ཧྲེན་མུའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-26 09:01ལ་འགྲུབ།

ཧྲེན་མུའུ་གྲོང་ཁྱེར།

ཧྲེན་མུའུ་གྲོང་ཁྱེར།
ཧྲེན་མུའུ་གྲོང་ཁྱེར་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཆིན་ཅིན་མོང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། གཞི་ཁྱོན་ལ་བསྡོམས་འབོར་སྟོང་སྨི་གྲུ་མ7635ཟིན་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ་14ཡོད། རྒྱུན་སྡོད་མི་འབོར་ཁྲི48.50ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1298.03ཡོད་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.87དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར934.21ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར343.95བཅས་ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར271498ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
神木
ཕྱི་ཡིག་མིང་།
Shenmu
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་རྨ་ཆུའི་ནུབ་རྒྱུད།
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ7635
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ14
མི་གྲངས།
མི་ཁྲི48.50(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
སྲིད་གཞུང་གནས་ཡུལ།
ཧྲེན་མུའུ་གྲོང་རྡལ་གྱི་གཞུང་ལམ་ཨང་དང་པོ།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་ས་ཚིགས།
ཧྲེན་མུའུ་ས་ཚིགས།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
རླངས་འཁོར་ཚབ་ཨང་།
ཧྲའནK(陕K)
སྦྲག་སྲིད་ཨང་རྟགས།
719300
སྲིད་འཛིན་ཚབ་ཨང་།
610881
1 ངོ་སྤྲོད།

ཧྲེན་མུའུ་གྲོང་ཁྱེར་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཆིན་ཅིན་མོང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། གཞི་ཁྱོན་ལ་བསྡོམས་འབོར་སྟོང་སྨི་གྲུ་མ7635ཟིན་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ་14ཡོད། རྒྱུན་སྡོད་མི་འབོར་ཁྲི48.50ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1298.03ཡོད་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.87དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར934.21ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར343.95བཅས་ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར271498ཟིན་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1950ལོར་ཧྲེན་ཧྥུ་རྫོང་དང་ཧྲེན་མུའུ་རྫོང་གཉིས་ཧྲེན་མུའུ་རྫོང་དང་ཟླ་སྒྲིལ་བྱས།

སྤྱི་ལོ1958ལོར་ཧྲེན་མུའུ་དང་ཧྥུ་ཀུའུ་རྫོང་གཉིས་ཧྲེན་མུའུ་རྫོང་དང་ཟླ་སྒྲིལ་བཏང་།   

སྤྱི་ལོ1961ལོར་ཧྲེན་མུའུ་རྫོང་ཧྲེན་མུའུ་དང་ཧྥུ་ཀུའུ་རྫོང་གཉིས་སུ་ཕྱེ་ཞིང་། དེ་དང་མཉམ་དུ་ཡུས་ལིན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ2017ལོའི་ཟླ4པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས་་ཧྲེན་མུའུ་རྫོང་མེད་པར་བཟོས་ནས་རྫོང་རིམ་པའི་་ཧྲེན་མུའུ་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་ཧྲེན་མུའུ་རྫོང་གི་སྲིད་འཛིན་ས་ཁོངས་རྣམས་ཧྲེན་མུའུ ་གྲོང་ཁྱེར་གྱི་ཁོངས་སུ་བྱས་པ་དང་། ཧྲེན་མུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཧྲེན་མུའུ་གྲོང་རྡལ་གྱི་དབྱང་ལམ་ཨང་དང་པོར་བཅའ་སྡོད་བྱས་ཡོད། ཧྲེན་མུའུ་གྲོང་ཁྱེར་ནི་ཧྲའན་ཞི་ཞིང་ཆེན་གྱི་ཐད་གཏོགས་དང་། ཡུས་ལིན་གྲོང་ཁྱེར་གྱི་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད།

3 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོའི་བར་ཧྲེན་མུའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ14ཡོད། ཧྲེན་མུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཧྲེན་མུའུ་གྲོང་རྡལ་གྱི་གཞུང་ལམ་ཨང་དང་པོར་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག

ཧྲེན་མུའུ་གྲོང་ཁྱེར་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཆིན་ཅིན་མོང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། ཤར་གྱི་གཞུང་ཐིག109°40′—110°54′དང་། བྱ་གི་འཕྲེད་ཐིག38°13′—39°27′ བར་དུ་གནས་ཡོད། གཞི་ཁྱོན་ལ་བསྡོམས་འབོར་སྟོང་སྨི་གྲུ་མ7635ཟིན་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན།

