ཤན་ཅུས་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:34ལ་འགྲུབ།

ཤན་ཅུས་རྫོང་།

ཤན་ཅུས་རྫོང་།
ཤན་ཅུས་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཡིན་ཞིང་། ཀྲེ་ཅང་ཤར་ལྷོའི་རྒྱུད་དང་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཀྲུང་གོའི“རྒྱལ་ཁབ་སྤྱི་གླིང”གི་ཚོད་ལྟའི་རྫོང་དང་ཐའེ་ཀྲོའུ་གྲོང་ཁྱེར་གྱི་མ་ཡུམ་གཙང་པོའི(ཡུང་ཨན་ཤིས་ཆུ་ཕྲན། ལིང་ཅང་གཙང་པོ། ཅའོ་ཅང་གཙང་པོ)འགོ་ཁུངས་ཡིན། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2000ཡོད་པའི་ནང་རི་མ་ཐང(སྤྱི་ལེ་གྲུ་བཞི་མ1612)གིས་རྫོང་ཡོངས་ཀྱི80.6%ཟིན་པ་དང་། “རི་བོ་མང་ཤོས་ཆུ་དང་ཞིང་གིས་བསྐོར”ཞེས་པའི་བཤད་སྲོལ་ཡོད། རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ7དང་ཡུལ་ཚོ10 སྲང་ལམ3དང་སྲིད་འཛིན་གྲོང་ཚོ418ཡོད་པ་རེད། སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱ་དང་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་མྱོང་། སྤྱི་ལོ2018ལོའི་ཟླ10པའི་ཚེས22ཉིན། སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོར་བདམས་པ་རེད། སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་བྱ་དགའ་ཐོབ་ཡོད། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་ནུས་པ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་ནང་ཚུད་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仙居县
མིང་གཞན།
永安
ཕྱི་ཡིག་གི་མིང་།
Xianju county
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2000ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི35.2(སྤྱི་ལོ2016ལོ)
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
གྲོང་རྡལ7ཡུལ་ཚོ10སྲང་ལམ3བཅས་ཡོད།
གནམ་གྲུ་ཐང་།
ཐའེ་ཀྲོའུ་ལུའུ་ཆའོ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0576
རླངས་འཁོར་ཚབ་ཨང་།
浙J
སྦྲག་སྲིད་ཨང་རྟགས།
317300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331024
1 ​ལོ་རྒྱུས་ཀྱི་འཕེལ་རིམ། 

ཞན་ཅུས་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། ལོ་ངོ4000ནས7000བར་གྱི་གོང་དུ་ཤན་ཅུས་རྒྱུད་དུ་མིའི་རིགས་འཚོ་སྡོད་བྱེད་ཀྱིན་ཡོད། ལོ7000ཙམ་གྱི་གོང་དུ་རྡོ་ཆས་གསར་པའི་དུས་རབས་ཀྱི་ཞ་ཐང་རྡོ་ཆས་གསར་པའི་གནའ་ཤུལ་བྱུང་ཡོད། ཞ་ཐང་གནའ་ཤུལ་དང་ཁྲེ་ཅང་ཞིང་ཆེན་གྱི་ཧོ་མུའུ་ཏུའུ་དང་ལིང་ཀུའུ་རིག་གནས་ཀྱི་གནའ་ཤུལ་གཉིས་བསྡུར་ཚེ་ཕལ་ཆེར་མཚུངས་ཤིང་ཐའེ་ཀྲོའུ་ཡི་ཤེས་དཔལ་དར་ཡུལ་ཡིན།

