ཧོང་ལུང་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-26 09:53ལ་འགྲུབ།

ཧོང་ལུང་རྫོང་།

ཧོང་ལུང་རྫོང་།
ཧོང་ལུང་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ས་སེར་རི་མ་ཐང་དུ་གནས་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་དབུས་བྱང་རྒྱུད་དུ་ཆགས་ཤིང་། ཡན་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་གནས་ཡོད། ནུབ་ཏུ་ལུའོ་ཁྲོན་དང་། ལྷོ་རུ་པེ་ཧྲུའེ། ཁྲེང་ཁྲེང་། ཧོ་དབྱང་བཅས་ལ་འབྲེལ་ཞིང་། ཤར་དུ་ཧན་ཁྲེང་དང་། བྱང་དུ་དབྱི་ཁྲོན་གཉིས་ལ་འབྲེལ་ཡོད། བྱང་གི་འཕྲེད་ཐིག35°24′05"—36°02′1"དང་། ཤར་གྱི་གཞུང་ཐིག109°38′49"—110°16′49"བར་དུ་གནས། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི69.754དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི62.195སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2752ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄龙县
ཕྱི་ཡིག་མིང་།
Huanglong County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་དབུས་ཁུལ།
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར།
མི་གྲངས།
མི་ཁྲི5(སྤྱི་ལོ2018ལོ)
མངའ་ཁོངས།
གྲོང་རྡལ5དང་ཡུལ་ཚོ2
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ2752
སྲིད་གཞུང་གནས་ཡུལ།
ཧྲི་པའོ་གྲོང་རྡལ།
ནམ་ཟླ།
དྲོ་རྒྱུད་དུས་རླུང་རང་བཞིན་གྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0911
རླངས་འཁོར་ཚབ་ཨང་།
ཧྲའནJ(陕J)
སྦྲག་སྲིད་ཨང་རྟགས།
715700
སྲིད་འཛིན་ཚབ་ཨང་།
610631
1 ​ངོ་སྤྲོད།

ཧོང་ལུང་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ས་སེར་རི་མ་ཐང་དུ་གནས་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་དབུས་བྱང་རྒྱུད་དུ་ཆགས་ཤིང་། ཡན་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་གནས་ཡོད། ནུབ་ཏུ་ལུའོ་ཁྲོན་དང་། ལྷོ་རུ་པེ་ཧྲུའེ། ཁྲེང་ཁྲེང་། ཧོ་དབྱང་བཅས་ལ་འབྲེལ་ཞིང་། ཤར་དུ་ཧན་ཁྲེང་དང་། བྱང་དུ་དབྱི་ཁྲོན་གཉིས་ལ་འབྲེལ་ཡོད། བྱང་གི་འཕྲེད་ཐིག35°24′05"—36°02′1"དང་། ཤར་གྱི་གཞུང་ཐིག109°38′49"—110°16′49"བར་དུ་གནས། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི69.754དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི62.195སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2752ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོའི)ཟླ1པའི་ཚེས1ཉིན་ཧྲའན་ཞི་ཞིང་ཆེན་གྱི་ཧོང་ལུང་ཧྲན་ས་ཁུལ་གྱི་དོན་གཅོད་ཁང་བཙུགས་པ་དང་། ཧོང་ཙི་ཁུལ་དང་ལུང་ཙི་ཁུལ། ཧྲན་ཙི་ཁུལ། ཆུས་ཙི་ཁུལ་བཅས་བཙུགས། མིན་གོའོ་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ1939ལོའིཟླ5པའི་ཚེས1ཉིན། ཧྲའན་ཞི་ཞིང་ཆེན་གྱི་ཧོང་ལུང་ས་ཁུལ་དོ་དམ་ཅུའུ་ཞེས་བསྒྱུར། མིན་གོའི་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོའི)ཟླ2པའི་ཚེས16ཉིན་ཧྲའན་ཞི་ཞིང་ཆེན་གྱི་ཧོང་ལུང་བཅོས་སྐྱོང་ཅུའུ་བཙུགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི་སྤྱི་ལོ1947ལོའི་ཟླ10པའི་ཚེས2ཉིན། ཧོང་ལུང་བཅིངས་འགྲོལ་ཐེངས་དང་པོ་ཐོབ་ནས་ཧོང་ལུང་རྫོང་བཙུགས་པ་དང་། ཧྲའན་ཀན་ཉིན་འབྲེལ་མཚམས་ས་ཁུལ་སྲིད་གཞུང་གི་ཧོང་ལུང་ཡན་ལག་དམག་ཁུལ་གྱི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ3པའི་ཚེས1ཉིན་ཝ་ཙི་ཁྲོམ་ལམ་གཡུལ་འགྱེད་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། ཧོང་ལུང་རྫོང་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་ཅིང་། ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཁོངས་སུ་གཏོགས། ཡན་ཨན་ཡན་ལག་དམག་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའིཟླ11པར། ཧོང་ལུང་རྫོང་མེད་པར་བཏང་ཞིང་། དེའི་མངའ་ཁོངས་ཀྱི་ས་ཆ་རྣམས་ལུའོ་ཁྲོན་དང་དབྱི་ཁྲོན། ཧན་ཁྲེང་སོགས་རྫོང་སོ་སོར་བགོས། སྤྱི་ལོ1961ལོའི་ཟླ9པའི་ཚེས15ཉིན། ཧོང་ལུང་རྫོང་གི་ལམ་ལུགས་སླར་གསོ་བྱས།

