དབྱང་ཞིན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-27 17:44ལ་འགྲུབ།

དབྱང་ཞིན་རྫོང་།

དབྱང་ཞིན་རྫོང་།
དབྱང་ཞིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། རྫོང་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན། དབྱང་ཞིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་བྱང་རྒྱུད་བདེ་ཐང་གི་རྨ་ཆུའི་ཟུར་གསུམ་གླིང་གི་གསར་སྤེལ་ཁུལ་དུ་གནས་པ་དང་། ཧྲན་ཏུང་ཕྱེད་གླིང་དང་པེ་ཅིང་དང་ཐེན་ཅིན་གྱི་དཔལ་འབྱོར་ས་ཁུལ་ཆེན་པོ་གཉིས་ཀྱི་སྦྲེལ་མཐུད་ཁུལ་དུ་གནས་ཡོད། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག117.15-117.52དང་། བྱང་གི་འཕྲེད་ཐིག37.26-37.43བར་དུ་གནས་ཡོད། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ26.5དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ48.5ཡོད་ལ། དབྱང་ཞིན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ793ཟིན་པ་དང་། མི་འབོར་ཁྲི45(སྤྱི་ལོ2010ལོ)ཡོད་ལ། ཁོངས་གཏོགས་སུ་ཁྲོམ་ལམ་དོན་གཅོད་ཁྲུའུ2དང་། གྲོང་རྡལ7 ཡུལ་ཚོ1བཅས་ཡོད། སྤྱི་ལོ2013ལོར་དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་ཐུབ་ནས་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126.34(GDP)ཟིན་པ་དེ་ལོ་གོང་མ་ལས3.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.75ཟིན་ནས་ལོ་སྔོན་མ་ལས3.7%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར51.26ཟིན་ནས་ལོ་སྔོན་མ་ལས2.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.33ཟིན་ནས་ལོ་སྔོན་མ་ལས5.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ17.12:42.14:40.74ནས18.0:40.6:41.4ལ་ལེགས་སྒྲིག་བྱས་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི0.66འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར29227ཟིན་ནས་ལོ་སྔོན་མ་ལས3.4%འཕར་ཡོད། དབྱང་ཞིན་ནི་ཀྲུང་གོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྫོང་ཁག་དང་པོ་ཡིན་པ་དང་། ཧྲན་ཏུང་སྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་ཆུས་ཤིག་ཡིན། དབྱང་ཞིན་ནི་ཀྲུང་གོའི་སྤུས་ལེགས་གྲོ་ཐོན་སྐྱེད་རྟེན་གཞིའི་རྫོང་དང་། ཀྲུང་གོའི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་རྫོང་། ཀྲུང་གོའི་འབྲོག་ལས་སྟོབས་ལྡན་རྫོང་། ཀྲུང་གོའི་བཙའ་མི་རྒྱག་པའི་ངར་ལྕགས་ཐོན་སྐྱེད་རྟེན་གཞིའི་རྫོང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阳信县
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
251800
གནས་ཡུལ།
རྨ་ཆུའི་ཟུར་གསུམ་གླིང་བདེ་ཐང་གསར་སྤེལ་ལྟེ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ793ཡོད།
མི་འབོར།
ཁྲི45ཡོད།(སྤྱི་ལོ2010ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུM(鲁M)
སྲིད་འཛིན་ཚབ་ཨང་།
371622
1 ངོ་སྤྲོད་མདོར་བསྡུས།

དབྱང་ཞིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་བྱང་རྒྱུད་བདེ་ཐང་གི་རྨ་ཆུའི་ཟུར་གསུམ་གླིང་གི་གསར་སྤེལ་ཁུལ་དུ་གནས་པ་དང་། ཧྲན་ཏུང་ཕྱེད་གླིང་དང་པེ་ཅིང་དང་ཐེན་ཅིན་གྱི་དཔལ་འབྱོར་ས་ཁུལ་ཆེན་པོ་གཉིས་ཀྱི་སྦྲེལ་མཐུད་ཁུལ་དུ་གནས་ཡོད། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག117.15-117.52དང་། བྱང་གི་འཕྲེད་ཐིག37.26-37.43བར་དུ་གནས་ཡོད། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ26.5དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ48.5ཡོད་ལ། དབྱང་ཞིན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ793ཟིན་པ་དང་། མི་འབོར་ཁྲི45(སྤྱི་ལོ2010ལོ)ཡོད་ལ། ཁོངས་གཏོགས་སུ་ཁྲོམ་ལམ་དོན་གཅོད་ཁྲུའུ2དང་། གྲོང་རྡལ7 ཡུལ་ཚོ1བཅས་ཡོད།

སྤྱི་ལོ2013ལོར་དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་ཐུབ་ནས་གྲུབ་ཚུལ་སྔར་བས་ལེགས་སུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126.34(GDP)ཟིན་པ་དེ་ལོ་གོང་མ་ལས3.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.75ཟིན་ནས་ལོ་སྔོན་མ་ལས3.7%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར51.26ཟིན་ནས་ལོ་སྔོན་མ་ལས2.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.33ཟིན་ནས་ལོ་སྔོན་མ་ལས5.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ17.12:42.14:40.74ནས18.0:40.6:41.4ལ་ལེགས་སྒྲིག་བྱས་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི0.66འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར29227ཟིན་ནས་ལོ་སྔོན་མ་ལས3.4%འཕར་ཡོད།

དབྱང་ཞིན་ནི་ཀྲུང་གོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྫོང་ཁག་དང་པོ་ཡིན་པ་དང་། ཧྲན་ཏུང་སྒྱུར་བཅོས་སྒོ་དབྱེའི་ཚོད་ལྟའི་ཆུས་ཤིག་ཡིན། དབྱང་ཞིན་ནི་ཀྲུང་གོའི་སྤུས་ལེགས་གྲོ་ཐོན་སྐྱེད་རྟེན་གཞིའི་རྫོང་དང་། ཀྲུང་གོའི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་རྫོང་། ཀྲུང་གོའི་འབྲོག་ལས་སྟོབས་ལྡན་རྫོང་། ཀྲུང་གོའི་བཙའ་མི་རྒྱག་པའི་ངར་ལྕགས་ཐོན་སྐྱེད་རྟེན་གཞིའི་རྫོང་བཅས་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ་ཕུའུ་ཀུའུ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་དང་། ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ་ཆི་རྒྱལ་ཁབ་ཀྱི་ས་ཆ་ཡིན། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཡན་ཚི་རྫོང་གི་ཁོངས་སུ་གཏོགས།

ཧན་ནུབ་མའི་ཀའོ་ཙུའུ་ཁྲི་ལོ་ལྔ་པར(སྤྱི་ལོ་སྔོན་གྱི202ལོ)དབྱང་ཞིན་རྫོང་བཙུགས་ཤིང་། ཧན་རྒྱལ་རབས་ཀྱི་དབྱང་ཞིན་གྱི་གནའ་མཁར་ནི་དེང་གི་ཝུའུ་ཏི་རྫོང་གི་མངའ་ཁོངས་སུ་ཡོད།

ཧན་རྒྱལ་རབས་ཤར་མའི་དུས་འགོར་ཅི་ཀྲོའུ་ཚི་ཧྲི་པུའུ་པོ་ཧའེ་ཅུན་དུ་གཏོགས་ཤིང་། ཧན་ཤར་མའི་ཡན་ཁང་སྲིད་ལོ་དང་པོར220ལོར་ལེ་ལིན་ཅུན་གྱི་ཁོངས་གཏོགས་སུ་བསྒྱུར། ཚའོ་ཝེ་ཡི་དུས་སྐབས་སུ་གོང་དང་མཚུངས།

ཝེ་བྱང་མའི་ཞི་ཕིན་ཀྲི་ལོ་གཉིས་པ་སྤྱི་ལོ517ལོར་དབྱིན་ཅི་ཀྲོའུ་གཉིས་ཟླ་སྒྲིལ་བཏང་ནས་ཚང་ཀྲོའུ་བཙུགས། ཡུན་རིང་མ་སོང་བར་ཚང་ཀྲོའུ་ཅུན་དུ་བསྒྱུར། དབྱང་ཞིན་ནི་ཚང་ཀྲོའུ་ཅུན་གྱི་ཁོངས་སུ་གཏོགས།

ཐང་ཀྲེན་ཀོན་ཁྲི་ལོ་བརྒྱད་པར(སྤྱི་ལོ634ལོ)དབྱང་ཞིན་རྫོང་དེ་ཏེ་ཀྲོའུ་ཡི་མངའ་ཁོངས་སུ་བསྒྱུར། རྒྱལ་རབས་ལྔའི་དུས་སྐབས་སུ་ཏི་ཀྲོའུ་ཡི་ཁོངས་སུ་གཏོགས། སུང་རྒྱལ་རབས་བྱང་མའི་དུས་སུ་ཧོ་པེའི་ཤར་ལམ་ཏི་ཀྲོའུ་ཡི་ཁོངས་སུ་གཏོགས། ཅིན་རྒྱལ་རབས་ཀྱི་སྐབས་སུ་ཧྲན་ཏུང་ཏུང་ལུའུ་ཏི་ཀྲོའུ་ཡི་ཁོངས་སུ་གཏོགས། ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཧྲུའུ་ཧྲེང་ཅི་ནན་ལུའུ་ཏི་ཀྲོའུ་རུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་འགོར་ཧྲན་ཏུང་ཞིང་ཆེན་གྱི་པུའུ་ཀྲིན་ཧྲི་སི་ཅི་ནན་ཧྥུ་ཝུའུ་ཏེན་ཀྲོའུ་ཡི་ཁོངས་སུ་གཏོགས། མིང་ཧུང་ཝུའུ་ཁྲི་ལོ་དྲུག་པར(སྤྱི་ལོ1373ལོ)ཏི་ཀྲོའུ་དེ་ལེ་ཨན་ཀྲོའུ་རུ་བསྒྱུར། མིང་ཞོན་ཏེ་ཁྲི་ལོ་དང་པོར(སྤྱི་ལོ1426ལོ)ལེ་ཨན་ཀྲོའུ་ཝུའུ་ཏིན་ཀྲོའུ་རུ་བསྒྱུར། དབྱང་ཞིན་རྫོང་དེའི་ཁོངས་སུ་གཏོགས།

ཆིང་ཡུང་ཀྲེང་ཁྲི་ལོ་བཅུ་གཉིས་པར(སྤྱི་ལོ1734ལོ)དབྱང་ཞིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཝུའུ་ཏིང་ཧྥུ་ཡི་ཁོངས་སུ་གཏོགས།

ཀྲུང་ཧྭ་མིན་གོའི་དུས་འགོར་ཧྲན་ཏུང་ཞིང་ཆེན་གྱི་ཏའེ་པེ་ཏའོ་རུ་གཏོགས། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཅི་ནན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོ)ཏེ་པེ་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་ཡི་ལམ་ལུགས་མེད་པར་བཟོས་ནས་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)གོ་མིན་ཏང་གི་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཁུལ་ལྔ་པར་གཏོགས་པ་དང་། རྗེས་སུ་ལུའུ་པེ་སྲིད་འཛིན་ས་ཁུལ་གྱི་ཁོངས་གཏོགས་སུ་བསྒྱུར། མིན་གོ་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོ)གུང་ཁྲན་ཏང་གིས་འཇར་འགོག་དམངས་གཙོའི་སྲིད་གཞུང་ཐོག་མར་བཙུགས་ཏེ། ཅི་ལུའུ་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པར(སྤྱི་ལོ1944ལོ)ཟླ་དང་པོར་ཅི་ལུའུ་འབྲེལ་མཚམས་ས་ཁུལ་དང་ཆིན་ཧོ་ས་ཁུལ་གཉིས་པོ་ཧའེ་སྲིད་འཛིན་ཁུལ་དུ་ཟླ་སྒྲིལ་བཏང་བ་དང་། དབྱང་ཞིན་རྫོང་ནི་པོ་ཧའེ་སྲིད་འཛིན་ཁུལ་གྱི་ས་ཁུལ་གཉིས་པར་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོག་མའི་དུས་སུ་ཁུན་ལི་ཀྲོན་ཆིུས་སུ་གཏོགས་ལ། སྤྱི་ལོ1950ལོའི་ཟླ5པར་ཧུའེ་མིན་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་བསྒྱུར། སྤྱི་ལོ1958ལོའི་ཟླ11པར་ཧུའེ་མིན་ཀྲོན་ཆུས་དང་ཙི་པོ་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཙི་པོ་ཀྲོན་ཆུས་བཙུགས། ལོ་དེར་དབྱང་ཞིན་རྫོང་ཝུའུ་ཏི་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཙི་པོ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1961ལོར་ཙི་པོ་ཀྲོན་ཆུས་ཕྱིར་འཐེན་བྱས་ནས་ཧུའེ་མིན་ཀྲོན་ཆུས་བསྐྱར་འཛུགས་བྱས། ལོ་དེའི་ཟླ10པར་དབྱང་ཞིན་རྫོང་དུ་བསྐྱར་འཛུགས་བྱས། ཧུའེ་མིན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1978ལོར་ཧུའེ་མིན་ས་ཁུལ་དུ་གཏོགས། སྤྱི་ལོ1992ལོའི་ཟླ3པར། ཧུའེ་མིན་ས་ཁུལ་པིན་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར་ཞིང་། དབྱང་ཞིན་རྫོང་དེའི་ཁོངས་སུ་གཏོགས། སྤྱི་ལོ2000ལོར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་པ་དང་། པིན་ཀྲོའུ་ས་ཁུལ་གྱི་སྔར་ཡོད་སྲིད་འཛིན་ས་ཁོངས་སུ་པིན་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། དབྱང་ཞིན་རྫོང་དེའི་ཁོངས་སུ་གཏོགས།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

དབྱང་ཞིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་བྱང་རྒྱུད་བདེ་ཐང་གི་རྨ་ཆུའི་ཟུར་གསུམ་གླིང་གི་གསར་སྤེལ་ཁུལ་དུ་གནས་པ་དང་། ཧྲན་ཏུང་ཕྱེད་གླིང་དང་པེ་ཅིང་དང་ཐེན་ཅིན་གྱི་དཔལ་འབྱོར་ས་ཁུལ་ཆེན་པོ་གཉིས་ཀྱི་སྦྲེལ་མཐུད་ཁུལ་དུ་གནས་ཡོད། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག117.15-117.52དང་། བྱང་གི་འཕྲེད་ཐིག37.26-37.43བར་དུ་གནས་ཡོད། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ26.5དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ48.5ཡོད་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ792.49ཡོད།

3_2 ནམ་ཟླ།

དབྱང་ཞིན་རྫོང་ནི་འཕྲེད་ཐིག་བར་མར་གནས་པ་དང་། དྲོད་ཁུལ་དུ་གཏོགས་ཤིང་། དུས་རླུང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་ལ། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད12.3℃ཡིན་ཞིང་། དྲོད་ཚད་མཐོ་ཤོས40.1℃ཡིན་ལ། དྲོད་ཚད་དམའ་ཤོས-21.5℃ཡིན། ནམ་གཤིས་གྲང་ཤོས་ཟླ1པོ་ཡིན་ལ། ཚ་ཤོས་ཟླ7པ་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2704.2ཟིན་ཡོད་ལ། ལོ་རེར་ཆ་སྙོམས་ཀྱི་ཉི་འོད་ཕོག་ཚད་བརྒྱ་ཆའི65ཟིན་ཡོད། འོད་ཕོག་ཚད་འདང་ངེས་ཡོད་ལ། དབྱང་ཞིན་རྫོང་དུ་ལོ་རེར་ཆར་པ་འབབ་ཚད་ཅུང་ཉུང་ལ། གཏན་འཇགས་མིན་པ་དང་། ལོ་ལྟར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི567.7ཟིན་ཡོད། ཟླ་དང་པོར་ཉུང་མཐར་ཡང་ཧའོ་སྨི3.8ཟིན་ལ། ཟླ7པར་མང་ཤོས་ཧའོ་སྨི191.6ཟིན་གྱིན་ཡོད།

4 མི་གྲངས་དང་ཆོས་ལུགས།

དབྱང་ཞིན་རྫོང་གི་མི་འབོར་འཕར་ཚད་དམའ་བ་རྒྱུན་འཁྱོངས་བྱས་ཡོད་ལ། སྤྱི་ལོ2012ལོར་མི་འབོར་སྐྱེ་ཚད12.31‰ཡིན་ཞིང་། མི་འབོར་ཤི་ཚད7.86‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད4.45‰ཡིན། ལོ་མཇུག་ཏུ་སྤྱི་བདེའི་ཁྱིམ་ཐོའི་མི་འབོར་ཁྲི45.23ཟིན་པ་དེ་ལོ་གོང་མ་ལས་མི156མང་དུ་ཕྱིན་ཡོད། སྤྱི་ལོ2013ལོའི་མི་འབོར་མུ་མཐུད་དུ་འཕར་ཚད་དམའ་བ་རྒྱུན་འཁྱོངས་བྱས་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད10.60‰ཟིན་པ་དང་། མི་འབོར་ཤི་ཚད6.74‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད3.86‰ཟིན་ཡོད། ལོ་མཇུག་ཏུ་ཁྱིམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི45.39ཟིན་པ་དེ་ལོ་གོང་མ་ལས་མི1688འཕར་ཡོད།

ཡེ་ཤུའི་ཆོས་ལུགས་ཅུང་དར་ཆེ་ལ། ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཁང་ཞའོ་ལིའུ་ཐེན་ཀྲུའུ་ཆོས་ཁང་དེ་སྤྱི་ལོ1916ལོར་བཙུགས་ཤིང་། ལྷོ་ལམ་དང་བྱང་ལམ་གྱི་ལྷ་ཁབ་གཉིས་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་ཐུབ་ནས་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126.34(GDP)ཟིན་པ་དེ་ལོ་གོང་མ་ལས3.8%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.75ཟིན་ནས་ལོ་སྔོན་མ་ལས3.7%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར51.26ཟིན་ནས་ལོ་སྔོན་མ་ལས2.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.33ཟིན་ནས་ལོ་སྔོན་མ་ལས5.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ17.12:42.14:40.74ནས18.0:40.6:41.4ལ་ལེགས་སྒྲིག་བྱས་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི0.66འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར29227ཟིན་ནས་ལོ་སྔོན་མ་ལས3.4%འཕར་ཡོད།

5_1 ཞིང་ཕྱུགས་ལས་རིག།

སྤྱི་ལོ2013ལོར་གྲོང་གསེབ་ཀྱི་དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་བྱུང་ཡོད་ལ། ལོ་ཧྲིལ་པོར་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.75ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས3.69%འཕར་ཡོད་ལ། དེའི་ནང་དུ་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར13.27དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.45 འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.64 ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.8ཡིན་ཞིང་། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.59ཡིན་། སོ་སོར་ལོ་སྔོན་མ་ལས1.92%དང་། 16.22% 4.79% 8.23% 14.38%འཕར་ཡོད།

རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན489880ཟིན་ནས་ལོ་སྔོན་མ་ལས0.4%འཕར་ཡོད་ལ། ལོ11ལ་བསྟུད་མར་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད། སྲིང་བལ་འདེབས་འཛུགས་ཁྱོན་མུའུ78406ཟིན་པ་དང་སྤྱིའི་ཐོན་ཚད་ཏུན6173ཟིན་ལ། མུའུ་རེའི་ཐོན་ཚད་སྤྱི་རྒྱ78.7ཟིན་ཡོད། སྔོ་ཚལ་གྱི་རྒྱ་ཁྱོན་མུའུ43065ཟིན་པ་དང་སྤྱིའི་ཐོན་ཚད་ཏུན134217ཟིན་ཡོད་ལ། ཤིང་ཏོག་ཐོན་ཚད་ཏུན་ཁྲི22.42ཟིན་ཡོད།

ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན93455ཟིན་ནས་ལོ་སྔོན་མ་ལས6.0%འཕར་ཡོད་ལ། ལོ་ཧྲིལ་པོར་ཕྱུགས་ཟོག་ཁྲི་24.65བཤས་པ་དང་། ཕག་པ་ཁྲི46.67དང་། ཁྱིམ་བྱ་ཁྲི1412བཤས་ཤིང་། དཀར་ཆུའི་ཐོན་འབབ་ཏུན3718ཟིན་ཡོད།

5_2 བཟོ་ལས།     

སྤྱི་ལོ2013ལོར་བཟོ་ལས་ཐོན་སྐྱེད་འཕར་ཚད་མར་ཆག་ཡོད་ལ། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས(གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000དང་དེ་ཡན་གྱི་རང་ཚུགས་ཞིབ་རྩིས་བཟོ་ལས་ཀྱི་ཁྲིམས་མིའི་ཁེ་ལས)ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར50.40ཟིན་པ་དེ་ལོ་སྔོན་མ་ལས5.58%མར་ཆག་ཡོད། ཡང་བའི་བཟོ་ལས་བསྟུད་མར་འཕེལ་རྒྱས་བྱུང་བ་དང་། ལྕི་བའི་བཟོ་ལས་ཅུང་མར་ཆག་ཡོད། དེའི་ནང་དུ་ཡང་བའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130.56མངོན་འགྱུར་བྱུང་ནས་ལོ་སྔོན་མ་ལས10.6%འཕར་ཡོད། ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར108.34ཟིན་ནས་ལོ་སྔོན་མ་ལས24.1%མར་ཆག་ཡོད།      ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་མར་ཆག་ཡོད་ལ། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར290.17ཟིན་ནས་ལོ་སྔོན་མ་ལས8.14%འཕར་ཞིང་། ཁེ་སྤོགས་སྒོར་དུང་ཕྱུར17.51བྱུང་ནས་ལོ་སྔོན་མ་ལས5.44%མར་ཆག་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར30.21བྱུང་ནས་ལོ་སྔོན་མ་ལས16.13%ཆག་ཡོད། 

5_3 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚུལ།

སྤྱི་ལོ2013ལོར་མ་འཇོག་བསྡོམས་འབོར་བརྟན་པོའི་ངང་འཕར་ཡོད་ལ། སྤྱི་ལོ2013ལོ་ནས་བཟུང་རང་རྫོང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྤྱི་ཡོངས་ནས་བརྟན་ལ་ཅུང་མགྱོགས་པའི་ངང་འཕར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར120.09ཟིན་པ་དེ་ལོ་སྔོན་མ་ལས8.3%འཕར་ཡོད། དེའི་ནང་དུ་སྡོད་ཁང་བདག་ཁོངས་ལ་མ་དངུལ་སྒོར་ཁྲི6.51བཏང་ནས་ལོ་སྔོན་མ་ལས15.7%འཕར་ཡོད།

རྫོང་ཡོངས་ཀྱི་ཐོན་ལས་དང་པོར་མ་འཇོག་བྱས་པ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི2.7%བཟུང་ཡོད་ལ། ལོ་སྔོན་མ་ལས་བརྒྱ་ཆའི0.2འཕར་ཡོད། ཐོན་ལས་གཉིས་པའི་མ་འཇོག་གིས་བཟུང་བའི་བསྡུར་ཚད64.2%ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི14.2འཕར་ཡོད། ཐོན་ལས་གསུམ་པའི་མ་འཇོག་གིས33.1%བཟུང་ཡོད་ལ། ལོ་སྔོན་མ་ལས་བརྒྱ་ཆའི14.4མར་ཆག་ཡོད།

སྡོད་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་འཇོག་ཚུལ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། སྡོད་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི65069བཏང་ནས་ལོ་སྔོན་མ་ལས15.7%འཕར་ཡོད།

སྡོད་ཁང་བདག་ཁོངས་གསར་སྤེལ་ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ958650ཟིན་ཡོད་ལ། ལོ་སྔོན་མ་ལས་སྨི་གྲུ་བཞི་མ621772དང་བསྡུར་ན་སྨི་གྲུ་བཞི་མ336878མང་དུ་ཕྱིན་ནས54.2%འཕར་ཡོད། དེའི་ནང་དུ་ལོ་འདིར་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ295233ཟིན་པ་དེས་རྫོང་ཡོངས་ཀྱི་གསར་སྤེལ་ཨར་ལས་ཀྱི་སྤྱིའི་རྒྱ་ཁྱོན་གྱི76.4%བཟུང་ཡོད།

5_4 རྒྱལ་ནང་ཉོ་ཚོང་།

འཛད་སྤྱོད་དངོས་རྫས་ཀྱི་ཚོང་རའི་འཁོར་སྐྱོད་བརྟན་པོ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ར་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད་ལ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར51.54ཟིན་ནས་ལོ་སྔོན་མ་ལས12.9%འཕར་ཡོད། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར34.95ཟིན་ནས་ལོ་སྔོན་མ་ལས13.6%འཕར་ཡོད། གྲོང་གསེབ་ཀྱི་ཁྲོམ་རར་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར16.59ཟིན་ནས་ལོ་སྔོན་མ་ལས11.5%འཕར་ཡོད། ལས་རིགས་ཀྱི་ངོས་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར46.06ཟིན་ནས་ལོ་སྔོན་མ་ལས13.2%འཕར་བ་དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི89.37%ཟིན་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར5.48ཟིན་ནས་ལོ་སྔོན་མ་ལས10.3%འཕར་ཡོད་ལ། དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་དངུལ་འབོར་གྱི10.64%བཟུང་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་དཔལ་འབྱོར་བརྟན་པོའི་ངང་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་། བཅད་གྲངས་མན་གྱི་ཁེ་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། རྫོང་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར24.25ཟིན་ནས་ལོ་སྔོན་མ་ལས5.2%འཕར་ཡོད་ལ། བཅད་གྲངས་མན་གྱི་ཁེ་ལས་ཀྱི་དཔལ་འབྱོར་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར27.29ཟིན་ནས་ལོ་སྔོན་མ་ལས20.8%འཕར་བ་དེས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི52.95%བཟུང་ཡོད།

5_5 ཕྱི་ཕྱོགས་ཉོ་ཚོང་།

སྤྱི་ལོ2013ལོར་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི129དངོས་སུ་སྤྱད་པ་དེ་ལོ་སྔོན་མ་ལས86.2%མར་ཆག་ཡོད་ལ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་ཨ་སྒོར་ཁྲི26705ཟིན་ཡོད་ལ། ལོ་སྔོན་མ་ལས10.51%མར་ཆག་ཡོད། དེའི་ནང་དུ་ཕྱིར་གཏོང་བྱས་གྲངས་ཨ་སྒོར་ཁྲི19055ཟིན་ནས་ལོ་སྔོན་མ་ལས14.29%མར་ཆག་ཡོད། ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི7650ཟིན་ནས་ལོ་སྔོན་མ་ལས1.51%འཕར་ཡོད། ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རྫོང་ཡོངས་སུ་ཁྱོན་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས203གསར་སྐྲུན་བྱས་པ་དང་། དེའི་ནང་དུ་གསར་དུ་བསྐྲུན་པའི་རྣམ་གྲངས62ཡོད་པ་དང་། དོན་དངོས་སུ་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར7.28དང་། མཐུད་སྐྲུན་རྣམ་གྲངས141ཡོད་པ་དང་། སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས5དང་སྒོར་ཁྲི5000ལྷག་ཙམ་ཟིན་པའི་རྣམ་གྲངས13ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་གནས། མི་རིགས། གནས་ཡུལ།