5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲེན་མུའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི48.50ཟིན་པ་དང་། མི་འབོར་སྐྱེས་ཚད11.69%དང་། ཚེ་འདས་ཚད6.71%རང་བྱུང་འཕར་ཚད4.98%བཅས་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད70.29%ཟིན། ཐེམ་ཐོའི་མི་འབོར་ཁྲི17.5735ཟིན་ནས་ཁྱོན་མི་ཁྲི45.1545ཟིན་ཡོད། དེའི་ནང་སྐྱེས་པ་ཁྲི23.6213ཡོད་པ་དེས་སྤྱིའི་མི་འབོར་གྱི52.31%བཟུང་བ་དང་། བུད་མེད་ཁྲི21.5332ཟིན་པ་དེས་སྤྱིའི་མི་འབོར་གྱི47.69%བཟུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.5832དང་གྲོང་གསེབ་ཀྱི་མི་འབོར་ཁྲི32.5713ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1298.03ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་སུ8.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.87ཟིན་ནས3.0%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི1.53%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར934.21ཟིན་ནས7.4%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི71.97%བཟུང་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར343.95ཟིན་ནས11.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད26.50%ཟིན་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར438.31ཟིན་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི33.77%བཟུང་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར271498ཡིན།

7 གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་པ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར480.50བཏང་བ་དེ་དུས་མཚུངས་སུ62.6%འཕར་བའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར439.86བཏང་བ་དེ་དུས་མཚུངས་སུ60.9%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཁྲོད་བཟོ་ལས་མ་འཇོག་དུས་མཚུངས་སུ56.3%འཕར་བ་དང་། དམངས་ཁྲོད་མ་འཇོག་དུས་མཚུངས་སུ50.1%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་མ་འཇོག་དུས་མཚུངས་སུ34.9%བཅས་འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་མ་འཇོག་དུས་མཚུངས་སུ14.0%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་དུས་མཚུངས་སུ58.8%འཕར་ཡོད། ཐོན་ལས་གསུམ་པའི་མ་འཇོག་དུས་མཚུངས་སུ88.6%འཕར་ཡོད། ལོ་ཧྲིལ་པོར་ཨར་ལས་རྣམ་གྲངས788ཡོད་པ་ནང་ལས་འགོ་ཚུགས་པའི་རྣམ་གྲངས571ཡོད་། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས480ཡོད།

8 ནོར་ཁྲལ་ཡོང་སྒོ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་དུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར314.55བྱུང་བ་དེ་དུས་མཚུངས་སུ25.8%འཕར་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར87.55ཟིན་པ་དེ་དུས་མཚུངས་སུ22.5%འཕར་བའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར67.41ཟིན་པ་དེ་དུས་མཚུངས་སུ14.0%འཕར་བ་དང་། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར20.14ཟིན་ནས་དུས་མཚུངས་སུ63.1%འཕར་ཡོད། ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར105.77ཟིན་པ་དེ་དུས་མཚུངས་སུ21.4%འཕར་ཡོད།

9 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34275ཟིན་པ་དེ་དུས་མཚུངས་སུ8.0%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14586ཟིན་པ་དེ་དུས་མཚུངས་སུ8.9%འཕར་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་སྒོར27947ཟིན་པ་དེ་དུས་མཚུངས་སུ8.7%འཕར་ཡོད།

9_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་དུ་ཞིང་ནགས་འབྲོག་ཉ་བཅས་དང་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར36.19ཟིན་པ་དེ་དུས་མཚུངས་སུ3.2%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་དང་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར21.21ཟིན་པ་དེ་དུས་མཚུངས་སུ3.2%འཕར་ཡོད། ཞིང་ཆེན་རིམ་པའི་དཔེ་སྟོན་གླིང5དང་ཡུས་ལིན་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་དཔེ་སྟོན་གླིང14བསྐྲུན། ཞིང་ཆེན་རིམ་པའི་མཉམ་ལས་ཁང10དང་དཔེ་སྟོན་ཁྱིམ་ཚང་ཞིང་ར19གཏན་འཁེལ་བྱས།

9_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1860.30ཟིན་པ་དེ་དུས་མཚུངས་སུ7.5%འཕར་བའི་ནང་ཧྲེན་མུའུ་གྲོང་ཁྱེར་གྱི་དུད་ཚང242ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1795.07ཟིན་པ་དེ་དུས་མཚུངས་སུ7.3%འཕར་བ་དང་བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1721.64ལེགས་གྲུབ་བྱུང་བ་དེ་དུས་མཚུངས་སུ7.4%འཕར་བ་དང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད95.91%ཟིན་ཡོད། སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1640.88བྱུང་བ་དེ་དུས་མཚུངས་སུ9.7%འཕར་བ་དང་། ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར212.77ཟིན་པ་དེ་དུས་མཚུངས་སུ0.1%འཕར་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར469.58ཟིན་པ་དེ་དུས་མཚུངས་སུ2.2%འཕར་ཡོད། གྱོང་གུན་ཕོག་པའི་ཁེ་ལས་སྤྱི་ལོ2017ལོའི་དུས་མཚུངས་སུ་དུད་ཚང19ཉུང་དུ་ཕྱིན་པ་དང་དུས་མཚུངས་སུ20.4%མར་ཆག་ཡོད།

