐྱར་བཅིངས་འགྲོལ་ཐོབ་པའི་ཀྲོང་ཧུ་ཡི་ཁོངས་གཏོགས་ལིའོ་ནན་སྲིད་འཛིན་ཀུང་ཧྲུའུ་ཡི་འགན་བཞེས།

སྤྱི་ལོ1948ལོའི་ཟླ8པ་ནས་སྤྱི་ལོ1949ལོའི་ཟླ5པའི་བར་ལིའོ་ཉིང་ཞིང་ཆེན་གྱིས་ཐད་གཏོགས་བྱས།

སྤྱི་ལོ1949ལོའི་ཟླ5པ་ནས་སྤྱི་ལོ1954ལོའི་ཟླ8པའི་བར་ལིའོ་ཏུང་ཞིང་ཆེན་གྱིས་ཐད་གཏོགས་བྱས།

སྤྱི་ལོ1954ལོའི་ཟླ8པ་ནས་སྤྱི་ལོ1956ལོའི་ཟླ5པའི་བར་ལིའོ་ཉིང་ཞིང་ཆེན་གྱིས་ཐད་གཏོགས་བྱས།

སྤྱི་ལོ1956ལོའི་ཟླ6པར་ཨན་ཏུང་ཞིང་ཆེན་གྱི་ཆེད་ཁུལ་དུ་བགོས།

སྤྱི་ལོ1959ལོའི་ཟླ1པོར་ལུའེ་ཏཱ(དེང་གི་ཏཱ་ལེན)དུ་བགོས།

སྤྱི་ལོ1965ལོའི་ཟླ12པར་ཏན་ཏུང་ལ་སྤྲད།

སྤྱི་ལོ1968ལོའི་ཟླ12པར་ལུའི་ཤོག་ཆེ་བར་བགོས།

སྤྱི་ལོ1987ལོའི་ཟླ11ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་ཀྱི་མཐའ་མཚམས་རྫོང་གི་ཁོངས་སུ་བཞག་ཡོད།

སྤྱི་ལོ1992ལོའི་ཟླ9ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གྲོང་ཁྱེར་དུ་ཕྱིར་འཐེན་བྱས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་དུ་གཏོགས་ཤིང་། ཏཱ་ལེན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

སྤྱི་ལོ2004ལོའི་ཟླ10ཚེས30ཉིན་ལིའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་གཞིར་བཟུང་ནས་ཧྲི་ཁྲེང་ཤང་དང་། ཝང་ཅཱ་གྲོང་རྡལ་བཅས་ཀྲོང་ཧུ་ལ་སྤྲོད་རྒྱུར་དངོས་སུ་ཆོག་མཆན་སྤྲད། ད་བར་དུ་ཀྲོང་ཧུ་རུ་ཤང(གྲོང་རྡལ)དང་ཁྲོམ་གཞུང26ཡོད། དེའི་ནང་ཤང6དང་། གྲོང་རྡལ16ཁྲོམ་ལམ4བཅས་ཡོད། ཤང6ནི་ཨན་ཙི་ཧྲན། ཐའེ་ཕིན་ལིན། པུའུ་ཡུན་ཧྲན། ཀུའེ་ཡུན་ཧྭ། ལན་ཏེན། ཧྲི་ཁྲེང་བཅས་ཡིན། གྲོང་རྡལ16ནི་ཝུའུ་ལུའུ་དང་། ཧེ་ཏའོ་གླིང་ཕྲན། ཆིང་ཏུའེ། ལི་ཙི་ཧྥང་། ཐ་ལིང་། ཏཱ་ཡིང་། ཞུས་ལིང་། རུང་ཧྭ་ཧྲན། ཀོང་ཧྭ་ཧྲན། ཁྲང་ལིན། ཧོ་ཧྭ་ཧྲན། ཁྲེང་ཧྲན། ཏཱ་ཀྲེང་། ཞན་རེན་ཏུང་། ཝང་ཅཱ། མིང་དབྱང་བཅས་ཡིན། ཁྲོམ་གཞུང་བཞི་ནི་ཁྲེང་ཀོན་དང་། ཤིན་ཧྭ། ཞིན་ཏཱ། ཁྲང་ཧྲེང་བཅས་ཡིན། སྤྱི་ལོ2004ལོར་ཀྲོང་ཧུ་རུ་གྲོང་མིའི་ཨུ་ཡོན་ལྷན་ཁང235དང་། སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང36གྲོང་མིའི་ཚོ་ཆུང3031ཡུལ་མིའི་ཚོ་ཆུང366བཅས་ཡོད།

