མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར། གོ་མིན་ཏང་ཡོན་རྒན་གྲས་སུང་ཅའོ་རེན་གྱི་ཕ་ཡུལ་ཧུའུ་ནན་ཞིང་ཆེན་ཐའོ་ཡོན་རྫོང་གི་མིང་དང་འདྲ་བའི་རྐྱེན་གྱིས་སླར་ཡང་སི་དབྱང་རྫོང་ཞེས་པར་བསྒྱུར་ཅིང་། ཅང་སུའུ་ཞིང་ཆེན་ཧོའེ་དབྱང་ཏའོ་ཡི་ཁོངས་སུ་གཏོགས་པ་རེད། རྒྱལ་དམངས་སྲིད་གཞུང་བཙུགས་ནས་ཏའོ་ཡི་ལམ་ལུགས་དོར་ཏེ་ཅང་སུའུ་ཞིང་ཆེན་སྲིད་གཞུང་ལ་ཐད་ཀར་གཏོགས་པར་བྱས།
མི་སེར་རྒྱལ་ཁབ་ཀྱིའི་སྲིད་ལོ་ཉི་ཤུ་པར། ཅང་སུའུ་ཡིས་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གསུམ་དབྱེ་པ་དང་། སི་དབྱང་དེ་ཁུལ་བཅུ་གཅིག་པར་གཏོགས་པར་བྱས། ཕྱིས་སུ་ཆུས་དགུ་རུ་བགོས་ཤིང་། སི་དབྱང་ནི་ཁུལ་བདུན་པའི་ཧོའེ་དབྱིན་ཆུས་སུ་གཏོགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བརྒྱད་པའི་དཔྱིད་ཀར། འཇར་དམག་གིས་སི་དབྱང་བླངས་པ་དང་རྫོང་མཁར་གཏོར་བ་རེད།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པར། སི་དབྱང་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་དབང་བཙུགས། དམག་འཁྲུག་གི་གནས་བབ་དང་བསྟུན་ཆེད། སི་དབྱང་དང་ཁྱིམ་མཚེས་རྫོང་གི་ས་ཁུལ་ཁ་ཤས་སུ་སུའུ་ཧྲུའུ་དང་། ཧོའེ་སི། སི་དབྱང་། མིས་བཟོས་གཙང་པོའི་དམིགས་བསལ་ཆུས་བཅས་རྫོང་རིམ་པའི་དམངས་གཙོའི་སྲིད་དབང་བཞི་བཙུགས།
མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གསུམ་པར། མིས་བཟོས་གཙང་པོའི་དམིགས་བསལ་ཆུས་ཕྱིར་འཐེན་བྱས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པར་ཧོའེ་སི་ཕྱིར་འཐེན་ནས་སི་དབྱང་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར། སི་ཧྲུའུ་དང་སི་དབྱང་གཉིས་ཟླ་སྒྲིལ་བཏང་སྟེ་དེ་སྔའི་སི་དབྱང་གཞི་རྩའི་ཆ་ནས་བསྐྱར་གསོ་བྱས་ཤིང་། རྫོང་སྲིད་གཞུང་ནི་ཀྲུང་ཞེང་གྲོང་རྡལ་བཙུགས་ནས་ཧོའེ་དབྱིན་ཀྲོན་ཆུས(དེང་སྐབས་ཀྱི་ཧོའེ་ཨན་གྲོང་ཁྱེར།)ཁོངས་སུ་གཏོགས་པར་བྱས།
སྤྱི་ལོ2000ལོའི་ཟླ7པར། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་ཤང་དང་ཁྲོན་ཁྲེང་ཤང་། ཀའོ་ཏུའུ་ཤང་། ཀྲེང་ལོའུ་ཤང་། ཀྲང་ཅ་ཞུས་ཤང་། ལུའུ་ཅི་ཤང་བཅས་མེད་པར་བཟོས་ཏེ། དེའི་ཁོངས་གཏོགས་ས་ཁོངས་སུ་ཀྲུང་དབྱང་གྲོང་རྡལ་དང་། ཁྲོན་དབྱང་གྲོང་རྡལ། ཀའོ་ཏུའུ་གྲོང་རྡལ། ཀྲེང་ལོའུ་གྲོང་རྡལ། ཀྲང་ཅ་ཡུས་གྲོང་རྡལ། ལུའུ་ཅི་གྲོང་རྡལ་བཅས་བཙུགས་ཏེ། གྲོང་རྡལ་གྱི་དོ་དམ་གྲོང་ཚོའི་སྒྲིག་སྲོལ་ལག་བསྟར་བྱེད་པར་འཐད་པ་བྱུང་། སྤྱི་ལོ2000ལོའི་ལོ་མཇུག་ཏུ། སི་དབྱང་རྫོང་ཁོངས་ཀྱི་གྲོང་རྡལ15དང་ཤང7ཡོད།
