ཅིན་པན་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-26 09:53ལ་འགྲུབ།

ཅིན་པན་རྫོང་།

ཅིན་པན་རྫོང་།
ཅིན་པན་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཡུས་ལིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཤིང་། བྱང་དུ་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཀྲེན་ཆི་དང་ཨོ་ཐུའོ་ཁེ་ཆི་གཉིས་ལ་འབྲེལ་ཞིང་། ལྷོ་རུ་ཡན་ཨན་གྲོང་ཁྱེར་གྱི་ཙི་ཁྲང་རྫོང་དང་། ཨན་སའེ་ཆུས། ཀྲི་ཏན་རྫོང་། ཝུའུ་ཆི་རྫོང་བཅས་རྫོང་བཞི་ལ་འབྲེལ་ཡོད། ཤར་གྱི་གཞུང་ཐིག108°17′—109°20′དང་། བྱང་གི་འཕྲེད་ཐིག36°58′—38°03 ′བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5088ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
靖边县
ཕྱི་ཡིག་མིང་།
Jingbian County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི་ཁྲི38.2(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ5088
མངའ་ཁོངས།
སྲང་ལམ1དང་གྲོང་རྡལ17
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ཀྲང་ཅ་པེན་སྲང་ལམ་ཨང120
གནམ་གྲུ་ཐང་།
ཡུས་ལིན་ཡུས་དབྱང་གནམ་གྲུ་ཐང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
མེ་འཁོར་ས་ཚིགས།
ཅིན་པན་ས་ཚིགས།
སྦྲག་སྲིད་ཨང་རྟགས།
718500
རླངས་འཁོར་ཚང་ཨང་།
ཧྲའནK(陕K)
གནས་ཡུལ།
ཡུས་ལིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད།
སྲིད་འཛིན་ཚབ་ཨང་།
610824
1 ​ངོ་སྤྲོད།

ཅིན་པན་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཡུས་ལིན་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཤིང་། བྱང་དུ་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཀྲེན་ཆི་དང་ཨོ་ཐུའོ་ཁེ་ཆི་གཉིས་ལ་འབྲེལ་ཞིང་། ལྷོ་རུ་ཡན་ཨན་གྲོང་ཁྱེར་གྱི་ཙི་ཁྲང་རྫོང་དང་། ཨན་སའེ་ཆུས། ཀྲི་ཏན་རྫོང་། ཝུའུ་ཆི་རྫོང་བཅས་རྫོང་བཞི་ལ་འབྲེལ་ཡོད། ཤར་གྱི་གཞུང་ཐིག108°17′—109°20′དང་། བྱང་གི་འཕྲེད་ཐིག36°58′—38°03 ′བར་དུ་གནས། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5088ཡོད།

2 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོའི་བར་ཅིན་པན་རྫོང་གི་མངའ་ཁོངས་སུ་ཁྲོམ་གཞུང1དང་གྲོང་རྡལ17ཡོད། ཅིན་པེན་རྫོང་མི་དམངས་སྲིད་གཞུང་ནི་ཀྲང་ཅ་པེན་སྲང་ལམ་ཨང120ན་བཅའ་སྡོད་བྱས་ཡོད།

3 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཅིན་པན་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི10.59ཟིན་ནས0.6%མར་ཆག་པ་དང་། སྤྱིའི་མི་འབོར་ཁྲི36.13ཟིན་ནས0.4%འཕར་ཡོད། ཕོ་མོའི་བསྡུར་ཚད་ནི108:100ཡིན། རྒྱུན་སྡོད་མི་འབོར་ཁྲི38.2ཟིན་པ་དང་། སྐྱེས་ཚད་11.23%དང་། ཚེ་འདས་ཚད6.01རང་བྱུང་འཕར་ཚད5.22ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད64.0%བཅས་ཟིན་ཡོད།

4 དཔལ་འབྱོར།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར373.39ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.6%འཕར་བ་དངGDPཡི་བསྡོམས་འབོར་གྲོང་ཁྱེར་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར29.61ཟིན་ནས3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར249.06ཟིན་ནས6.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར94.72ཟིན་ནས15.6%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི7.5:65.5:27.0ནས7.9:66.7:25.4བར་ལེགས་སྒྲིག་བྱས་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་GDPསྒོར98351ཟིན་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཕར་ཐང་སྒོར་དུང་ཕྱུར104.6ཟིན་པ་དེསGDPཡི་བསྡུར་ཚད་ཀྱི28.01%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.01མཐོ་རུ་ཕྱིན།

