པོ་ཤིན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-31 08:43ལ་འགྲུབ།

པོ་ཤིན་རྫོང་།

པོ་ཤིན་རྫོང་།
པོ་ཤིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། པིན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ900.7ཡོད། པོ་ཤིན་རྫོང་ཁོངས་སུ་རྨ་ཆུ་དང་། ཞའོ་ཆིང་གཙང་པོ། ཀྲི་ཅི་ཧོ་བཅས་ཆུ་རྒྱུད་ཆེན་པོ་གསུམ་ཡོད་པ་དང་། གྲོ་དང་། སྲིང་བལ། སྲན་ཆེན། མ་རྨོས་ལོ་ཏོག ནགས་གླིང་དང་ཤིང་ཏོག སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་སྣ་ཚོགས་འབོར་ཆེན་ཐོན་གྱིན་ཡོད་པས། དེ་ནི་རྒྱལ་ཡོངས་ཀྱི་རྩྭ་ལྡུམ་གྱི་བཟོ་རྩལ་ཐོན་རྫས་རབ་དང་རིམ་པའི་ཐོན་ཡུལ་དང་རྒྱལ་ཡོངས་ཀྱི་རྩྭ་ལྕང་བསླས་བཟོ་ཡི་ལག་རྩལ་ཐོན་རྫས་ཕྱིར་གཏོང་རྟེན་གཞི་གཙོ་བོ་ཞིག་ཡིན། ལིའུ་སྒྲིག་དང་རྩྭ་བསླས་ཁག་སོ་སོར་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོ་དང་ཧྲན་ཏུང་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་ཚུད་ཡོད་ལ། ཧྲན་ཏུང་ཞིང་ཆེན་གྱི་འབྲུ་རིགས་དང་སྲིང་བལ་ཐོན་སྐྱེད་རྟེན་གཞི་དང་སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། དེར“ཀྲུང་གོའི་རྩྭ་ལྕང་བཟོ་རྩལ་གྱི་ཕ་ཡུལ”དང“ཀྲུང་གོའི་སྤུས་ལེགས་ཀྲོ་མ་ཀྲུའི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2018ལོའི་བར་དུ་པོ་ཤིན་རྫོང་གི་ཁོངས་གཏོགས་སུ་ཁྲོམ་ལམ3དང་གྲོང་རྡལ9ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་དུ་པོ་ཤིན་རྫོང་གི་སྤྱིའི་མི་འབོར་ཁྲི50.3283ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར347.12ཟིན་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར26.15ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར171.62ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར149.35ཟིན་ཡོད། ཐོན་ལས་གསུམ་པའི་བསྡུར་ཚུལ7.54:49.45:43.03ཡིན་ལ། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར68459(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལྟར་ཨ་སྒོར10139ཡིན)ཟིན་ཡོད། ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པ་ཡིན། སྤྱི་ལོ2020ལོར་ཧྲན་ཏུང་ཞིང་ཆེན་གྱི་སྐར་བཞི་རིམ་པའི་རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་སྔོན་ཚུད་ཚོད་ལྟའི་གྲོང་ཁྱེར་དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
博兴县
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ3དང་གྲོང་རྡལ9ཡོད།
སྲིད་གཞུང་གནས་ཡུལ།
པོ་ཁྲེང་ལམ་དུ་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
256500
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ900.7ཡོད།
མི་འབོར།
མི་ཁྲི50.3283ཡོད།(སྤྱི་ལོ2017ལོའི་སྤྱིའི་མི་འབོར)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུM (鲁M )
སྲིད་འཛིན་ཚབ་ཨང་།
371625
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་ཐོག་མའི་དུས་སུ། ཧྥུ་མེད་པར་བཟོས་ནས་ཏའོ་བཙུགས་ཤིང་། མིན་གོ་སྲིད་ལོ་བཞི་པར(སྤྱི་ལོ1915ལོ)ཅི་ནན་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར་པ་དང་། མིན་གོ་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོ)ཙི་ཆིན་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་མེད་པར་བཟོས་ཤིང་། པོ་ཤིན་རྫོང་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་ས་ཁུལ་ཡིན། མིན་གོ་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོ)ཞིང་ཆེན་ཡོངས་སུ་སྔ་རྗེས་སུ་ལུའུ་ཞི་དང་། ལུའུ་པེ། ཅའོ་ཏུང་བཅས་སྲིད་འཛིན་ཀུང་ཧྲུའུ3བཙུགས་ཤིང་དེའི་ཁོངས་གཏོགས་སུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ17ཡོད་པ་དང་། པོ་ཤིན་རྫོང་ཁོངས་ལུའུ་པེ་སྲིད་འཛིན་ཀུང་ཧྲུའུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཅུ་བཞི་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)ལུའུ་པེ་དང་། ལུའུ་ཞི་པེ། ལུའུ་ཞི། ལུའུ་ནན། ལུའུ་ཀྲུང་། ལུའུ་ཏུང་བཅས་སྲིད་གཞུང་དོན་གཅོད་ཁྲུའུ་6གསར་འཛུགས་བྱས་པ་དེའི་ཁོངས་སུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ17གཏོགས་ཡོད་པ་དང་། པོ་ཤིན་རྫོང་ལུའུ་པེ་དོན་གཅོད་ཁྲུའུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཅུ་བཞི་པའི་ཁོངས་སུ་གཏོགས། དེ་ནས་མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ9པའི་ཚེས24ཉིན་ཀྲུང་ཧྭ་མིན་གོའི་ཧྲན་ཏུང་སྲིད་དབང་བསྣུབས།