སྤྱི་ལོ2004ལོའི་ཟླ3པར། ཡང་ཧོ་གྲོང་རྡལ་དང་། ཀྲེང་ལོའུ་གྲོང་རྡལ། ཀྲུང་དབྱང་གྲོང་རྡལ། ཚང་ཅི་གྲོང་རྡལ། ཐུའུ་ཡོན་ཤང་བཅས་ལྷོ་ནུབ་ཀྱི་ཤང་གྲོང་ཆེ་གྲས་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཀྱི་དོ་དམ་ཁོངས་སུ་བཅུག སྤྱི་ལོ2004ལོའི་ལོ་མཇུག་ཏུ། སི་དབྱང་རྫོང་ཁོངས་སུ་གྲོང་རྡལ12དང་། ཤང6། ར་བ2བཅས་ཡོད།
སྤྱི་ལོ2005ལོའི་ཟླ8པར། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སི་དབྱང་རྫོང་གི་གྲོང་ཁུལ་གྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས་ཏེ། ཁྲེང་ཞང་གྲོང་རྡལ་དང་ལའེ་ཨན་ཞང་མེད་པར་བཟོས་ནས། ས་ཁོངས་དེ་ཀྲུང་ཞེང་གྲོང་རྡལ་དུ་བགོས་ཤིང་། སི་དབྱང་རྫོང་དུ་གྲོང་རྡལ11དང་། ཤང5། ར་བ2། གྲོང་ཚོ(གྲོང་ལྷན)ཨུ་ཡོན་ལྷན་ཁང260བཅས་བཙུགས།
སྤྱི་ལོ2012ལོའི་ཟླ་དང་པོར། སི་དབྱང་གྲོང་ཁུལ་གྱི་ཁྲོམ་གཞུང་གི་གནས་བབ་གཙོ་བོ་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། གྲོང་ཁུལ་གྱི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། གཙོ་རྣམས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བཅས་བྱ་ཆེད། ལའེ་ཨན་དང་། ཁྲེང་ཞང་། ཧྲི་ཅི་བཅས་སྡེ་ཁུལ་གསུམ་མེད་པ་བཟོས་པ་དང་། ལའེ་ཨན་ཁྲོམ་གཞུང་གཞུང་དོན་ཁང་དང་། ཁྲེང་ཞང་ཁྲོམ་གཞུང་གཞུང་དོན་ཁང་། ཧྲི་ཅི་ཁྲོམ་གཞུང་གཞུང་དོན་ཁང་བཅས་ལ་དངོས་སུ་སྒོ་བྱང་བཀལ་བ་རེད།
སྤྱི་ལོ2013ལོར། ཝང་ཅི་གྲོང་རྡལ་དང་ཞིན་ཡོན་གྲོང་རྡལ་རྒྱལ་ཁབ་ཀྱི་གཙོ་གནད་གྲོང་རྡལ་དུ་ཚུད། ལོ་དེར། སུའུ་ཆན་གྱིས་“མདའ་གཅིག་གཞོན་པ་གཉིས་དང་གྲོང་ཁྱེར་དགུ”ཡི་འཕེལ་རྒྱས་འཐབ་ཇུས་བཏོན་པ་དང་། ཟླ11པར་ཝང་ཅི་གྲོང་རྡལ་དང་། ཞིན་ཡོན་གྲོང་རྡལ་བཅས་དངོས་སུ་ཕྱིར་འཐེན་བྱས་ནས་གྲོང་རྡལ་གསར་བ་བཙུགས། ཝང་ཅི་ཞིན་ཁྲེང་གི་མངའ་འོག་ཏུ་ཝང་ཅི་གྲོང་རྡལ་དང་། ཀྲང་ཅ་ཡུས་གྲོང་རྡལ། ལི་རེན་ཞང་བཅས་གཏོགས་ཡོད། ཡོན་ཞིན་ཁྲེང་གསར་གྱི་ཞིན་ཡོན་གྲོང་རྡལ། ཧྥེ་ཡུས་གྲོང་རྡལ། ཀའོ་ཧུའུ་གྲོང་རྡལ་བཅས་ཡོད། “གྲོང་ཚབ་ཆུས”ཀྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས་ཏེ་འཆར་འགོད་དང་ནོར་སྲིད། མི་དོན་སོགས་གཅིག་གྱུར་བྱས།