4_1 གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་ལ་འཇོག་པ།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད24.6%མར་ཆག་ཡོད། དེའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག28.7%མར་ཆག་པ་དང་། རྫོང་དང་ཆུས་ལས་བརྒལ་བའི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་གྲངས་བརྒྱ་ཆ15.4མར་ཆག་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་པའི་ཁྲོད་ཐོན་ལས་དང་པོར་མ་དངུལ་འཇོག་གྲངས་བརྒྱ་ཆ15.4མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག29.5%མར་ཆག་པ། ཐོན་ལས་གསུམ་པར་མ་དངུལ་འཇོག་ཚད་བརྒྱ་ཆ27.9མར་ཆག་ཡོད།

4_2 ནོར་ཁྲལ་ཡོང་སྒོ།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར102ཟིན་ནས15.9%འཕར་ཡོད། དེའི་ནང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུ18.43ཟིན་ནས་དུས་མཚུངས་སུ31.6%འཕར་ཡོད། ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར38.35ཟིན་ནས16.8%འཕར་ཡོད།

4_3 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25012ཟིན་པ་དེ་ལོ་གོང་མ་ལས་སྒོར2049འཕར་ནས8.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32249ཟིན་པ་དེ་ལོ་གོང་མ་ལས་སྒོར2431འཕར་ནས8.2%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14001ཟིན་པ་དེ་ལོ་གོང་མ་ལས་སྒོར1162འཕར་ནས9.1%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བསྡུར་ཚད2.30:1བཅས་ཡིན།

4_4 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཅིན་པན་རྫོང་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར52.97ཟིན་ནས3.5%འཕར་ཡོད། དེའི་ནང་ཞིང་ནགས་འབྲོག་ཉ་གསུམ་དང་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར27.22དང་། སྒོར་དུང་ཕྱུར1.47དང་། སྒོར་དུང་ཕྱུར20.81སྒོར་དུང་ཕྱུར0.83སྒོར་དུང་ཕྱུར2.63བཅས་སོ་སོར་ཟིན་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར31.07ཟིན་ནས3.5%འཕར་ཡོད། དེའི་ནང་ཞིང་ནགས་འབྲོག་ཉ་གསུམ་དང་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར16.85དང་། སྒོར་དུང་ཕྱུར0.87དང་། སྒོར་དུང་ཕྱུར11.42སྒོར་དུང་ཕྱུར0.46སྒོར་དུང་ཕྱུར1.46བཅས་རེད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི104.06ཟིན་ནས0.5%མར་ཆག་ཡོད། དེའི་ནང་མ་རྨོས་ལོ་ཏོག་མུའུ་ཁྲི56.82ཟིན་ནས1.2%ཆག་པ་དང་། ཞོག་ཁོག་མུའུ་ཁྲི26.83ཟིན་ནས0.3%མར་ཆག་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི15.21ཟིན་ནས་2.0%མར་ཆག་ཡོད།

4_5 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར479.81ཟིན་པ་དེ་དུས་མཚུངས་སུ15.3%འཕར་བ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར240.74བྱུང་ནས6.2%འཕར་བ་དེསGDPཡི་བསྡུར་ཚད་ཀྱི64.5%བཟུང་ཡོད། རྫོང་ཡོངས་ཀྱི་དུད་ཚང62ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཐད་ཀར་སྙན་སེང་ཞུས་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར155.31ཟིན་ནས9.5%འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར154.84ཟིན་ནས8.5%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར18.09ཟིན་ནས4.4%འཕར་ཡོད། ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར19.04ཟིན་ནས39.0%འཕར་ཡོད། ལོ་ཧྲིལ་པོར་ཞིང་ཆེན་འབྲིང་གཏོགས་ཁེ་ལས་ལ་འཕར་ཐང་སྒོར་དུང་ཕྱུར179བྱུང་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་བཟུང་བའི་བསྡུར་ཚད74.4%ཟིན་པ་དང་། རྫོང་མངའ་ཁོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་ཐད་ཀར་སྙན་སེང་ཞུས་པའི་འཕར་ཐང་སྒོར་དུང་ཕྱུར61.74ཟིན་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་ཚད25.6%ཟིན་ཡོད།