3 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོ་བར་ཧོང་ལུང་རྫོང་གི་མངའ་ཁོངས་སུ་ གྲོང་རྡལ5དང་ཡུལ་ཚོ2ཡོད། ཧོང་ལུང་རྫོང་མི་དམངས་སྲིད་གཞུང་ནི་ཧྲི་པའོ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

4 ཆབ་སྲིད།

རྫོང་ཨུ།

ཧྲུའུ་ཅི། ཝང་ཡུན་ཞང་།

ཧྲུའུ་ཅི་གཞོན་པ། ལི་ཧྥུ་རུང་དང་ཀྲང་ཀྲི་ཡུང་།

རྒྱུན་ཨུ། ཧོང་ལི་རུང་དང་། ཚུའེ་ཧུང་ཏེ། ཁྲེ་ཞུའེ་ནེང་། ལིའུ་ཞའོ་ཅུན། ཀའོ་ཡན་ཆིང་། ཀུའུ་ལང་ཐའོ། ཝུའུ་ཅང་ཧུང་། རེན་ཡུན།

རྫོང་མི་དམངས་འཐུས་ཚོགས།

ཀྲུའུ་རེན། ཀྲའོ་ལའེ་ཞི།

ཀྲུའུ་རེན་གཞོན་པ། ཁྲ་རུང་དང་། ཞིང་ཨའེ་ཞང་། ཀྲང་ཧུའེ། ཧྥེང་ཝེ།

རྫོང་སྲིད་གཞུང་

རྫོང་དཔོན། ལི་ཧྥུ་རུང་།

རྒྱུན་ལས་རྫོང་དཔོན་གཞོན་པ། ཚུའེ་ཧུང་ཏེ།

རྫོང་དཔོན་གཞོན་པ། ལུའུ་ཧྲུའུ་ཡུན་དང་། ཧྥེང་ཏུང་ཕིན། ཚའོ་ཙེང་ཅུན།

རྫོང་སྲིད་གྲོས།

ཀྲུའུ་ཞི། ཧྲེན་ལུང་།

ཀྲུའུ་ཞི་གཞོན་པ། ཝང་ཁྲུན་ཧྲེང་དང་ཧྥེང་དབྱིན་ཧྥང་།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར17.03ཟིན་པ་དེ་དུས་མཚུངས་སུ8.6%འཕར་བ་དང་ལོ་གོང་མའི་དུས་མཚུངས་སུ0.6%འཕར་ནས་གྲོང་ཁྱེར་ཡོངས་ལས0.5%དམའ་བ་དང་། ལོ་ཧྲིལ་པོར་ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ26.8:9.7:63.5ཟིན། ཐོན་ལས་གཉིས་པའི་བསྡུར་ཚད་དུས་མཚུངས་སུ2.1%འཕར་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་དུས་མཚུངས་སུ3.6%འཕར་ཡོད། ཐོན་ལས་དང་པོ5.7%བཅས་མར་ཆག་པ་རེད། ལེགས་སྐྱེས་གྲུབ་ཆའི་ཐད་ནས་བལྟས་ན། ཐོན་ལས་གསུམ་པ་འཕར་བ་དེས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད81.4%ཟིན་ནས་དེའི་གྲུབ་ཆའི་བསྡུར་ཚད་ཀྱི17.9%ལས་མཐོ། ཐོན་ལས་གཉིས་པས་ལེགས་སྐྱེས་འབུལ་ཚད7.6%ཟིན་ནས་དེའི་གྲུབ་ཆའི་བསྡུར་ཚད2.1%ལས་དམའ། ཐོན་ལས་དང་པོས་ལེགས་སྐྱེས་འབུལ་ཚད11%དང་། དེའི་གྲུབ་ཆ་བཟུང་ཚད15.8%ཡིན།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.57ཟིན་ནས2.7%འཕར་བ་དེ་དུས་མཚུངས་སུ2.1%མར་ཆག་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང3.2%འཕར་བ་དང་། ནགས་ལས་ཀྱི་རིན་ཐངམ2.8%འཕར་ཡོད། འབྲོག་ལས་ཀྱི་རིན་ཐང 0.2%འཕར་ཡོད། ཉ་ལས་ཀྱི་རིན་ཐང7.0%མར་ཆག་ཡོད། ཐོན་ལས་དང་པོའི་ནང་ཁུལ་གྱི་གྲུབ་ཆའི་ཐོག་ནས་བལྟས་ན། ལོ་ཧྲིལ་པོར་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.12ཟིན་པ་དེས་ཐོན་ལས་དང་པོའི་བསྡུར་ཚད་ཀྱི68.4%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་སུ2.2%འཕར་བ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.62ཟིན་པ་དེས13.5%བཟུང་ནས0.9%མར་ཆག་པ་དང་། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.79ཟིན་པ་དེས17.3%བཟུང་ནས1.4%མར་ཆག་ཡོད། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.04ཟིན་པ་དེས0.8%བཟུང་བ་དང0.1%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1.65ཟིན་ནས8.2%འཕར་བ་དང་ལོ་ཧྲིལ་པོར་རྒྱུན་ཆད་མེད་པར་འཕར་བའི་རྣམ་པ་ཐོན་ནས་དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་བསྡུར་ན6.1དང་41. 