མིན་གོ་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་གྱི་གནས་སྐབས་ཚན་དབྱི་གྲོས་ཚོགས་དང་ཧྲན་ཏུང་ཞིང་ཆེན་གྱི་དམག་འཁྲུག་སྐབས་ཀྱི་བྱ་བའི་དྲིལ་སྒྲོག་ཨུ་ཡོན་ལྷན་ཁང་བཙུགས། ལོ་དེའི་སྟོན་ཁར། གུང་ཁྲན་ཏང་གིས་འགོ་ཁྲིད་པའི་པོ་ཤིན་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་ཤིང་། མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)ཞིང་ཆེན་དམག་འཁྲུག་སྐབས་ཀྱི་བྱ་བའི་དྲིལ་སྒྲོག་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཅའོ་ཏུང་དང་། ཆིན་ཧོ། ཅི་ལུའུ་འབྲེལ་མཚམས་ས་ཁུལ། ལུའུ་ཀྲུང་། ལུའུ་ནན། ལུའུ་ཞི་བཅས་སྲིད་འཛིན་ས་ཁུལ6ལ་བགོས་ཤིང་། པོ་ཞིན་རྫོང་ནི་ཆིང་ཧོ་སྲིད་འཛིན་ས་ཁུལ་གྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་གཉིས་པའི(སྤྱི་ལོ1943ལོ)ཟླ9པར་ཞིང་ཆེན་དམག་འཐབ་ལས་དོན་ཨུ་ཡོན་ལྷན་ཁང་དེ་ཞིང་ཆེན་དམག་འཁྲུག་སྐབས་ཀྱི་སྲིད་འཛིན་ཨུ་ཡོན་ལྷན་ཁང་དུ་བསྒྱུར་ཏེ་ཅའོ་ཏུང་དང་། ལུའུ་ཀྲུང་། ལུའུ་ནན། ཆིང་ཧོ། ཅི་ལུའུ་བཅས་ཀྱི་མཐའ་མཚམས་ཀྱི་ཀྲུའུ་རེན་ཀུང་ཧྲུའུ5དང་། པིན་ཧའེ་ཐད་གཏོགས་ཀྲོན་ཡོན་ཀུང་ཧྲུའུ5ལ་འགོ་ཁྲིད་བྱས། པོ་ཤིན་རྫོང་ནི་ཆིང་ཧོ་ཀྲུའུ་རེན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་ཤིང་། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)ཟླ8པའི་ཚེས13ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་དབུ་བརྙེས་ཤིང་། ཞིང་ཆེན་ཡོངས་ཅའོ་ཏུང་དང་ལུའུ་ཀྲུང་། ལུའུ་ནན། པོ་ཧའེ། པིན་ཧའེ་བཅས་སྲིད་འཛིན་ཀུང་ཧྲུའུ5རུ་བགོས་ཤིང་། ཀྲོན་ཡོན་ཀུང་ཧྲུའུ21ལ་འགོ་ཁྲིད་བྱས། ཟླ9བར། པོ་ཤིན་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་གི་མིང་དེ་པོ་ཞིན་རྫོང་སྲིད་གཞུང་དུ་བསྒྱུར། པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཆིང་ཧོ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་ཤིང་། མིན་གོ་སྲིད་ལོ་སུམ་ཅུ་སོ་བརྒྱད་པའི(སྤྱི་ལོ1949ལོ)ཟླ3པར། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་མིང་དེ་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར་ཞིང་། པོ་ཤིན་རྫོང་སྲིད་གཞུང་གི་མིང་དེ་པོ་ཤིན་རྫོང་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར། སྔར་བཞིན་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཆིང་ཧོ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། པོ་ཤིན་རྫོང་ཁོངས་ཀྱི་ཧུའེ་མིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1956ལོའི་ཟླ3པར་ཕུའུ་ཐའེ་རྫོང་ཕྱིར་འཐེན་བྱས་ཤིང་། ས་ཁོངས་དེ་པོ་ཤིན་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1958ལོར་ཧེང་ཐའེ་རྫོང་དང་ཆི་ཏུང་རྫོང་དུ་ཕྱིར་འཐེན་བྱས་ཤིང་། ས་ཁོངས་མང་ཆེ་བ་པོ་ཤིན་རྫོང་དུ་ཟླ་སྒྲིལ་བཏང་། དེ་དང་ཆབས་ཅིག་ཧུའེ་མིན་ས་ཁུལ་ཕྱིར་འཐེན་བྱས་པ་དང་། པོ་ཤིན་རྫོང་དེ་ཙི་པོ་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1961ལོར་ཧུའེ་མིན་ས་ཁུལ་བསྐྱར་འཛུགས་བྱས་ཏེ། པོ་ཤིན་རྫོང་ཧུའེ་མིན་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1978ལོར་ཧུའེ་མིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་མིང་བསྒྱུར་ནས་ཧུའེ་མིན་སྲིད་འཛིན་ཀུང་ཧྲུའུ་ཞེས་བཏགས། པོ་ཤིན་རྫོང་སྔར་བཞིན་དེའི་ཁོངས་སུ་གཏོགས། སྤྱི་ལོ1992ལོའི་ཟླ3པར་ཧུའེ་མིན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་པིན་ཀྲོའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར། པོ་ཤིན་རྫོང་སྔར་བཞིན་དེའི་ཁོངས་སུ་གཏོགས། སྤྱི་ལོ2000ལོའི་ཟླ6པར་པིན་ཀྲོའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དེ་པིན་ཀྲོའུ་གྲོང་ཁྱེར་དུ་བསྒྱུར། པོ་ཤིན་དེའི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་བར་དུ་པོ་ཤིན་རྫོང་གི་ཁོངས་གཏོགས་སུ་ཁྲོམ་ལམ3དང་གྲོང་རྡལ9ཡོད་ལ། པོ་ཤིན་རྫོང་མི་དམངས་སྲིད་གཞུང་པའོ་ཁྲེང་ལམ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