4_6 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར82.08ཟིན་ནས14.2%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར49.94ཟིན་ནས9.9%འཕར་བ་དང་། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར32.14ཟིན་ནས21.6%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར76.64ཟིན་པ་དེ་དུས་མཚུངས་སུ13.6%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར5.44ཟིན་པ་དེ་དུས་མཚུངས་སུ22.6%འཕར་ཡོད། བཅད་གྲངས་ཡན་གྱི་སིལ་ཚོང་བསྡོམས་འབོར་ཁྲོད་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར1.12ཟིན་ནས48.8%འཕར་བ་དང་། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར28.43ཟིན་ནས24.1%འཕར་ཡོད། དེའི་ནང་བཟའ་བཅའི་རིགས་ཀྱི་ཚོང་ཟོག་སྒོར་དུང་ཕྱུར5.05ཟིན་ནས20.4%འཕར་བ་དང་། གྱོན་རིགས་ཀྱི་ཚོང་ཟོག་སྒོར་དུང་ཕྱུར0.05ཟིན་ནས0.6%མར་ཆག་པ་དང་། སྤྱོད་རིགས་ཀྱི་ཚོང་ཟོག་སྒོར་དུང་ཕྱུར23.33ཟིན་ནས25.0%འཕར་ཡོད།

5 སློབ་གསོའི་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཅིན་པན་རྫོང་དུ་རིགས་ཁག་གི་སློབ་གྲྭ245ཡོད་པའི་ནང་བུ་བཅོལ་ཁང147དང་། ལོ་དགུའི་འོས་འགན་སློབ་གསོའི་སློབ་གྲྭ93མཐོ་རིམ་སློབ་འབྲིང3དམིགས་བསལ་སློབ་གསོའི་སློབ་གྲྭ1འབྲིང་རིམ་ལས་རིགས་སློབ་གྲྭ1བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ93048ཡོད་པའི་ནང་སློབ་ཞུགས་གོང་གི་སློབ་གསོ་བུ་བཅོལ་ཁང་དུ་ཡོད་པའི་སློབ་མ22890དང་། ལོ་དགུའི་འོས་འགན་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ59477མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ7923དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ185འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ2573བཅས་ཡོད། དགེ་རྒན་དང་ལས་བཟོ་བ7122ཡོད་པའི་ནང་ཆེད་བསྐོས་དགེ་རྒན5968ཡོད། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གིས་81.0%བཟུང་ཡོད།

6 འཕྲོད་བསྟེན་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཅིན་པན་རྫོང་གི་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི278ཡོད། དེའི་ནང་རིགས་ཁག་གི་སྨན་ཁང་དང་འཕྲོད་བསྟེན་ཁང40དང་། གྲོང་ཚོའི་འཕྲོད་བསྟེན་ཁང184སྨན་ཁང54བཅས་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ2001ཡོད་པའི་ནང་ལས་གཉེར་སྨན་པ436ཡོད། སྨན་བཅོས་སྒྲིག་བཟོའི་ཉལ་ཁྲི1444ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པ་ཁྲི27.84ཡོད་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.4%ཟིན།

7 ངལ་རྩོལ་ལས་ཞུགས།

སྤྱི་ལོ2018ལོར་ཅིན་པན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་མི3256གསར་དུ་ལས་ཞུགས་ཐུབ་པ་དང་། སློབ་གསོ་དང་འཕྲོད་བསྟེན་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་དོན་པ335གདན་ཞུ་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ918བསྐྱར་དུ་ལས་ཞུགས་ཐུབ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི370བསྐྱར་དུ་ལས་ཞུགས་ཐུབ། ཞིང་པ་ལས་མི་མི་ཐེངས་ཁྲི0.52ལ་སྤྱིར་བཏང་རྩལ་ནུས་གསོ་སྦྱོང་ཐུབ། གྲོང་གསེབ་ཀྱི་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི5.8ཟིན། ངལ་ལས་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར8.9བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ3.9ནང་ཚུན་དུ་ཚོད་འཛིན་བྱས་ཡོད།

8 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ཅིན་པན་རྫོང་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས160169ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བ28289ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཁུངས་སུ་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི3558ཡོད། གྲོང་གསེབ་ཏུ་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི128322བཅས་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི335532ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི34528ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི22598ཡོད། གྲོང་གསེབ་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་278406ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.4%ཟིན་ཡོད།

9 གཟི་བརྗིད་མཚན་སྙན།

ཅིན་པན་རྫོང་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་ཡིན།

ཞིང་ཆེན་རིམ་པའི་སྐྱེ་ཁམས་སྐྱེད་ཚལ་གྲོང་ཁྱེར་ཡིན།

སྤྱི་ལོ2018ལོའི་ཟླ2པར“ཧྲའན་ཞི་ཞིང་ཆེན་ཡིག་གཟུགས་ཀྱི་ཕ་ཡུལ”ཞེས་མཚན་སྙན་གནང་།   

སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།

སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་གི་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2019ལོའི་ཟླ11པར་རིམ་པ་གཉིས་པའི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང་གི་མིང་ཐོར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཅིན་པན་རྫོང་།