1%སོ་སོར་མཐོ་རུ་ཕྱིན་ནས་ལོ་གོང་མའི་དུས་མཚུངས་སུ0.6%འཕར་ཡོད། བཟོ་ལས་ཐོན་སྐྱེད་འཕར་ཚད་ཅུང་མགྱོགས། ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.84ལེགས་གྲུབ་ཟིན་ནས14%འཕར་བ་དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.73ཟིན་ནས16.2%འཕར་བ་དེ་དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལས13.8དང་12 20.3%བཅས་སོ་སོར་མཐོ་རུ་ཕྱིན་ནས་ལོ་གོང་མའི་དུས་མཚུངས་སུ4.1%འཕར་ཡོད། ཐོན་ལས་གཉིས་པའི་ནང་ཁུལ་གྱི་གྲུབ་ཆའི་ཐོག་ནས་བལྟས་ན། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.84ཟིན་པ་དེས་ཐོན་ལས་གཉིས་པའི་བསྡུར་ཚད་ཀྱི50.9%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་སུ13.8%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.81ཟིན་པ་དེས་ཐོན་ལས་གཉིས་པའི་བསྡུར་ཚད་ཀྱི49.1%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་སུ13.8%མར་ཆག་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧོང་ལུང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི35827.1ཟིན་པ་དེ་དུས་མཚུངས་སུ10.8%འཕར་བ་དེ་གྲོང་ཁྱེར་ཡོངས་ཀྱི0.1%ལས་མཐོ་བ་དང་དེའི་ནང་སིལ་ཚོང་དངུལ་འབོར་སྒོར་ཁྲི4951.1ཟིན་པ་དེ་དུས་མཚུངས་སུ18.4%འཕར་ནས་གྲོང་ཁྱེར་ཡོངས་ཀྱི7.5%ལས་མཐོ། ལོ་ཧྲིལ་པོར་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར10.81འཕར་ནས12.4%འཕར་བ་དེ་དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལས་4.4དང་3.5 0.6%བཅས་སོ་སོར་འཕར་ནས་ལོ་གོང་མའི་དུས་མཚུངས་སུ2.2%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས4.3%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས4.5%འཕར་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས7.6%འཕར་ཡོད། དངུལ་རྩའི་ལས་རིགས3.2%འཕར་ཡོད། ས་ཁང་ཐོན་ལས5.6%འཕར་ཡོད། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས33.3%འཕར་ཡོད། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས9.9%བཅས་འཕར་ཡོད། ཞབས་ཞུའི་ལས་རིགས་ནང་ཁུལ་གྱི་གྲུབ་ཆའི་ཐད་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.27ཟིན་པ་དེས་ཐོན་ལས་གསུམ་པའི་བསྡུར་ཚད་ཀྱི11.8%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་སུ1.1%མར་ཆག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.23ཟིན་པ་དེས2.1%བཟུང་ནས0.3%མར་ཆག་པ། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.49ཟིན་པ་དེས4.5%བཟུང་ནས0.2%མར་ཆག་པ། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.71ཟིན་པ་དེས6.5%བཟུང་ནས0.6%མར་ཆག་པ། ས་ཁང་བདག་ཁོངས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.41ཟིན་པ་དེས3.8%བཟུང་ནས0.1%མར་ཆག་པ། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.19ཟིན་པ་དེས20.3%བཟུང་ནས2.8%འཕར་ཡོད། ཁེ་གཉེར་རང་བཞིན་མ་ཡིན་པའི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར5.34ཟིན་པ་དེས49.4%བཟུང་ནས0.3%མར་ཆག་ཡོད།