པོ་ཤིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ངོས་ཏུང་དབྱིང་གྲོང་ཁྱེར་གྱི་ཏུང་དབྱིང་ཆུས་དང་ཀོང་རའོ་རྫོང་གི་ས་མཚམས་དང་འབྲེལ་བ་ཡོད་ལ། ལྷོ་ངོས་ཙི་པོ་གྲོང་ཁྱེར་གྱི་ལིན་ཙེ་ཆུས་དང་ཧོན་ཐའེ་རྫོང་དང་འབྲེལ་ཞིང་། ནུབ་ངོས་ཙི་པོ་གྲོང་ཁྱེར་གྱི་ཀའོ་ཆིང་རྫོང་དང་འབྲེལ་ཡོད། བྱང་ངོས་པིན་ཁྲེང་ཆུས་དང་འབྲེལ་ཡོད་ལ། རྨ་ཆུས་བར་ཆོད་ནས་ཏུང་དབྱིང་གྲོང་ཁྱེར་གྱི་ལི་ཅིན་རྫོང་དང་ཁ་གཏད་དུ་གནས་ཡོད། ཤར་གྱི་གཞུང་ཐིག118°03′—118°23′དང་། བྱང་གི་འཕྲེད་ཐིག36°58′—37°23′བར་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི45.8དང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི29.5ཡོད་ལ། སྤྱིའི་རྒྱ་ཁྱོན་སྟོང་སྨི900.7ཡོད།

3_2 ནམ་ཟླ།

པོ་ཤིན་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིའི་དབྱེ་བ་གསལ་ལ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད13.6℃ཡིན། ལོ་རེའི་ཆ་སྙོམས་ཀྱི་སད་མེད་དུས་ཉིན191ཡིན་ཞིང་། ལོ་རེའི་ཆ་སྙོམས་ཀྱི་ཉི་འོད་ཕོག་པའི་ཆུ་ཚོད2479.8ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི582.8ཟིན་ཡོད།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ་པོ་ཤིན་རྫོང་གི་དུད་ཚང་བསྡོམས་འབོར160820ཡིན་ལ། མི་འབོར་བསྡོམས་གྲངས503283ཡིན། སྤྱི་ལོ2017ལོར་མི8545སྐྱེས་པ་དང་། སྐྱེ་ཚད17.1‰ཡིན་ལ། མི4126རྐྱེན་ལམ་དུ་ཤོར་ཞིང་། ཤི་ཚད8.3‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད8.8‰ཡིན། རྫོང་ཡོངས་ཀྱི་ཕྲུ་གུའི་ཕོ་མོའི་བསྡུར་ཚད111.7ཡིན།

5 དཔལ་འབྱོར།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར347.12ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས6.9%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར26.15ཟིན་ནས་ལོ་སྔོན་མ་ལས3.8%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར171.62ཟིན་ནས་ལོ་སྔོན་མ་ལས5.7%འཕར་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར149.35ཟིན་ནས་ལོ་སྔོན་མ་ལས9.0%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚུལ་ཐེངས་གསུམ་པོ་ལོ་སྔོན་མའི7.86:50.33:41.81ནས7.54:49.45:43.03ལ་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར68459(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར10139ཡིན)ཟིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས6.2%འཕར་ཡོད། ཁྲོམ་རའི་བྱེད་པོ6013མང་དུ་ཕྱིན་པ་དང་ཁྲོམ་རའི་བྱེད་པོའི་བསྡོམས་འབོར35047ཟིན་ཡོད།

5_1 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚུལ།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར285.82བཏང་ནས་ལོ་སྔོན་མ་ལས11.2%འཕར་ཡོད་ལ། ཨར་སྐྲུན་རྣམ་གྲངས547ཡོད་པ་དེར་ཁྱོན་བསྡོམས་པའི་མ་དངུལ་སྒོར་ཁྲི5000ཡན་གྱི་རྣམ་གྲངས91ཡོད་ཅིང་། ཐོན་ལས་ཐེངས་གསུམ་པོའི་མ་འཇོག་གྲུབ་ཚུལ1.33:66.28:32.39ལ་ལེགས་སྒྲིག་བྱས་ཡོད། དེའི་ནང་དུ་ཞབས་ཞུའི་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར92.56བཏང་བ་དང་། ལོ་སྔོན་མ་ལས17.50%མར་ཆག་ཡོད། བཟོ་ལས་ལག་རྩལ་བསྒྱུར་བཀོད་ཐད་ལ་མ་དངུལ་སྒོར་དུང་ཕྱུར137.59བཏང་ནས9.26%འཕར་ཡོད།

5_2 ནོར་ཁྲལ།

སྤྱི་ལོ2017ལོར་པོ་ཤིན་རྫོང་གིས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར54.67ཟིན་ནས་ལོ་སྔོན་མ་ལས17.42%འཕར་ཡོད་ལ། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར29.05ཟིན་ནས་ལོ་སྔོན་མ་ལས11.29%འཕར་ཡོད་ཅིང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར35.20ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས1.46%འཕར་ཡོད། ཁྲལ་གཉིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར52.24ཟིན་ནས་ལོ་སྔོན་མ་ལས35.8%འཕར་ཞིང་། དེའི་ནང་དུ་རྒྱལ་ཁབ་ཀྱི་དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར32.88ཟིན་ནས་ལོ་སྔོན་མ་ལས46.97%འཕར་ཡོད་ལ། ས་ཁྲལ་གྱི་ཡོང་འབབ་ཁག་སྒོར་དུང་ཕྱུར19.36ཟིན་ནས་ལོ་སྔོན་མ་ལས20.29%འཕར་ཡོད།

5_3 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཁུངས་ཀྱི་ལས་ཐོག་ལས་བཟོའི་ལོ་རེའི་ཆ་སྙོམས་ཀྱི་གླ་ཕོགས་སྒོར71442ཟིན་པ་དེ་ལོ་གོང་མ་ལས6.2%འཕར་ཡོད་ལ། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར26020ཟིན་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར33168ཟིན་ནས་ལོ་སྔོན་མ་ལས7.9%འཕར་ཡོད་ལ། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར15630ཟིན་ནས་ལོ་སྔོན་མ་ལས8.4%འཕར་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་རང་བཞིན་གྱི་འགྲོ་སྒོ་སྒོར16686ཟིན་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར20947ཟིན་ནས་ལོ་སྔོན་མ་ལས6.9%འཕར་ཞིང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར10492ཟིན་ནས་ལོ་སྔོན་མ་ལས7.6%འཕར་ཡོད།

5_4 ཐོན་ལས་དང་པོ།།

སྤྱི་ལོ2017ལོར་པོ་ཤིན་རྫོང་དུ་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར52.38ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.88%འཕར་ཡོད་ལ། དེའི་ནང་དུ་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་སོ་སོར་སྒོར་དུང་ཕྱུར30.01དང་། སྒོར་དུང་ཕྱུར0.57 སྒོར་དུང་ཕྱུར9.38 སྒོར་དུང་ཕྱུར9.61 སྒོར་དུང་ཕྱུར2.81བཅས་ཡིན། གྲུབ་ཚུལ་གྱི་བསྡུར་ཚད་ནི57.3:1.09:17.91:18.35:5.37ཡིན། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.59ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.2%འཕར་ཞིང་། དེའི་ནང་དུ་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.52དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.3 འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.1 ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.23བཅས་ཡིན་ལ། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.44ཡིན་ལ། སོ་སོར4.36%དང་། -31.15% -1.51% 9.48% 14.28%བཅས་འཕར་ཡོད།

5_5 འདེབས་འཛུགས་ལས་རིགས།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་འབྲུ་རིགས་འདེབས་འཛུགས་ཁྱོན་མུའུ་ཁྲི113.48ཟིན་ནས་ལོ་སྔོན་མ་ལས16.51%འཕར་ཞིང་། ་སྤྱིའི་ཐོན་ཚད་ཏུན་ཁྲི58.36ཟིན་ནས་ལོ་སྔོན་མ་ལས26.6%འཕར་ཡོད། སྲིང་བལ་འདེབས་འཛུགས་ཁྱོན་མུའུ་ཁྲི7.39ཟིན་ནས་མུའུ་ཁྲི3.77ཉུང་དུ་ཕྱིན་པ་དང་། སྤྱིའི་ཐོན་ཚད་ཏུན་ཁྲི་0.55ཟིན་ནས་ཏུན་ཁྲི0.24ཉུང་དུ་ཕྱིན་ཡོད། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་མུའུ་ཁྲི2.65ཟིན་ནས་མུའུ་ཁྲི0.63ཉུང་དུ་ཕྱིན་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི16.39ཟིན་ནས་ཏུན་ཁྲི4.65ཉུང་དུ་ཕྱིན་ཡོད།

6 ཐོན་ལས་གཉིས་པ།
6_1 བཟོ་ལས།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས274ཟིན་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1200.17ཡོད་ལ། ལོ་སྔོན་མ་ལས5.34%འཕར་ཡོད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར300ཟིན་ནས་ལོ་སྔོན་མ་ལས9.83%འཕར་བ་དང་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད25%ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1260.64བྱུང་བ་དེ་ལོ་གོང་མ་ལས5.14%འཕར་ཡོད་ལ། ཁེ་སྤོགས་སྒོར་དུང་ཕྱུར43.22བྱུང་ནས་ལོ་སྔོན་མ་ལས47.74%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར65.09ཟིན་ནས་ལོ་སྔོན་མ་ལས47.45%འཕར་ཡོད།