སྤྱི་ལོ2004ལོར་ཏཱ་ལེན་ཧྭ་ཡོན་ཁོའུ་བཟོ་ལས་གླིང་བཙུགས་ནས་ཀྲོང་ཧུ་གྲོང་ཁྱེར་གྱི་མིང་དབྱང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་དེའི་དོ་དམ་ས་ཁོངས་སུ་བྱས་ཡོད།

སྤྱི་ལོ2009ལོའི་ཟླ4ཚེས10ཉིན་ལིའོ་ཉིང་ཞིང་ཆེན་སྲིད་གཞུང(ལིའོ་ཉིང[2009]ཡིག་ཨང68པ)གིས་མིང་དབྱང་གྲོང་རྡལ་མེད་པར་བཟོས་ནས་མིང་དབྱང་ཁྲོམ་གཞུང་འཛུགས་རྒྱུར་ཆོག་མཆན་སྤྲད། ལེགས་སྒྲིག་བྱས་རྗེས་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་ཁྲོམ་གཞུང5དང་། གྲོང་རྡལ15ཤང6(དེའི་ནང་མི་རིགས་ཤང2)བཅས་ཡོད་པ་སྟེ། དེ་དག་ནི་ཁྲེང་ཀོན་ཁྲོམ་གཞུང་དང་། ཤིན་ཧྭ་ཁྲོམ་གཞུང་། ཞིན་ཏཱ་ཁྲོམ་གཞུང་། ཁྲང་ཧྲེང་ཁྲོམ་གཞུང་། མིང་དབྱང་ཁྲོམ་གཞུང་། ཆིང་ཏུའུ་གྲོང་རྡལ། ཞུས་ལིང་གྲོང་རྡལ། ཧེ་ཏའོ་གྲོང་རྡལ། ལི་ཙེ་ཧྥང་གྲོང་རྡལ། ཏཱ་དབྱིང་གྲོང་རྡལ། ཐཱ་ལིང་གྲོང་རྡལ། ཞན་རེན་ཏུང་གྲོང་རྡལ། རུང་ཧྭ་ཧྲན་གྲོང་རྡལ། ཁྲང་ལིན་གྲོང་རྡལ། ཧོ་ཧྭ་ཧྲན་གྲོང་རྡལ། ཁྲེང་ཧྲན་གྲོང་རྡལ། ཀོང་མིང་ཧྲན་གྲོང་རྡལ། ཏཱ་ཀྲེང་གྲོང་རྡལ། ཝུའུ་ལེ་ཧྥང་གྲོང་རྡལ། ཝང་ཅཱ་གྲོང་རྡལ། ཨན་ཙི་ཤང་། ཐའེ་ཕིང་ལིང་མན་ཇུ་རིགས་ཤང་། པུའུ་ཡུན་ཤང་། པུའུ་ཡུན་ཤང་། ཀུའེ་ཡུན་ཧྭ་མན་ཇུ་རིགས་ཤང་། ལན་ཏེན་ཤང་། ཧྲི་ཁྲེང་ཤང་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀྲོང་ཧུ་གྲོང་ཁྱེར་ནི་ལིའོ་ཏུང་ཕྱེད་གླིང་གི་ཤར་ལྷོའི་རྒྱུད་དང་ཏཱ་ལེན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་པ་དང་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་གཏོགས་ཏཱ་ལེན་བྱང་ཁུལ་གྱི་ གྲོང་ཁྱེར་གཉིས་པའི་གྲས་ཤིག་ཡིན། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག122°29'-123°31'དང་། བྱང་གི་འཕྲེད་ཐིག39°25'-40°12'ཡི་བར་དུ་གནས་ཡོད། ཤར་ནི་ཏན་ཏུང་དང་ཏུང་ཀང་གྲོང་ཁྱེར་འབྲེལ་ཡོད། ནུབ་ནི་པི་ལིའུ་གཙང་པོ་དང་ཕུའུ་ལན་ཏེན་ཆུས་དང་འབྲེལ་ཡོད། བྱང་ནི་རི་བོ་ཆུན་ཧྲན་དང་ཡིང་ཁོའུ་གྲོང་ཁྱེར་གྱི་ཀའེ་ཀྲོའུ་དང་ཨན་ཧྲན་གྲོང་ཁྱེར་གྱི་ཡན་ཡན་མན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ལྷོ་ནི་ཧོང་ཧའེ་དང་ཁྲང་ཧའེ་རྫོང་གཉིས་སུ་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད།