9_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧྲེན་མུའུ་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར62.11ཟིན་པ་དེ་དུས་མཚུངས་སུ10.7%འཕར་བ་དེའི་ནང་བཅད་གྲངས་ཡན་ནས་སྒོར་དུང་ཕྱུར29.30ཟིན་པ་དེ་དུས་མཚུངས་སུ13.3%འཕར་ཡོད། གཉེར་སྐྱོང་ཚན་པ་གནས་ཡུལ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར40.18ཟིན་པ་དེ་དུས་མཚུངས་སུ8.6%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.93ཟིན་ནས14.7%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར10.26ཟིན་ནས16.7%འཕར་བ་དང་། ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར51.85ཟིན་ནས9.6%འཕར་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ནང་འབྲུ་རིགས་དང་། སྣུམ། བཟའ་བཅའི་རིགས་དུས་མཚུངས་སུ13.6%འཕར་ཡོད། གྱོན་ཆས། ཞྭ་མོ། ཁབ་འཁལ་འཐག་ཐོན་རྫས་རིགས་བཅས་དུས་མཚུངས་སུ0.8%མར་ཆག་པ་དང་། ཉིན་རེའི་མཁོ་ཆས་རིགས་དུས་མཚུངས་སུ1.8%འཕར་ཡོད། ཁྱིམ་སྤྱོད་གློག་ཆས་དང་སྒྲ་སྐྱེད་ཡོ་ཆས་རིགས་དུས་མཚུངས་སུ2.3%འཕར་ཡོད། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་རྫས་རིགས་དུས་མཚུངས་སུ20.4%འཕར་ཡོད། རྡོ་སྣུམ་དང་ཐོན་རྫས་རིགས་དུས་མཚུངས་སུ48.7%འཕར་ཡོད། རླངས་འཁོར་གྱི་རིགས་དུས་མཚུངས་སུ12.5%མར་ཆག་ཡོད།

10 སློབ་གསོའི་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲེན་མུའུ་གྲོང་ཁྱེར་དུ་རིགས་ཁག་གི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ149དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ108755ཡོད། དེའི་ནང་བུ་བཅོལ་ཁང97དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ33308དང་ཆེད་བསྐོས་དགེ་རྒན3015ཡོད། སློབ་ཆུང29སློབ་གྲྭར་ཡོད་པའི་སློབ་མ49622དང་ཆེད་བསྐོས་དགེ་རྒན2107ཡོད། དམའ་རིམ་སློབ་འབྲིང18ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ15217ཡོད། ཆེད་བསྐོས་དགེ་རྒན1557ཡོད། མཐོ་རིམ་སློབ་འབྲིང3དང་སློབ་གྲྭར་ཡོད་པའི་སློབ་མ6084ཡོད་པ་དང་ཆེད་བསྐོས་དགེ་རྒན604ཡོད། ལས་རིགས་སློབ་འབྲིང1དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4405དང་ཆེད་བསྐོས་དགེ་རྒན403ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1སློབ་གྲྭར་ཡོད་པའི་སློབ་མ119དང་ཆེད་བསྐོས་དགེ་རྒན34ཡོད།

11 ​སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲེན་མུའུ་གྲོང་ཁྱེར་གྱི་འགན་བཅོལ་ཁག་ནང་ཞུགས་ནས་དངུལ་བུན་འཇལ་བའི་མི་གྲངས་ཁྲི45.01ཟིན་པ་དང་སྤྱི་ཚོགས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར9.45བསྡུས། དེའི་ནང་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་ཁྲི6.72ཡོད་པ་དང་ལས་ཤོར་མ་དངུལ་སྒོར་ཁྲི7418བསྡུ་ལེན་བྱས། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི8.15ཟིན་པ་དང་ཐེབས་རྩ་སྒོར་ཁྲི3980བསྡུ་འཇལ་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་མི་ཁྲི5.2ཞུགས། སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར3.13བསྡུས། བུ་བཙའི་འགན་བཅོལ་མི་ཁྲི5.04ཟིན། བུ་བཙའི་འགན་བཅོལ་ཐེབས་རྩ་སྒོར་ཁྲི779བསྡུས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི5.7གྱིས་རྒན་གསོའི་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར4.45བསྡུས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་མི་ཁྲི་14.2སྤྲད་པ་དང་འགན་བཅོལ་གྲོན་དངུལ་སྒོར་ཁྲི་6637བསྡུས་པ་དང་འགན་བཅོལ་ནང་ཞུགས་ཚད100%ཟིན་ཡོད། ཁྱོན་བསྡོམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ5770ལ་རྒན་གསོའི་འཚོ་དངུལ་སྒོར་དུང་ཕྱུར1.63སྤྲད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འཚོ་དངུལ་སྒོར་དུང་ཕྱུར1.42སྤྲད། ལས་རྨས་འགན་བཅོལ་དངུལ་སྒོར་ཁྲི4967སྤྲད། སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར2.39ཟིན།


དཔྱད་གཞིའི་ཡིག་ཆ།