སི་དབྱང་རྫོང་ནི་སུའུ་པེ་དབུས་ཁུལ་དུ་གནས་པ་དང་། ཤར་ཕྱོགས་ཀྱི་ཧོའེ་ཨན་གྲོང་ཁྱེར་གྱི་ཧོའེ་ཨན་ཆུས་དང་། བྱང་ཕྱོགས་པི་ཧུའུ་དབྱང་རྫོང་། ནུབ་ཕྱོགས་ནི་སུའུ་ཁྲེང་ཆུས་དང་སུའུ་ཡུས་ཆུས་ཀྱི་མཐའ་དང་འབྲེལ་ཡོད། ལྷོ་ཕྱོགས་ནི་ཧུང་ཙེ་མཚེའུ་དང་ཉེ། སི་ཧུང་རྫོང་། ཞུས་དབྱི་རྫོང་། ཧུང་ཙེ་ཆུས་བཅས་དང་མཚེའུ་ཡིས་བར་བཅད་དེ་ཁ་སྤྲོད་དུ་གནས་ཡོད།
སི་དབྱང་རྫོང་གི་མངའ་ཁོངས་སུ་རི་སྒང་མེད་པ་དང་། སེར་པོར་གྱུར་པའི་བདེ་ཐང་གི་ཁོངས་སུ་གཏོགས། སྤྱིའི་ས་བབ་ནུབ་མཐོ་ལ་ཤར་དམའ་བ། ས་ངོས་ཀྱི་བལྟོས་བཅས་མཐོ་ཚད་མང་ཆེ་བ་སྨི12-17བར་དུ་གནས་ཡོད། སི་དབྱང་རྫོང་ཁོངས་ཀྱི་ས་གཤིན་ལ་རིགས་གསུམ་དུ་དབྱེ་ཡོད་པ་སྟེ། བརླན་ས་དང་། བྱེ་ས། ཁམ་སེར་ས་གཤིན་བཅས་ཡིན། མཚོ་རླབས་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱིས་སྤྱིའི་རྒྱ་ཁྱོན་གྱི83.2%ཟིན་ཡོད། ས་རྒྱུའི་སྤུས་ཚད་ཅུང་ཞན་པ་དང་རིམ་པ་བཞི་པ་དང་ལྔ་པས87.5%བཟུང་བ་དང་ཐོན་འབབ་འབྲིང་དམའི་ས་ཞིང་རྒྱ་ཁྱོན་ཆེ་ཙམ་ཡོད།
སི་དབྱང་རྫོང་ནི་ཆུ་བོའི་དྲ་རྒྱས་ཁྱབ་པ་དང་། ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་། བེད་མེད་རྨ་ཆུ། ལིའུ་ཁྲའེ་གཙང་པོ། ཧོང་མ་གཙང་པོ། ལིའུ་ཐང་གཙང་པོ། ཀའོ་སུང་གཙང་པོ། ཧྲ་ཅང་གཙང་པོ། ཧོའེ་ཧུའེ་གཙང་པོ་གསར་པ་སོགས་ཆུ་ལམ་ཆེ་ཆུང30ལྷག་ཙམ་ཡོད་པ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ700ཙམ་ཡོད། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོས་སི་དབྱང་རྫོང་གི་མངའ་ཁོངས་ཡོངས་སུ་འཕྲེད་བརྒལ་བྱས་ཏེ། རང་བྱུང་གི“ཆུ་ཁོངས་དབྱེ་མཚམས་”སུ་གྱུར་པ་དང་། གཙང་པོའི་ལྷོ་ངོས་དང་། བྱང་གི་མཐོ་བ་དང་ལྷོ་ངོས་དམའ་བ། ཆུ་བོ་ཚང་མ་ཧོང་ཙེ་མཚེའུ་རུ་འབབ་པ་དང་དེ་དག་ནི་ཧོའེ་ཧོ་ཆུ་བོའི་ཆུ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། མིས་བཟོས་གཙང་པོའི་བྱང་ངོས་དང་། ལྷོ་མཐོ་ལ་བྱང་དམའ། ཆུ་བོ་ཚང་མ་ཤིན་དབྱི་གཙང་པོར་འབབ་བཞིན་ཡོད།
སི་དབྱང་རྫོང་གི་མངའ་ཁོངས་སུ་གནམ་གཤིས་དྲོད་འཇམ་ལྡན་པ་དང་། ཚ་ཁུལ་བྱང་མའི་དུས་རླུང་གི་བར་བརྒལ་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ཉི་འོད་འདང་ངེས་དང་། ཆར་ཆུ་འབེལ་བ། སད་མེད་དུས་རིང་བ། དུས་བཞིའི་དབྱེ་བ་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།
སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་430ལ་སླེབས་ནས7.3%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར26.21ལེགས་གྲུབ་བྱུང་བ་དེ་སྔོན་དཔག་དང་མཚུངས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར111.87ལ་སླེབས་ནས11.3%འཕར། སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25489དང་སྒོར15250ལ་སླེབས་ནས་སོ་སོར8.3%དང9.3%འཕར་ཡོད། ཕན་ནུས་ལྡན་པའི་སྒོ་ནས་མ་དངུལ་འཇོག་གྲངས་འཕར་སྣོན་མགྱོགས་ཙམ་ཡོང་བ་བྱ་དགོས། རྣམ་གྲངས་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར280.9བཏང་ནས12.3%འཕར་བ་དང་། འཛུགས་སྐྲུནPPPརྣམ་གྲངས3ལ་སྤྱི་ཚོགས་ཀྱི་མ་འཇོག་སྒོར་དུང་ཕྱུར12བསྡུ་ལེན་བྱས་ཡོད། སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར407བཏང་ནས9.7%འཕར། དེའི་ནང་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར293.5བཏང་ནས8%འཕར་ཡོད། གོང་རིམ་གྱིས“གཅིག་ཉིད་རང་བཞིན”གྱི་རྣམ་གྲངས38བརྩོན་ལེན་བྱས་པ་དང་ནོར་སྲིད་ནས་རྩིས་ཁྲར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར34.7ལ་སླེབས་ཡོད།
སྤྱི་ལོ2014ལོར་སི་དབྱང་གིས་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས56ནང་འདྲེན་བྱས་པ་དང་། དངོས་སུ་རྩིས་ཁྲར་འབྱོར་བའི་ཕྱི་དངུལ་ཨ་སྒོར་ཁྲི9550ལ་སླེབས་ཡོད། ཁེ་ལས་ཆེ་གྲས་སྐྱེད་སྲིང་འདུ་འགོད་ལག་ལེན་ཧུར་ཐག་གིས་བསྟར་བ་དང་། ཞབས་ཞུའི་ཁེ་ལས་ཀྱི“ཉིན་བརྒྱའི་བྱ་སྤྱོད”གཏིང་ཟབ་སྤེལ། ལོ་ཧྲིལ་པོར་གཞི་ཁྱོན་ལྡན་པའི་ཁེ་ལས35གསར་དུ་འཕར། ཚད་གཞིའི་ཐོག་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར552ལ་སླེབས་ནས15.5%འཕར། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར5ལས་བརྒལ་བའི་ཁེ་ལས10གསར་དུ་འཕར་བ། སུའུ་སི་མ་རྐང་གི“ལེབ་གསུམ་གསར་པ”ནང་ཞུགས་པ། ཏ་ཧོ་ཞིང་ལས་དང་ལུང་ཧྲི་ཏ་ཁེ་ལས། ཧྲང་ཧའེ་རྐང་དབང་ཉོ་ཚོང་ལྟེ་གནས་སུ་སྒོ་བྱང་བཀལ་བ་བཅས་རེད། གསར་སྤེལ་ཁུལ་གྱི“ལས་གཏོད་ཐེངས་གཉིས་པ་དང་ཕྱོགས་སྒྱུར་རིམ་སྤར”ནུས་ཤུགས་ཡོད་རྒུསསྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོར་བཟོ་ལས་ཀྱི་སྤ་སེ་ཕྱིར་ཚོང་སྒོར་དུང་ཕྱུར120དང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.5ལ་སླེབས་ནས་ཞིང་ཆེན་དེ་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་རིམ་པ6དང་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ89ཡི་ཁྲོད་ཨང་རིམ25འཕར་ནས་ཞིང་ཆེན་རིམ་པའི་སྣོད་བཅུད་བཟོ་ལས་གླིང་ཁུལ་དང་ཞིང་ཆེན་གཉིས་ཀྱི་མཉམ་འདྲེས་དཔེ་སྟོན་ཁུལ་ལ་ཆོག་མཆན་སྤྲད་པ་རེད།