3_2 ནམ་ཟླ།

ཀྲོང་ཧུ་ནི་བྱང་དྲོད་ཁུལ་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ངེས་ཅན་ལྡན། གནམ་གཤིས་དྲོ་ཞིང་དུས་བཞི་གསལ། ལོ་ལྟར(སྤྱི་ལོ1970ལོ་ནས་སྤྱི་ལོ2000ལོའི་བར་གྱི་ལོ30ཡི་རིང་།)ཆ་སྙོམས་དྲོད་ཚད9.1℃དང་། ཆེས་མཐོ་བའི་དྲོད་ཚད36.6℃དང་། ཆེས་དམའ་བའི་དྲོད་ཚད-29.3℃བཅས་ཡིན། རི་ཁུལ་དང་རྒྱ་མཚོའི་ཤུགས་རྐྱེན་ཐེབས་པས་ལྷོ་བྱང་གི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ1-2བར་ཡིན། ཨེ་ཤེ་ཡ་ཤར་མའི་དུས་རླུང་ཁུལ་དུ་གནས་པས་རླུང་ཕྱོགས་དེ་དུས་ཚིགས་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་མངོན་གསལ་བྱུང་བ་དང་དགུན་དུས་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་སོག་པོའི་གྲང་ངར་གྱི་ཤུགས་རྐྱེན་ཐེབས་ནས་བྱང་རླུང་དར་ཁྱབ་ཆེ་བ་དང་། དབྱར་ཁར་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཚ་དམའ་གནོན་དང་བྱང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཚ་མཐོ་གནོན་དྲག་པས་ལྷོ་ལ་ཕྱོགས་པའི་རླུང་ཆེན་དར་བ་རེད། ལོ་ལྟར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2415.6ཟིན་པ་དང་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་ཉི་འོད་ཕོག་ཚད56%ཡས་མས་ཟིན་ཡོད། ཆར་ཆུ་འབབ་ཚད་ནི་དུས་ཚོད་དང་བར་སྟོང་དུ་ཁྱབ་ཚུལ་མི་སྙོམས་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི757.4ཟིན་ཡོད། ཟླ་བདུན་པ་དང་བརྒྱད་པའི་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི56%ཟིན་ཡོད། ས་དབྱིབས་དང་དུས་རླུང་གི་ཤུགས་རྐྱེན་ཐེབས་ནས་ཆར་ཆུ་འབབ་ཚད་ལྷོ་ནུབ་ནས་བྱང་ཤར་དུ་རིམ་འཕར་བྱུང་ཡོད། ལོ་ལྟར་སད་མེད་དུས་ཀྱི་ཆ་སྙོམས་ཉིན165ཡིན།

4 མི་གྲངས།

སྤྱི་ལོ2010ལོར་ཀྲོང་ཧུ་རུ་དུད་ཚང་ཁྲི25.8109ཡོད་པ་དང་མི་འབོར་བསྡོམས་འབོར་ཁྲི78.6335(ཧྭ་ཡོན་ཁོའུ་དཔལ་འབྱོར་ཁུལ་ཚུད་མེད)ཡོད་པའི་ནང་སྐྱེས་པའི་མི་འབོར་ཁྲི39.5941ཡོད་པ་དེས50.35%བཟུང་བ་དང་བུད་མེད་མི་འབོར་ཁྲི39.0394ཟིན་པ་དེས49.65%བཟུང་ཡོད། ལོ60དང་དེ་ཡན་གྱི་མི་འབོར་ཁྲི13.9460ཟིན་ཡོད།