6 སློབ་གསོའི་ལས་དོན།

སྤྱི་ལོ2015ལོར་ཧོང་ལུང་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་ཚད95%དང་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་ཚད95%ཟིན་ཡོད། ལོ་མཇུག་ཏུ་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1145དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1810སློབ་ཆུང་གི་སློབ་མ2810བཅས་ཡོད་པ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང21གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས་དཀའ་ངལ་ཡོད་པའི་སློབ་མ་མི6712ལ་རོགས་སྐྱོར་བྱས་ཟིན།

7 ངལ་རྩོལ་ལས་ཞུགས།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གིས་གཞུང་ལས་པ་དང་ཁེ་ལས་ཀྱི་བྱ་གཞག་ཚན་པའི་ལས་དོན་པ219བསྡུས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས272མང་དུ་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.79%ཟིན། ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི1501བཅས་སྤྲད་པ་རེད།

8 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི46273དང་། གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི24046ལས་ཁུངས་དང་བྱ་གཞག་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི4355ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི4262ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི4600ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི2668བཅས་ཡོད།

9 སྤྱི་ཚོགས་ཕན་བདེ།

སྤྱི་ལོ2018ལོར་ཧོང་ལུང་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང1408མི4544འགན་ལེན་བྱས་ནས་མ་མཐའི་འཚོ་བ་འགན་ལེན་བྱེད་དངུལ་སྒོར་ཁྲི1571.73སྤྲད་པ་དང་། འགན་ལེན་ལྔའི་འགན་ལེན་བྱ་ཡུལ་མི386འགན་ལེན་བྱས་པ་དང་འགན་ལེན་བསྙེན་བཀུར་དངུལ་སྒོར་ཁྲི348.06སྤྲད། སྨན་བཅོས་རོགས་སྐྱོར་དང་གཅོང་ནད་མི900ལ་སྨན་བཅོས་རོགས་སྐྱོར་དངུལ་སྒོར་ཁྲི405.16སྤྲད། ཡུལ་ཚོ་དང་གྲོང་ཚོའི་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི1558.12བྱས་པ་དང་རྫོང་རིམ་པའི་རོགས་སྐྱོར་མི233ལ་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི39.84སྤྲད།

10 གཟི་བརྗིད་མཚན་སྙན།

ཧོང་ལུང་རྫོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྔོན་ཐོན་རྫོང་ཐོབ།

རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་ལུགས་སྔོན་ཐོན་རྫོང་།

རྒྱལ་ཡོངས་ཀྱི་ལུས་སྦྱོང་སྔོན་ཐོན་རྫོང་།

རྒྱལ་ཁབ་ཀྱི་སྐྱེད་ཚལ་རྫོང་།

རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་།

རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་གྲོང་།

ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང་།

ཞིང་ཆེན་ཡོངས་ཀྱི་རྫོང་མཁར་འཛུགས་སྐྲུན་སྔོན་ཐོན་རྫོང་།

ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཀའི་སྔོན་ཐོན་རྫོང་།

ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་།

ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་རྫོང་།

ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་གྲོང་།

ཞིང་ཆེན་རིམ་པའི་སྔོ་འགྱུར་དཔེ་བཟང་རྫོང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཧོང་ལུང་རྫོང་།