ཀྲན་གོའི་དུས་སུ། ཞན་ཅུས་ནི་ཡུའེ་རྒྱལ་ཕྲན་གྱི་མངའ་ཁོངས་ཡིན། ཆིན་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་གཅིག་གྱུར་བྱས་རྗེས། མིན་ཀྲུང་ཅུན་དབྱིན་རྫོང་གི་ཧུའེ་ཕུའུ་ཡུལ་ཚོར་གཏོགས་པ་རེད། ཧན་རྒྱལ་རབས་ཤར་མའི་དུས་སུ། ཤན་ཅུས་ནི་རྒྱལ་ནང་གི་བླ་མ་སྐྱེས་ཆེན་གྱི་བགྲོད་ལམ་དང་འབྲེལ་བ་ཡོད་པའི་ས་ཆ་ཞིག་ཡིན་པ་དང་། ཞིན་ཕིན་གྱི་ཁྲི་ལོ་དང་པོ(སྤྱི་ལོ194ལོ)ཡིས་བསྐྲུན་པའི་“ཧྲི་ཐོའུ་བསམ་གཏན་གླིང་”(ཧྲི་ཉིའུ་ཡི“ཏ་ཞིན་དགོན་པ”)ནི་གོ་ཆིང་དགོན་པ་བཙུགས་པ་ལས་ལོ་ངོ400ལྷག་གིས་སྔ་བ་ཡོད།

ཅིན་རྒྱལ་རབས་ཤར་མའི་མུའུ་ཏིའི་ཡུང་ཧི་ཁྲི་ལོ་གསུམ་པར(སྤྱི་ལོ347ལོ)ཤན་ཅུས་རྫོང་བཙུགས་པ་དང་མིང་ལ་ལེ་ཨན་ཟེར། སུའེ་དང་ཐང་བར་ཐེངས་འགའ་མེད་པར་བཟོས་ནས་རྒྱལ་རབས་ལྔའི་ཝུའུ་ཡུའེ་ཡི་པའོ་ཀྲེང་ཁྲི་ལོ་ལྔ་པར(སྤྱི་ལོ930ལོར)མིང་ ཡུང་ཨན་ཞེས་སུ་བསྒྱུར། སུང་རྒྱལ་རབས་ཀྱི་དུས་སུ། ཤན་ཅུས་ནི་རྒྱལ་ནང་གི་མིང་དུ་གྲགས་པའི་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཡིན། སུང་རྒྱལ་རབས་བྱང་མའི་ཅིན་ཏེ་ཁྲི་ལོ་བཞི་པར་(སྤྱི་ལོ1007ལོར)སུང་ཀྲེན་ཙུང་གིས“ཏུང་ཐེན་རི་བོས་ཉེ་འཁོར་རབ་བསྒྲིབས་ཤིང་། དྲང་སྲོང་མང་པོའི་བསྟི་གནས་ཉིད་དུའོ།།”ཞེས་པ་ལས་ད་ལྟའི་མིང་ལ་བསྒྱུར། རྫོང་བཙུགས་ནས་ད་ལྟའི་བར་ལོ་ངོ1600ལྷག་ཙམ་སོང་ཡོད།

2 སྲིད་འཛིན་ཁོངས་བགོས།

ཤན་ཅུས་རྫོང་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ10སྲང་ལམ་དོན་གཅོད་ཁྲུའུ3སྲིད་འཛིན་གྲོང་ཚོ418ཡོད་པ་རེད།

སྲང་ལམ་ནི། ཧྥུ་ཡིན་སྲང་ལམ། ཨན་ཀྲུའུ་སྲང་ལམ། ནན་ཧྥིན་སྲང་ལམ་བཅས་ཡིན། 

གྲོང་རྡལ་ནི། ཧེང་ཞི་གྲོང་རྡལ་དང་། པའེ་ཐ་གྲོང་རྡལ། ཐེན་ཧྲི་གྲོང་རྡལ། ཀོན་ལུའུ་གྲོང་རྡལ། ཞ་ཀུ་གྲོང་རྡལ། ཀྲུའུ་ཞི་གྲོང་རྡལ། ཕུའུ་ཐོའུ་གྲོང་རྡལ་བཅས་ཡིན། 

ཡུལ་ཚོ་ནི། ཧྲང་ཀྲང་ཡུལ་ཚོ་དང་། ཨན་ལིན་ཡུལ་ཚོ། ཞི་ཀང་ཡུལ་ཚོ། ཆིའུ་ཧྲན་ཡུལ་ཚོ་། ཕོ་ཐན་ཡུལ་ཚོ་། ཏན་ཀྲུའུ་ཡུལ་ཚོ། རྐང་ལམ་ཡུལ་ཚོ། ཀོང་ཏུའུ་ཡུལ་ཚོ་། ཏ་ཀྲན་ཡུལ་ཚོ། ཧྲོང་མིའོ་ཡུལ་ཚོ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཤན་ཅུས་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཐའེ་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་གྱི་རྒྱ་མཚོ་དང་ཐག་ཉེ་བ་ཡིན། ས་དབྱིབས་རི་མ་ཐང་གཙོ་བོ་ཡིན་པ་བཅས་ཀྱི་མིང་ལ་“རི་བོ་མང་ཤོས་ཆུ་དང་ཞིང་གིས་བརྒྱན”ཞེས་འབོད་ཀྱིན་ཡོད། ཤན་ཅུས་རྫོང་དུ་ནགས་ཚལ་ཁྱབ་ཚད77.9%ཟིན་པ་དང་། ཤར་དུ་ལིན་ཧའེ་དང་ཧོང་ཡན་ལ་འབྲེལ་བ་དང་། ལྷོ་རུ་ཡུང་ཅ་རྫོང་དང་འབྲེལ་བ། ནུབ་ཏུ་ཅིན་ཡུན་རྫོང་དང་འབྲེལ་བ། བྱང་དུ་ཕེན་ཨན་རྫོང་དང་ཐེན་ཐའེ་རྫོང་དང་འབྲེལ་ཡོད། བྱང་གི་འཕྲེད་ཐིག་ཧ་ལམ28.5°-29°བར་དང་། མངའ་ཁོངས་ནང་གི་ལྷོ་བྱང་དྲང་ཐིག་བར་ཐག་སྤྱི་ལེ57.6དང་། ཤར་གྱི་གཞུང་ཐིག120°-121°བར་སྟེ། ཤར་ནུབ་ཀྱི་དྲང་ཐིག་བར་ཐག་སྤྱི་ལེ63.6ཡིན།

3_2 ས་དབྱིབས་རྣམ་པ།

ཞན་ཅུས་རྫོང་གི་ས་དབྱིབས་ཕྱི་ནས་ནང་ལ་གསེག་སྟེ་ཤར་ཕྱོགས་སུ་གསེག་ཅིང་། དེའི་ཁྲོད་ཆེ་ཆུང་མི་འདྲ་བའི་ལུང་ཤུར་དང་གཤོང་ས་ཡོད་པ་དང་། དེའི་ནང་ཁྲེང་ཀོན། ཐེན་གྲོང་། ཧེང་ཤིས་སོགས་རོང་ཁུལ་བཞིའི་བདེ་ཐང་རྒྱ་ཁྱོན་ཅུང་ཆེ།

3_3 གནམ་གཤིས་ཁྱད་ཆོས།

ཤན་ཅུས་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་ཁུལ་དུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད18.3℃ཡིན་པ་དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད5.6℃ཡིན་པ། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད28.5℃ཡིན། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཉིན་40ཡས་མས་ཡིན། ཆར་ཆུ་འབེལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི2000ཡས་མས་ཡིན་ལ། རྩེ་གཉིས་ཅན་གྱི་ཁྱབ་ཚུལ་ཡིན། མདུན་རྩེ་ནི་སོས་ཆར་ཡིན་པ་དང་། རྒྱབ་རྩེ་ནི་སྟོན་ཆར་ཡིན་པ་དང་། ཆར་ཆུ་འབབ་ཚད་སྙོམས་པོ་མེད་ཅིང་། ལྷོ་རྒྱུད་ནི་བྱང་ཕྱོགས་ལས་མང་བ། ཤར་རྒྱུད་ནི་ནུབ་རྒྱུད་ལས་མང་བ་བཅས་ཡིན།

4 མི་འབོར།

སྤྱི་ལོ2018ལོར་ཤན་ཅུས་རྫོང་གི་ཐེམ་ཐོའི་མི་འབོར517377ཡོད་པའི་ནང་སྐྱེས་པའི་མི་འབོར268127དང་། བུད་མེད་ཀྱི་མི་འབོར249250ཡོད་པ་ཡིན། ཕོ་མོའི་བསྡུར་ཚད 107.6:100ཡོད་པ་རེད། ལོ་ཧྲིལ་པོར་ཁྱོན་བསྡོམས་མི6616སྐྱེས་པ་དང་། མི་3389ཤི་བ་རེད། མི་སྐྱེས་ཚད 12.82‰དང་། ཤི་ཚད 6.56‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད 6.25‰བཅས་ཟིན་ཡོད། སྤྱི་ལོ2018ལོའི 5‰མི་འབོར་འགྱུར་ལྡོག་དཔེ་འཐེན་བརྟག་དཔྱད་བྱས་པར་གཞིགས་ན། ལོ་མཇུག་ཏུ་རྫོང་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི35.7ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད 58.6%ཟིན་ཡོད་པ་རེད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཤན་ཅུས་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར230.11ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར14.72ཟིན་ནས3.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར98.04ཟིན་ནས4.4%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར117.35ཟིན་ནས་5.6%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི6.4:42.6:51.0ཡིན། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར44580(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར6737ལ་ཕབ་རྩིས་བརྒྱབ་པ)ཟིན་པ་དེ་ལོ་གོང་མ་ལས4.2%འཕར་ཡོད།    

སྤྱི་ལོ2018ལོར་ཤན་ཅུས་རྫོང་གིས་སྤྱིར་བཏང་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར34.73ལེགས་སྒྲུབ་བྱས་པ་དེ་ལོ་གོང་མ་ལས13.8%འཕར་བའི་ནང་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར20.84ལེགས་གྲུབ་ཟིན་པ་དང12.5%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར18.39ཟིན་ནས13.5%འཕར་བ་དེའི་ནང་གནས་ཐང་འཕར་ཁྲལ་དང་། ལས་གཉེར་དཔྱ་ཁྲལ། ཁེ་ལས་ཀྱི་འབབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་བཅས་སོ་སོར15.0%དང་། 70.7%དང་། 9.4% 34.9%བཅས་འཕར་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར54.55ཟིན་ནས9.3%འཕར་ཡོད། དེའི་ནང་སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར9.66ཟིན་ནས4.1%འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར4.90ཡིན་པས16.1%འཕར་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར6.48ཟིན་ནས2.9%འཕར་བ་དང་། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར8.09ཡིན་པས11.2%ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་འགྲོ་སྒོ་སྒོར་དུང་ཕྱུར5.48ཡིན་པས12.3%འཕར་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་འགྲོ་སྒོ་སྒོར་དུང་ཕྱུར6.80ཡིན་པས26.2%འཕར་ཡོད།     སྤྱི་ལོ2018ལོར་ཤན་ཅུས་རྫོང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ5690མང་དུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ1870ལས་ཞུགས་བསྐྱར་མ་ཐུབ་པ་དེའི་ནང་དཀའ་ངལ་ཡོད་པའི་མི་སྣ306སླར་ཡང་ལས་ཞུགས་ཐུབ་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.98%ཟིན་ཡོད།    

སྤྱི་ལོ2018ལོར་ཤན་ཅུས་རྫོང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31573ཟིན་པ་དེ་ལོ་གོང་མ་ལས9.4%འཕར་ཡོད། རྒྱུན་སྡོད་ས་ཆར་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཡུལ་མི་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར40506དང་སྒོར20970སོ་སོར་ཟིན་ནས9.1%དང9.6%འཕར་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སྒོ་སྒོར22792ཟིན་ནས་སྔ་ལོ་ལས8.8%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཡུལ་མི་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་འགྲོ་སྒོ་སོ་སོར་སྒོར27053དང་སྒོར17735 ཟིན་ནས8.4%དང9.3%འཕར་བ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2018ལོར་ཤན་ཅུས་རྫོང་གི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ1941ཟིན་པ་དང་གཞུང་ལམ་དྲ་བའི་སྟུག་ཚད་སྤྱི་ལེ་ངོས་གྲུ་རེར་སྤྱི་ལེ97.01ཟིན་པའམ་ཡང་ན་སྤྱི་ལེ་རེར་སྤྱི་ལེ་ཁྲི37.53ཟིན་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ105.68དང་། རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ82.49 རིམ་པ་གཉིས་པའི་གཞུང་ལམ་སྤྱི་ལེ143.70 རིམ་པ་གསུམ་པའི་གཞུང་ལམ་སྤྱི་ལེ78.12 རིམ་པ་བཞི་པའི་གཞུང་ལམ་སྤྱི་ལེ1531.89བཅས་ཡོད་པ་རེད། “གྲོང་གསེབ་ཀྱི་གཞུང་ལམ་བཟང་པོ་བཞི”འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ29.7དང་། བདེ་སྲུང་སྒྲིག་བཀོད་སྤྱི་ལེ91.2 མཛེས་སྡུག་ལྡན་པའི་གཞུང་ལམ་སྤྱི་ལེ91.7བཅས་གསར་སྐྲུན་བྱས་ཡོད།     སྤྱི་ལོ2018ལོར། ཤན་ཅུས་རྫོང་གིས་ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི550ཟིན་པ་དེ་ལོ་གོང་མ་ལས6.0%འཕར་བ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི69453ཟིན་ནས5.2%འཕར་བ་དང་། སྤྱི་ཚོགས་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི720ཟིན་པ་དེ་ལོ་གོང་མ་ལས8.7%ཆག་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་ཁྲི19132ཟིན་ནས8.0%ཆག་ཡོད།     སྤྱི་ལོ2018ལོར། རྫོང་ཡོངས་ཀྱི་ལོ་མཇུག་ཏུ་རླངས་འཁོར84095ཡོད་པ་དེ་ལོ་གོང་མ་ལས་རླངས་འཁོར7135མང་དུ་ཕྱིན་ནས9.3%འཕར་བའི་ནང་། སྒེར་གྱི་རླངས་འཁོར་78793ཡོད་པ་དེ་ལོ་གོང་མ་ལས་རླངས་འཁོར7092མང་དུ་ཕྱིན་ནས9.8%འཕར་ཡོད།

7 ཡུལ་སྐོར་ཐོན་ལས་རིགས།

སྤྱི་ལོ2013ལོར། ཤན་ཅུས་རྫོང་དུ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར41.72བྱུང་བ་དེ་སྤྱི་ལོ2012ལོ་ལས27.2%འཕར་ཡོད། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས4804ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི153ཟིན་པ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི429.17ལ་སྣེ་ལེན་ཞུས་པ་དེ21.0%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་41.63ཟིན་ནས29.0%འཕར་ཡོད། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི6768ཟིན་ནས30.6%འཕར་ཡོད། ལོ་མཇུག་ཏུ་ཤན་ཅུས་རྫོང་དུ་སྐར་མ་རིམ་པའི་གསོལ་མགྲོན་ཁང4ཡོད་པའི་ནང་སྐར་མ་བཞི་རིམ་པའི་ཟ་ཁང1ཡོད་པ་དང་། A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ1དངA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ3ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱ་དང་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་མྱོང་། སྤྱི་ལོ2018ལོའི་ཟླ10པའི་ཚེས22ཉིན། སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོར་བདམས་པ་རེད། སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་བྱ་དགའ་ཐོབ་ཡོད། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་ནུས་པ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་ནང་ཚུད་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།