ཧུང་ཧུའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-27 10:17ལ་འགྲུབ།

ཧུང་ཧུའུ་གྲོང་ཁྱེར།

ཧུང་ཧུའུ་གྲོང་ཁྱེར།
ཧུང་ཧུའུ་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་ཅིང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོ་དང་། ཅང་ཧན་བདེ་ཐང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ཅིང་། མངའ་ཁོངས་ནང་གི་མཚེའུ་ཆེ་ཤོས་ཏེ་ཧུང་ཧུའུ་མཚེའུ་ཡོད་པས་མིང་དེ་ལྟར་བཏགས། ཤར་ཀྱི་གཞུང་ཐིག113°07′~114°05′དང་། བྱང་གི་འཕྲེད་ཐིག29°39′~30°12′བར་ཡིན། ཤར་ལྷོ་འབྲི་ཆུ། ཅ་ཡུས་རྫོང་། ཁྲི་པི་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་ལིན་ཞང་གྲོང་ཁྱེར་བཅས་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ནི་ཧུང་ཧུའུ་དང་ཅན་ལི་རྫོང་དང་ས་མཚམས་འབྲེལ་བ་དང་། བྱང་ནི་ཏུང་ཅིན་ཆུ་བོ་དང་ཧན་ནན་ཆུས། གཞན་ཡང་ཞན་ཐའོ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2519ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洪湖市
ཕྱི་ཡིག་གི་མིང་།
Honghu City
མིང་གཞན།
ཧྲུའེ་ཞང་། ཅང་ཧན་མུ་ཏིག
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཅིང་ཀྲོའུ་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཁྲོམ་གཞུང་དོན་གཅོད་ཁང2 གྲོང་རྡལ14 ཤང1
སྲིད་གཞུང་གནས་ཡུལ།
ཆུ་རགས་གསར་པའི་ཁྲོམ་གཞུང་ཝུན་ཆོན་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0716 (སྤྱི་ལོ2010ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
སྦྲག་སྲིད་ཨང་རྟགས།
(སྤྱི་ལོ2013ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
གནས་ཡུལ།
འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ཅང་ཧན་བདེ་ཐང་ཤར་ལྷོའི་རྒྱུད་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2519ཡོད།
མི་གྲངས།
མི་ཁྲི93.19(སྤྱི་ལོ2016ལོའི་ཐེམ་ཐོའི་མི་གྲངས)
ཡུལ་སྐད།
ལྷོ་ནུབ་གཞུང་སྐད། ཅང་ཧན་བདེ་ཐང་གི་ཡུལ་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧུང་ཧུའུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཝུའུ་ལིན་གྱི་གནའ་བོའི་གཡུལ་ས། ཤང་ཨེ་ཤིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་སོགས།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཅིན་ཀྲོའུ་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)D
སྲིད་འཛིན་ཚབ་ཨང་།
421083 (སྤྱི་ལོ2015ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར213.10(སྤྱི་ལོ2016ལོར)
1 འཛུགས་སྐྲུན་གྱི་འཕེལ་རིམ།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཀྲོའུ་མེད་པར་བཟོས་ཏེ་རྫོང་བཙུགས་པ་དང་། མེང་དབྱང་རྫོང་ནི་ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཅང་ཧན་ཏའོ་རུ་གཏོགས།

མིན་གོའི་སྲིད་ལོ་བཅོ་ལྔ་པར(སྤྱི་ལོ1926ལོར)ཏའོ་མེད་པར་བཟོས་ནས་ཆུ་རགས་གསར་པ་གྲོང་ཁྱེར་བཙུགས་པ་དང་། ཧུའུ་པེ་ཞིང་ཆེན་སྲིད་གཞུང་ཁོངས་སུ་ཐད་ཀར་གཏོགས་པ་རེད། ཡུན་རིང་མ་སོང་བར་གྲོང་ཁྱེར་ཕྱིར་འཐེན་བྱས་ཤིང་། མེང་དབྱང་རྫོང་དང་ཟླ་སྒྲིལ་བཏང་།

སྤྱི་ལོ1949ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཆུ་རགས་གསར་པར་ཡན་དབྱང་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། ཆུ་རགས་གསར་པར་ཀྲོན་ཧྲུའུ་ཐད་གཏོགས་གྲོང་ཁྱེར་བྱས།

སྤྱི་ལོ1951ལོའི་ཟླ5པར། ཡུས་དབྱང་ཀྲོན་ཆུས་ཅིན་ཀྲོའུ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་རུ་ཟླ་སྒྲིལ་བཏང་། ལོ་དེའི་ཟླ6པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དོན་སྤྱི་ཁྱབ་ཁང་གིས་མེང་དབྱང་རྫོང་ཏུང་ཅིང་ཆུ་བོའི་ལྷོ་རྒྱུད་ཀྱི་ས་ཁོངས་དང་། དེ་བཞིན་ཅན་ལི་རྫོང་གི་ཤར་རྒྱུད། ཅ་ཡུས་རྫོང་གི་འབྲི་ཆུའི་བྱང་རྒྱུད། ཧན་དབྱང་རྫོང་གི་ལྷོ་ནུབ་རྒྱུད་ཀྱི་ས་འབྲེལ་ས་ཁོངས་བཅས་དབྱེ་ནས་ཧུང་ཧུའུ་རྫོང་བཙུགས་པ་དང་། ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1987ལོའི་ཟླ7པའི་ཚེས31ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧུང་ཧུའུ་རྫོང་མེད་པར་བཟོས་ནས་ཧུང་ཧུའུ་གྲོང་ཁྱེར་བཙུགས་པ་དང་། སྲིད་འཛིན་ས་ཁོངས་དང་ཁོངས་གཏོགས་ཀྱི་འབྲེལ་བ་སྔར་བཞིན་སོར་འཇོག་བྱས། ཧུང་ཧུའུ་གྲོང་ཁྱེར་ནི་ད་ལྟའི་ཧུའུ་པེ་ཞིང་ཆེན་གྲོང་ཁྱེར་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ4པའི་བར་ཧུང་ཧུའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུ་རགས་གསར་པ་དང་པིན་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་གཉིས། དུང་རི་དང་། ཝུའུ་ལིན། ལུང་ཁོའུ། ཡན་ཝུའུ། ཞིན་ཐན། ཧྥེང་ཁོའུ། ཚའོ་གྲོང་། ཧྥུ་ཁྲང་། ཏའེ་ཅ་ཁྲང་། ཆུས་ཅ་ཝན། ཧྲ་ཁོའུ། ཝན་ཆོན། ལུའོ་ཧོ། ཧོང་ཅ་ཁོའུ་བཅས་གྲོང་རྡལ14དང་། ལའོ་ཝན་ཧུའེ་རིགས་ཞང1བཅས་ཡོད། ཏ་ཐུང་མཚེའུ་དང་། ཏ་ཧྲ་མཚེའུ། གྲུ་ཁ་ཆུང་བ་བཅས་དོ་དམ་ཁུལ3(ཞིང་ར)དུ་ཤང་གྲོང20ཡིས་ཁུལ་དང་ཧུང་ཧུའུ་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པ་དང་། ཁོངས་གཏོགས་སུ་གྲོང་མིའི་ཨུ་ཡོན་ལྷན་ཁང32དང་སྡེ་མིའི་ཨུ་ཡོན་ལྷན་ཁང233ཡོད། གྲོང་མིའི་ཚོ་ཆུང272དང་སྡེ་མིའི་ཚོ་ཆུང2742ཡོད། གྲོང་ཁྱེར་སྲིད་གཞུང་ནི་ཆུ་རགས་གསར་པའི་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧོང་ཧུའུ་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོ་དང་། ཅང་ཧན་བདེ་ཐང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ཅིང་། མངའ་ཁོངས་ནང་གི་མཚེའུ་ཆེ་ཤོས་ཏེ་ཧུང་ཧུའུ་མཚེའུ་ཡོད་པས་མིང་དེ་ལྟར་བཏགས། ཤར་ཀྱི་གཞུང་ཐིག113°07′~114°05′དང་། བྱང་གི་འཕྲེད་ཐིག29°39′~30°12′བར་ཡིན། ཤར་ལྷོ་འབྲི་ཆུ། ཅ་ཡུས་རྫོང་། ཁྲི་པི་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་ལིན་ཞང་གྲོང་ཁྱེར་བཅས་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ནི་ཧུང་ཧུའུ་དང་ཅན་ལི་རྫོང་དང་ས་མཚམས་འབྲེལ་བ་དང་། བྱང་ནི་ཏུང་ཅིན་ཆུ་བོ་དང་ཧན་ནན་ཆུས། གཞན་ཡང་ཞན་ཐའོ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། ཧུང་ཧུའུ་གྲོང་ཁྱེར་གྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ94ཡོད་པ་དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ62ཡོད་པ་རེད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2519ཡོད།

3_2 ས་དབྱིབས།

ཧོང་ཧུའུ་མཚེའུ་ཡི་མངའ་ཁོངས་ཡོངས་ནི་ལོ་རྒྱུས་ཐོག་ཡུན་མེང་ཙེ་ཤར་རྒྱུད་ཀྱི་འབྲི་ཆུའི་ཀླུང་ཐང་དུ་གཏོགས་ལ། ས་བབ་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་དལ་པོར་གསེག་སྟེ། ལྷོ་བྱང་གི་མཐོ་བ་དང་། དཀྱིལ་དམའ་བ། ཡངས་ཤིང་ཁོད་སྙོམས་པའི་ས་ངོས་ཆགས་ཚུལ་ཆགས་ཡོད་པ་དང་། ས་བབ་མང་ཆེ་བ་ནི་རྒྱ་མཚོའི་ངོས་ནས་སྨི23ནས28བར་ཡིན། མངའ་ཁོངས་ནང་གི་ས་བབ་ཆེས་མཐོ་ཤོས་ནི་དུང་རི་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི60.48ཡོད། ས་བབ་ཆེས་དམའ་ཤོས་ནི་བྱེ་ཤུབས་མཚེའུ་ཡི་མཐིལ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི17.9ལས་མེད། ཧུང་ཧུའུ་གྲོང་ཁྱེར་གྱི་ཆ་སྙོམས་གཟར་ཚད0.3%ཙམ་ཟིན་པ་དང་ས་ཁོངས་ནང་གི་ཆུ་ཡུར་འཕྲེད་གཞུང་དུ་འདྲེས་ནས་མཚེའུ་སྐར་ཚོགས་ལྟར་ཁྱབ་ཡོད་པ་རེད།

4 མི་གྲངས་དང་མི་རིགས།     
4_1 མི་གྲངས།     

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི93.19ཡོད་པའི་ནང་ཐེམ་ཐོ་ཡིན་པའི་ཞིང་ལས་མིན་པའི་མི་འབོར་ཁྲི29.51དང་ཞིང་ལས་མི་འབོར་ཁྲི63.68ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར12862ཡོད་པ་དང་། སྐྱེས་ཚད་སྟོང་ཆའི13.8ཡིན། ཤི་རྨས་མི་འབོར5232ཡོད་པ་དང་། ཤི་ཚད་སྟོང་ཆའི5.6ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི8.2བཅས་ཡིན། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི84.79ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི38.44ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད45.333%ཡིན།     

4_2 མི་རིགས།     

ཧུང་ཧུའུ་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས13ཡོད་པ་དེ་དག་ནི་ཧུའེ་རིགས་དང་། སོག་རིགས། ཐུའུ་ཅ་རིགས། ཀྲོང་རིགས། དབྱིས་རིགས། ཏུང་རིགས། ལི་རིགས། མན་ཇུ་རིགས། མུའུ་ལའོ་རིགས། ཁྲའོ་ཞན་རིགས། ཡའོ་རིགས་བཅས་ཡིན། སྤྱིའི་མི་འབོར6500ལྷག་ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.69%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཅུང་མང་བ་ནི་ཧུའེ་རིགས་ཡིན་པ་དང་། མི་གྲངས5600ལྷག་ཡོད་ཅིང་། གཙོ་བོ་ལའོ་ཝན་ཧུའེ་རིགས་ཞང(མི་གྲངས3800)དང་གྲོང་ཁུལ(མི་གྲངས1500ཙམ)དུ་ཁྱབ་ཡོད། ཏ་ཐུང་དང་། ཏ་ཧྲ། ལུང་ཁོའུ། ཝུའུ་ལིན་སོགས་ཤང་གྲོང་དུ་ཐར་ཐོར་དུ་ཁྱབ་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར213.10ཡོད་པ་དེ་སྤྱི་ལོ2015ལོ་ལས6.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར64.64ཡོད་པ་དེ་སྤྱི་ལོ2015ལོ་ལས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར70.95ཡོད་པ་དེ་སྤྱི་ལོ2015ལོ་ལས5.9%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར77.51ཡིན་པ་དེ་སྤྱི་ལོ2015ལོ་ལས10.3%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད30.3:33.3:36.4ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25136ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོ།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་གྱི་སློབ་གྲྭ་ཁྱོན94ཡོད་པའི་ནང་སློབ་ཆུང་དང་། སློབ་འབྲིང་དཀྱུས་མ། ལས་རིགས་སློབ་འབྲིང་བཅས50དང་། 41དང་། 3བཅས་ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི7.27ཡོད་པའི་ནང་སློབ་ཆུང་དང་། སློབ་འབྲིང་དཀྱུས་མ། ལས་རིགས་སློབ་འབྲིང་བཅས་སོ་སོར་སློབ་མ་ཁྲི4.21དང་། ཁྲི2.84 ཁྲི0.21བཅས་ཡོད་པ་རེད། བུ་བཅོལ་ཁང65དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི2.50ཡོད་པ་རེད།

6_2 ཚན་རིག་ལག་རