ཧོང་ཀྲོའུ་ཆུས།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-27 15:00ལ་འགྲུབ།

ཧོང་ཀྲོའུ་ཆུས།

ཧོང་ཀྲོའུ་ཆུས།
ཧོང་ཀྲོའུ་ཆུས་ནི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད་དང་། ཏ་པིའེ་ཧྲན་རི་བོའི་ལྷོ་ངོས། འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་བཅས་ཡིན་པ་དང་། དེ་ནི་ཧོང་ཀང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས། ཨོ་ཀྲོའུ་གྲོང་ཁྱེར་དང་གཙང་པོའི་ཆོད་ཡོད་ཅིང་། ཝུའུ་ཧན་གྲོང་ཁྱེར་དང་ཆུ་ཚོད་གཅིག་གི་ལམ་ཐག་ལས་མེད། ཤར་ནས་པ་ཧྲུའེ་དང་ཞི་ཧྲེའེ་རྫོང་ལ་འབྲེལ་བ་དང་། ལྷོ་ནུབ་འབྲི་ཆུར་འབྲེལ་ཡོད་ལ་ཨེ་ཀྲོའུ་གྲོང་ཁྱེར་དང་ཕན་ཚུན་ཁ་གཏད་དུ་ཡོད། ནུབ་བྱང་ཐོན་ཧྥེང་རྫོང་དང་འབྲེལ་ཞིང་། བྱང་ཤར་ནི་ཐོན་ཧྥེང་རྫོང་ཧུའེ་ལུང་ཧྲན་གྲོང་རྡལ་དང་ཧྲང་པ་ཧོ་གྲོང་རྡལ་དང་ས་མཚམས་འབྲེལ་ཡོད། ཤར་གྱི་གཞུང་ཐིག114°49′ནས115°05′བར་དང་། བྱང་གི་འཕྲེད་ཐིག30°25′ནས30°39′བར་ཡིན། སྤྱིའི་མི་འབོར་ཁྲི40ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ353ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄州区
ཕྱི་ཡིག་གི་མིང་།
Huangzhou district
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས།
མངའ་ཁོངས།
ཡུས་ཝང་། ནན་ཧུའུ། ཏུང་ཧུའུ། ཁྲི་པི། ལུའུ་ཁུའུ། ཐའོ་ཏེན། ཁྲེན་ཚའེ་ལོའུ། ཏུའུ་ཁྲེང་།
སྲིད་གཞུང་གནས་ཡུལ།
ཁྲི་པི་ཁྲོམ་གཞུང་།
སྦྲག་སྲིད་ཨང་རྟགས།
438000
ས་ཁོངས་ཁ་པར་ཨང་རྟགས།
0713
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ353ཡོད།
མི་གྲངས།
ཁྲི40(སྤྱི་ལོ2016ལོར)
ཡུལ་སྐད།
ཅང་ཧོའེ་ཡི་གཞུང་སྐད། ཧོང་ཀང་གི་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
དབྱི་ཨའེ་མཚེའུ། ཏུང་ཕོ་ཁྲི་པི། ཆིན་ཡུན་ཐ།
གནམ་གྲུ་ཐང་།
ཝུའུ་ཧན་ཐེན་ཧོ་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཧོང་ཀྲོའུ་ས་ཚིགས། ཧོང་ཀང་ནུབ་ས་ཚིགས། ཧོང་ཀང་ཏུང་ས་ཚིགས། ཧོང་ཀང་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J
སྲིད་འཛིན་ཚབ་ཨང་།
421102
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོར་ཧོང་ཀང་རྫོང་བཅིངས་འགྲོལ་བཏང་རྗེས། རྫོང་སྲིད་གཞུང་ཐོན་ཧྥུན་གྲོང་རྡལ་དུ་བཅའ་སྡོད་བྱས། ཧོང་ཀང་སྲིད་འཛིན་ས་ཁུལ་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཁོངས་སུ་གཏོགས། རྗེས་སུ་ཧུའུ་པེ་ཞིང་ཆེན་ཧོང་ཀང་ཀྲོན་ཡོན་ཀུང་ཧྲུའུ་ཞེས་མིང་བསྒྱུར། སྤྱི་ལོ1951ལོའི་ཟླ6པའི་ཚེས20ཉིན། ཧོང་ཀང་རྫོང་གི་ནུབ་ཕྱོགས་ཀྱི་ཞུས་ཀུའུ་དང་ཝང་ཅི། ལི་ཅི། ཅིའུ་ཏའོ། ཞིན་ཀྲོའུ། སན་ཏེའོ། ཚང་ཧྥུ། དབྱང་ལུའོ་བཅས་ཆུས་བརྒྱད་ཀྱིས་ཞིན་ཀྲོའུ་རྫོང་བཙུགས། སྤྱི་ལོ1951ལོའི་ཟླ7པར་རྫོང་རིམ་པའི་ཧོང་ཀྲོའུ་གྲོང་རྡལ(ད་ལྟ་ཧོང་ཀྲོའུ་གྲོང་ཁུལ་གྱི་སྔོན་མིང)བཙུགས་པ་དེ་ཧོང་ཀང་ཀྲོན་ཧྲུའུ་ཡི་ཐད་གཏོགས་ཡིན། སྤྱི་ལོ1954ལོར་ཏ་ཧྲུའེ་ཧོང་ཀང་རྫོང་གིས་གཏོར་བརླག་བྱས་པ་དང་། སྤྱི་ལོ1955ལོར་རྫོང་སྲིད་གཞུང་དེ་ཐོན་ཧྥེང་གྲོང་རྡལ་ནས་ཧོང་ཀྲོའུ་གྲོང་རྡལ་དུ་སྤོས། ཧོང་ཀྲོའུ་གྲོང་རྡལ་དེ་ཧོང་ཀང་རྫོང་དུ་ཕྱིར་ལོག སྤྱི་ལོ1958ལོའི་ཟླ10པར་ཧོང་ཀྲོའུ་གྲོང་རྡལ་མེད་པར་བཟོས་ནས་འབྲི་ཆུ་མི་དམངས་ཀུང་ཧྲེའི་རུ་ཆེན་བདུན་པ་བཙུགས། ལོ་དེའི་ཟླ12པར། འབྲི་ཆུའི་མི་དམངས་ཀུང་ཧྲེ་དེ་ཧོང་ཀྲོའུ་མི་དམངས་ཀུང་ཧྲེར་བསྒྱུར། སྤྱི་ལོ1979ལོའི་ཟླ11པའི་ཚེས16ཉིན། ཧུའུ་པེའི་གྲོང་ཁྱེར་བཙུགས་པ་དང་། ཧོང་ཀང་རྫོང་ཧོང་ཀྲོའུ་གྲོང་རྡལ་ཧུའུ་པེའི་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1983ལོའི་ཟླ8པའི་ཚེས19ཉིན། ཧོང་ཀང་རྫོང་ཧོང་ཀྲོའུ་གྲོང་རྡལ་དེ་ཅང་ནན་ཨོ་ཀྲོའུ་གྲོང་ཁྱེར་དུ་བགོས། སྤྱི་ལོ1984ལོའི་ཟླ1པོར་དངོས་སུ་རྩིས་སྤྲོད་བྱས་པ་དང་། ཨོ་ཀྲོའུ་གྲོང་ཁྱེར་གྱིས་འབྲི་ཆུའི་བྱང་རྒྱུད་ཀྱི་ཧོང་ཀྲོའུ་གྲོང་རྡལ་གྱི་ས་ཁོངས་སུ་ཨོ་ཀྲོའུ་གྲོང་ཁྱེར་ཧོང་ཀྲོའུ་ཆུས་བཙུགས། སྤྱི་ལོ1984ལོའི་ཟླ3པར། ཧོང་ཀྲོའུ་མི་དམངས་ཀུང་ཧྲེ་མེད་པར་བཟོས་ཤིང་། ཀུའེ་ཁྲེང་མི་དམངས་ཀུང་ཧྲེ་དང་ཟླ་སྒྲིལ་གྱིས་ཏེ་ཡུས་ཝང་གྲོང་ཁུལ་བཙུགས།

སྤྱི་ལོ1987ལོའི་ཟླ2པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་ཀྲོའུ་གྲོང་ཁྱེར་ཧོང་ཀྲོའུ་ཁུལ་ཕྱིར་འཐེན་བྱེད་པར་ཆོག་མཆན་བཀོད། དེ་སྔའི་ཧོང་ཀྲོའུ་གྲོང་རྡལ་གྱི་ས་ཁོངས་ཧོང་ཀང་རྫོང་ལ་བགོས་ཤིང་། སྔར་བཞིན་ཧོང་ཀང་རྫོང་གི་ཐད་སྐྱོང་སྒྲིག་ཁོངས་གྲོང་རྡལ་ཡིན། སྤྱི་ལོ1990ལོའི་ཟླ12པའི་ཚེས26ཉིན་ཧོང་ཀང་རྫོང་ཧོང་ཀྲོའུ་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1996ལོའི་ཟླ5པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧོང་ཀང་ས་ཁུལ་གྱི་འཛུགས་སྐྲུན་མེད་པར་བཟོས་ཏེ། ཧོང་ཀང་གྲོང་ཁྱེར་བཙུགས། ཧོང་ཀྲོའུ་གྲོང་ཁྱེར་གཉིས་སུ་བགོས་ཏེ། ཧོང་ཀྲོའུ་ཆུས་དང་ཐོན་ཧྥེང་རྫོང་དུ་བགོས་ཤིང་། ཧོང་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས།

སྤྱི་ལོ1995ལོའི་ཟླ12པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར། (1)ཧོང་ཀང་ས་ཁུལ་དང་ཧོང་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་ནས། ས་ཁུལ་རིམ་པའི་ཧོང་ཀང་གྲོང་ཁྱེར་བཙུགས། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་གསར་དུ་བཙུགས་པའི་ཧོང་ཀྲོའུ་ཆུས་ཀྱི་བདུན་གཅིག་ལམ་དུ་བཅའ་སྡོད་བྱས། (2)ཧོང་ཀང་གྲོང་ཁྱེར་དུ་ཧོང་ཀྲོའུ་ཆུས་དང་ཐོན་ཧྥེང་རྫོང་བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2005ལོའི་ལོ་མཇུག་ཏུ་ཧོང་ཀྲོའུ་ཆུས་སུ་ཁྲོམ་གཞུང4དང་། གྲོང་རྡལ3 ཤང1བཅས་ཡོད། ཁྱོན་གྲོང་མི་ཨུ་ལྷན33དང་གྲོང་ཚོ་ཨུ་ལྷན89ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧོང་ཀྲོའུ་ཆུས་ནི་འབྲི་ཆུའི་བར་རྒྱུད་ཀྱི་བྱང་ངོགས་དང་། ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད། ཧོང་ཀང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཧུའུ་པེ་ཞིང་ཆེན་གྱི་ལྟེ་གནས་ཝུའུ་ཧན་གྱི་སྐམ་ལམ་དང་བར་ཐག་སྟོང་སྨི65དང་ཆུ་ལམ་དང་སྟོང་སྨི90ཡོད། ཧོང་ཀྲོའུ་ཆུས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི26དང་། ཤར་ནུབ་ཀྱི་ཞེང་ལ་སྟོང་སྨི24.3ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ353.03དང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ15.2ཡོད། ཤར་ནས་པ་ཧྲུའེ་དང་ཞི་ཧྲེའེ་རྫོང་ལ་འབྲེལ་བ་དང་། ལྷོ་ནུབ་འབྲི་ཆུར་འབྲེལ་ཡོད་ལ་ཨེ་ཀྲོའུ་གྲོང་ཁྱེར་དང་ཕན་ཚུན་ཁ་གཏད་དུ་ཡོད། ནུབ་བྱང་ཐོན་ཧྥེང་རྫོང་དང་འབྲེལ་ཞིང་། བྱང་ཤར་ནི་ཐོན་ཧྥེང་རྫོང་ཧུའེ་ལུང་ཧྲན་གྲོང་རྡལ་དང་ཧྲང་པ་ཧོ་གྲོང་རྡལ་དང་ས་མཚམས་འབྲེལ་ཡོད། ཤར་གྱི་གཞུང་ཐིག114°49′ནས115°05′བར་དང་། བྱང་གི་འཕྲེད་ཐིག30°25′ནས30°39′བར་ཡིན།

3_2 ས་དབྱིབས།

ཧོང་ཀྲོའུ་ཆུས་ཀྱི་ས་བབ་ནི་བྱང་ཤར་ནས་ལྷོ་ནུབ་ཏུ་གསེག་ཡོད་པ་དང་། ཤར་བྱང་གི་རྒྱུད་དུ་རི་མ་ཐང་གཙོ་བོ་ཡིན་ཞིང་། ལྷོ་རྒྱུད་དུ་པིན་ཅང་གི་བདས་བསགས་བདེ་ཐང་གཙོ་བོ་ཡིན། ཆུས་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི14.2~186བར་ཡིན་པ་དང་བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་ཆུང་། ཧོང་ཀྲོའུ་ཆུས་ཀྱི་བྱང་ཤར་རྒྱུད་དང་ཐོན་ཧྥུང་རྫོང་གི་འབྲེལ་མཚམས་ཀྱི་ཧྥིན་ཧོ་རིའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི186ཡིན་པ་དེ་ཆུས་ཡོངས་ཀྱི་ས་བབ་མཐོ་ཤོས་ཡིན་པ་དང་། པད་ཐན་མཚེའུ་ཡི་སི་ཏན་རའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི14.2ཡོད་པ་དེ་ནི་ཆུས་ཡོངས་ཀྱི་ས་བབ་ཆེས་དམའ་ཤོས་ཀྱི་ས་ཆ་ཡིན།

3_3 ནམ་ཟླ།

ཧོང་ཀྲོའུ་ཆུས་ནི་ཚ་ཁུལ་ཕལ་བའི་ཁུལ་དུ་གནས་པ་དང་། དཔེ་མཚོན་གྱི་དུས་རླུང་ཁུལ་ཡིན། ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་གནམ་གཤིས་ཡིན་ཞིང་། དུས་བཞིའི་དབྱེ་བ་གསལ་བ་དང་། འོད་འདང་ངེས་ཡིན་པ། དྲོད་ཚད་ཕུན་སུམ་ཚོགས་པ། བ་མོ་མེད་པའི་དུས་ཡུན་རིང་བ། ཆར་ཆུ་འབེལ་བ། ཆར་ཆུ་དང་ཚ་བ་དུས་ཚིགས་གཅིག་པ། ལོ་ཏོག་སྣ་མང་སྐྱེ་འོས་པ་བཅས་ཡིན། འོན་ཀྱང་དཔྱིད་ཀར་དྲོད་ཚད་དམའ་བ་དང་། དབྱར་དཔྱིད་གཉིས་ཀྱི་བར་མཚམས་སུ་སོས་ཆར་འབབ་པ། ཚ་བའི་དུས་སུ་ཐན་པ་ཡོད།

4 མི་གྲངས་དང་མི་རིགས།     
4_1 མི་གྲངས།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཧོང་ཀྲོའུ་ཆུས་ཁོངས་གཏོགས་སུ་ཐེམ་ཐོའི་དུད་ཚང་ཁྲི15.08ཡོད་པ་དང་། ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི35.1ཡོད། རྒྱུན་སྡོད་མི་འབོར་ཁྲི37.22ཡོད་པ་རེད། ལོ་ཧྲིལ་པོར་མི་འབོར3757སྐྱེས་པ་དང་མི་འབོར་སྐྱེ་ཚད་སྟོང་ཆའི9.88%ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1710ཡོད་པ་དང་ཤི་ཚད་སྟོང་ཆའི4.50%ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི5.38ཡིན། སྤྱི་ལོ2016ལོའི་མི་གྲངས་བསྡོམས་འབོར་མི་ཁྲི40ཡོད།     མི་རིགས།     ཧོང་ཀྲོའུ་ཆུས་ཀྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་སོག་རིགས་དང་། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ཧོར་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་གྲངས་ཉུང་མི་རིགས་ཁྱབ་ཡོད།

4_2 དཔལ་འབྱོར།

སྤྱི་ལོ2015ལོར་ཧོང་ཀྲོའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར135.8བྱུང་བ་དེ་དུས་མཚུངས་ལས10.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར14.27ཡོད་པ་དང་དུས་མཚུངས་ལས5.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར60.12ཡོད་པ་དང་དུས་མཚུངས་ལས 9.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.41ཡོད་པ་དང་དུས་མཚུངས་ལས11.4%འཕར་ཡོད། མི་རེའི་ཆ་སྙོམས་རིན་གོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར47986ཡོད་པ་དང་སྤྱི་ལོ2014ལོ་ལས་སྒོར4057གཙང་འཕར་བྱུང་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ་སྤྱི་ལོ2014ལོའི་དུས་མཚུངས་ཀྱི11.4:44.1:44.5ནས10.5:44.31:45.2བར་ལེགས་སྒྲིག་བྱས་ཡོད།

5 སྤྱི་ཚོགས་ཀྱི་ལས་དོན།     
5_1 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2015ལོའི་བར་ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན50785ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན75889ཡོད་པའི་ནང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་མཁན60366ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི25631ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི40219ཡོད་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི9800ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི18826ཡོད་པ་དང་། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི9410ཡོད། བུ་བཙའི་འགན་བཅོལ་ཁྱབ་ཚད97%ཟིན་པ་དང་། ལོ་ཧྲིལ་པོར་བུ་བཙའི་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་བུད་མེད་ལས་བཟོ་བ179ཡོད།

5_2 སློབ་གསོའི་བྱ་གཞག

སྤྱི་ལོ2015ལོའི་ལོ་མཇུག་བར་ཆུས་ཡོངས་སུ་རིགས་ཁག་གི་སློབ་གྲྭ་དང་བུ་བཅོལ་ཁང77ཡོད་པ་དང་ཆེད་བསྐོས་དགེ་རྒན་ཁྱོན2089ཡོད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྱོན33994ཡོད་པ་རེད། དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ3དང་། ཆེད་བསྐོས་དགེ་རྒན81 སློབ་གྲྭར་ཡོད་མུས་ཀྱི་སློབ་མ547བཅས་ཡོད། སློབ་འབྲིང་དཀྱུས་མ12དང་ཆེད་བསྐོས་དགེ་རྒན830དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ10033ཡོད། སློབ་ཆུང34ཡོད་པ་དང་ཆེད་བསྐོས་དགེ་རྒན878དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ14024ཡོད། བུ་བཅོལ་ཁང34ཡོད་པའི་ནང་ཆེད་མངགས་བྱིས་པའི་དགེ་རྒན282དང་བུ་བཅོལ་ཁང་དུ་བྱིས་པ7282ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་ཆེད་བསྐོས་དགེ་རྒན18དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ108ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད91.26%དང་། སློབ་ཆུང་གི་སློབ་ཞུགས་བྱེད་ཚད100%ཡིན། དམའ་རིམ་སློབ་འབྲིང་གི་སློབ་ཞུགས་བྱེད་ཚད99.37% དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད99.4%བཅས་ཡིན་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་རིམ་འཕར་ཚད87.15%ཟིན་ཡོད་པ་རེད། ལོ་ཧྲིལ་པོར་སྒོར་དུང་ཕྱུར2ལྷག་ཙམ་བཏང་ནས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཤང་གྲོང་གི་གཞུང་བཙུགས་བུ་བཅོལ་ཁང7དང་གྲོང་ཚོ་རིམ་པའི་ཞོར་གཏོགས་བུ་བཅོལ་ཁང18བསྐྲུན་ཡོད།

5_3 རིག་གནས་བྱ་གཞག

སྤྱི་ལོ2015ལོའི་བར་ཧོང་ཀྲོའུ་ཆུས་སུ་ད་ཆ་རིག་གནས་ཁང1ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ2900ཡོད་པ་དང་། རྟེན་རྫས་བཤམས་མཛོད་ཁང1དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ2000ཟིན་པ་དང་འགྲེམས་ཁང་ནང་གསོག་ཉར་དངོས་རྫས3235ཡོད། སྤྱི་པའི་དཔེ་མཛོད་ཁང1དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1582ཡོད་པ་དང་དེབ་ཁྲི10.47ཡོད། རིམ་རྩིས་བྱས་ན་དེབ་གཡོར་ལག་ཁྱེར7791སྤྲད་ཡོད་པ་རེད། ཆུས་ཡོངས་ཀྱི་རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་པ་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད།

5_4 སྨན་བཅོས་ལས་དོན།     

སྤྱི་ལོ2015ལོའི་བར་ཧོང་ཀྲོའུ་ཆུས་སུ་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི288ཡོད་པའི་ནང་གྲོང་ཁུལ་གྱི་སྨན་ཁང15དང་། ཤང་གྲོང་འཕྲོད་བསྟེན་ཁང5 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས3 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང2 འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི4450ཡོད་པའི་ནང་གྲོང་ཁུལ་སྨན་ཁང་གི་ནད་ཁྲི3827དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ནད་ཁྲི132ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ4284དང་། ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ1431ཡོད་པ་དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1271དང་། ཐོ་འགོད་ནད་གཡོག་པ1837 སྨན་པ་དཀའ་བཅུ་པ292 ལག་རྩལ་པ270བཅས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་ཚད98%ཟིན་ནས་སྲིད་ཇུས་ལྟར་ཕྲུ་གུ་སྐྱེ་ཚད86.49%ཟིན་པ་དང་། ཕྲུ་གུའི་ཕོ་མོའི་བསྡུར་ཚད112.49%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ས་ཁུལ། ཆུས།