6_2 ཐོན་ལས་གསུམ་པ།
6_2_1 རྒྱལ་ནང་དཔལ་འབྱོར།

སྤྱི་ལོ2017ལོར་པོ་ཤིན་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར121.38ཟིན་ནས་ལོ་སྔོན་མ་ལས9.3%འཕར་བའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར83.26ཟིན་ནས་ལོ་སྔོན་མ་ལས9.0%འཕར་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར38.12ཡིན་ལ་ལོ་སྔོན་མ་ལས10.2%འཕར་ཡོད། བཅད་གྲངས་ཡན་གྱི་ཚན་པར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར25.59ཟིན་ནས་ལོ་སྔོན་མ་ལས4.3%འཕར་ཡོད། བཅད་གྲངས་མན་གྱི་ཚན་པའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར95.79ཟིན་ནས་ལོ་སྔོན་མ་ལས10.8%འཕར་ཡོད་ལ། ལོ་ཧྲིལ་པོར་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར107.68ཟིན་ནས་ལོ་སྔོན་མ་ལས9.4%འཕར་ཞིང་། དེས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད88.72%ཟིན་ཡོད། བཅད་གྲངས་ཡན་གྱི་ཚན་པའི་སིལ་ཚོང་གྲངས་གཞིའི་ཐོག་ནས་བལྟས་ན། ལུས་རྩལ་དང་རོལ་རྩེད་ཐད་སྤྱོད་པའི་སིལ་ཚོང་དངུལ་འབོར་འཕར་ཚད་ཅུང་མགྱོགས་ལ་ལོ་སྔོན་མ་ལས22%འཕར་ཡོད་པ་དང་། གྱོན་ཆས་དང་། ལྷམ། ཞྭ་མོ་བཅས་ཀྱི་ཁབ་བསླས་ཐོན་རྫས་རིགས་དང་། གསེར་དངུལ་མུ་ཏིག་དང་། བྱུག་རྫས་རིགས། རྡོ་སྣུམ་རིགས་བཅས་ཅུང་གཏན་འཇགས་ངང་འཕར་ནསསོ་སོར7.1%དང་། 5.7% 10.3% 8.7%འཕར་ཡོད། ལོ་ཧྲིལ་པོར་ཟས་རིན་ཡོང་འབབ་སྒོར་དུང་ཕྱུར13.7བྱུང་ནསལོ་སྔོན་མ་ལས9%འཕར་བ་དེ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་གྱི་འཕར་ཚད་ལས0.3%གྱིས་དམའ་བ་དང་། ཚོང་ཟོག་སིལ་ཚོང་འཕར་ཚད0.4%ལས་དམའ་བ་ཡོད།

6_3 ཕྱི་ཕྱོགས་ཉོ་ཚོང།

སྤྱི་ལོ2017ལོར་པོ་ཤིན་རྫོང་གིས་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཁྲོད་དུ་ཧུར་ཐག་ངང་ཞུགས་ནས་ལོ་ཧྲིལ་པོར་ཁེ་ལས20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། མངའ་ཁོངས་ཕྱི་ནང་གི་འགྲེམས་ཚོགས30ལྷག་གི་ནང་དུ་ཞུགས་པ་དང་། རྫོང་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ལས་སྒོའི་ཁེ་ལས125ཟིན་པའི་ནང་དུ་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས24ཡོད་ལ། ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར281.9ཟིན་ནས་ལོ་སྔོན་མ་ལས19.89%འཕར་ཡོད། ལོ་ཧྲིལ་པོའི་ལས་འགན་དམིགས་ཚད་ཀྱི120.57%ལེགས་གྲུབ་བྱུང་ཞིང་། ཕྱིར་གཏོང་སྒོར་དུང་ཕྱུར86.3ཟིན་ནས་ལོ་སྔོན་མ་ལས10.93%འཕར་ཞིང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།