5 མི་རིགས།

སྤྱི་ལོ2004ལོར། ཀྲོང་ཧུ་རུ་མན་ཇུ་རིགས་དང་སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས། ཀྲོང་རིགས། མིའོ་རིགས། ཡའོ་རིགས། ལི་རིགས། ཏ་ཝོར་རིགས། ཡུ་གུར་རིགས། ཏའེ་རིགས། ཅིན་རི་རིགས། ཨོ་ལུན་ཁྲུན། ཨོ་ཝུན་ཁེ་སོགས་གྲངས་ཉུང་མི་རིགས16ཡོད། གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར་ཁྲི7.5ཡོད་པ་དེས་ཀྲོང་ཆུའི་མི་འབོར་བསྡོམས་འབོར་གྱི8.2%བཟུང་ཡོད། ཀྲོང་ཧུ་ས་ཁུལ་དུ་འདུས་སྡོད་བྱས་ཡོད་པའི་གྲངས་ཉུང་མི་རིགས་ནང་མན་ཇུ་རིགས་དང་སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས་བཅས་ཀྱི་མི་གྲངས་མང་ཞིང་། གྲངས་ཉུང་མི་རིགས་འདི་བཞིའི་མི་གྲངས་ཀྱིས་ཀྲོང་ཧུ་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་གྲངས་ཀྱི90%ཡན་ཟིན་ཡོད། མན་ཇུ་རིགས་ཀྱི་མི་འབོར་ཁྲི7ཙམ་ཡོད་པ་དེ་དག་གཙོ་བོ་ཐའེ་ཕིང་ལིང་དང་། ཐ་ལིང་། ཀུའེ་ཡུན་ཧྭ། ཝུའུ་ཐབ། ཆིང་ཏུའེ། ཤན་རེན་ཏུང་སོགས་ཤང་གྲོང་དུ་ཁྱབ་ཡོད། སོག་རིགས་ཀྱི་མི་འབོར200ཙམ་ཡོད་པ་དེ་དག་གཙོ་བོ་ཏཱ་དབྱིན་དང་ཐ་ལིན་གྲོང་རྡལ་གཉིས་སུ་ཁྱབ་ཡོད། ཧུའེ་རིགས་མི་གྲངས1000ལ་ཉེ་བ་ཡོད་ཅིང་། གཙོ་བོ་ཀྲོང་ཧུ་གྲོང་ཁྱེར་ཁུལ་དང་ཆིང་ཏུའུ་དང་མིང་དབྱང་གྲོང་རྡལ་གཉིས་སུ་ཁྱབ་ཡོད། ཁྲའོ་ཞན་རིགས་ཀྱི་མི་གྲངས300ཡས་མས་ཡོད་པ་དང་། གཙོ་བོ་ཀུའེ་ཡུན་ཧྭ་ཤང་དུ་ཁྱབ་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2007ལོར་ཀྲོང་ཧུ་ཡིས་སློབ་གསོའི་གྲོན་དངུལ་སྒོར་ཁྲི30845བཏང་བ་དེ་ལོ་གོང་མ་ལས20.6%འཕར་བ་དེས་ནོར་སྲིད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མའི22.5%ནས23.1%བར་འཕར་ཡོད། ཀྲོང་ཧུ་རུ་འབྲིང་རིམ་ལས་རིགས་སློབ་གྲྭ3དང་། མཐོ་རིམ་སློབ་འབྲིང་དཀྱུས་མ7(དེའི་ནང་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང2དམངས་གཉེར་མཐོ་རིམ་སློབ་འབྲིང1)དམའ་རིམ་སློབ་འབྲིང27སློབ་ཆུང239(དེའི་ནང་ལྟེ་བའི་སློབ་ཆུང23གྲོང་ཚོའི་སློབ་ཆུང198)བཅས་དང་། བུ་བཅོལ་ཁང275དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ(བུ་བཅོལ་ཁང་གི་ཕྲུ་གུ་ཚུད་པ)མི་ཁྲི10.4656ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་ཁྲི1.3216ཡོད་པ་དང་། དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི3.2689ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ130ཡོད། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད99.8%ཟིན་ཡོད། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཞུགས་ཚད99.4%ཟིན་ཡོད། མཐོ་རིམ་སློབ་འབྲིང་གི་དུས་མཚམས་སུ་སློབ་གྲྭར་ཞུགས་ཚད77.7%ཟིན་ཡོད། ཀྲོང་ཧུ་ཡི་རིགས་ཁག་གི་སློབ་གྲྭར་དགེ་རྒན་དང་ལས་བཟོ7438བཅས་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2004ལོར་ཀྲོང་ཧུ་རུ་འཕྲོད་བསྟེན་སྒྲིག་གཞི44ཡོད་པའི་ནང་རྫོང(གྲོང་ཁྱེར)རིམ་པའི་སྨན་ཁང7དང་ཤང(གྲོང་རྡལ)སྨན་ཁང30དང་ཉལ་ཁྲི2025ཡོད། ཀྲོང་ཧུ་འཕྲོད་བསྟེན་སྒྲིག་གཞིའི་མི་སྣ3132ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ2363ཡོད། འཕྲོད་བསྟེན་ལག་རྩལ་མི་སྣའི་ཁྲོད་ལས་གཉེར་སྨན་པ་དང་ལས་གཉེར་ལས་རོགས་སྨན་པ1102དང་། ནད་གཡོག659ཐོ་འགོད་བྱས་ཡོད། ལོ་འདིའི་ནང་། གྲོང་ཁྱེར་དང་། ཤང་། (གྲོང་རྡལ)གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟེ་བའི་སྨན་ཁང་གི་ནད་སྡོད་པུའུ་ཡི་ཕྱོགས་བསྡུས་ཐོག་ཁང་གསར་སྐྲུན་བྱས་ནས་བེད་སྤྱོད་གཏོང་འགོ་ཚུགས། མ་བུ་བདེ་སྲུང་ཁང་དང་ནད་རིགས་ཚོད་འཛིན་ལྟེ་གནས་གནས་སྤོ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ངང་འགྲུབ་ཡོད།

6_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོའི་ཟླ9པའི་ཟླ་མཇུག་བར་ཀྲོང་ཧུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས70886ཟིན་པ་དེས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི99%བཟུང་ཡོད། རྒན་གསོའི་འགན་བཅོལ་དངུལ་སྒོར་དུང་ཕྱུར5.96གཞུང་བཞེས་བཏང་ནས་ལོ་ཧྲིལ་པོའི་འཆར་གཞིའི104%ལེགས་གྲུབ་བྱུང་ཡོད། ལས་བྲལ་དང་ལས་འཁྱུར་ངལ་གསོའི་མི་སྣ36798ལ་ལས་བྲལ་དང་ལས་འཁྱུར་ངལ་གསོའི་རྒན་གསོའི་འཚོ་དངུལ་སྒོར་དུང་ཕྱུར5.38སྤྲད་ཡོད། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྤྱི་ལོ2013ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲོང་ཧུ་ཁེ་ལས་ཀྱི་ལས་བཟོའི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི22086ཟིན་པ་དེས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི101%བཟུང་ཡོད། བྱ་གཞག་ཚན་པའི་ལས་བཟོའི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས12200ཟིན་ནས་ལོའི་འཆར་གཞིའི100%ལེགས་གྲུབ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི179847ཡོད་པ་དང་། སྨན་བཅོས་འགན་བཅོལ་གྲོན་དངུལ་སྒོར་ཁྲི18100རྩིས་ལེན་བྱས། སྨན་བཅོས་འགན་བཅོལ་གྲོན་དངུལ་སྒོར་ཁྲི19203སྤྲད་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ནང་ཞུགས་མཁན་མི590283ཡོད་པ་དང་། མ་དངུལ་གྲབས་གསོག་གི་ཚད་གཞི་སྒོར400ཟིན་ཡོད། མ་དངུལ་གྲབས་གསོག་གི་བསྡོམས་འབོར་སྒོར་དུང་ཕྱུར2.36ཟིན་ཡོད། ཞིང་པའི་མཉམ་ལས་ནང་ཞུགས་ཚད99%བཅས་ཟིན་ཡོད།

6_4 ཚན་རིག་ལག་རྩལ།

སྤྱི་ལོ2008ལོར་ཚན་རྩལ་རྣམ་གྲངས་བརྒྱུད་ཁེ་ལས་བདུན་ལ་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱས། ཁེ་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས། ཁེ་ལས་རིམ་བཞིན་རང་བརྟེན་གསར་གཏོད་ལ་བརྟེན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བཅས་བྱུང་ཡོད། ཁེ་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཚན་རྩལ་མི་སྣ76ཟིན་པ་དེས་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་མི་གྲངས་ཀྱི86%བཟུང་བ་དང་། ཚན་རྩལ་རྣམ་གྲངས34ཞིབ་འཇུག་གསར་སྤེལ་བྱས་པ་དེའི་ནང་རྒྱལ་ནང་གི་སྟོང་ཆ11ཁ་གསབ་བྱས། རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་རྣམ་གྲངས12སླེབས་ཡོད་པ་དང་། ཐོན་རྫས་གསར་པ14གསར་སྤེལ་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།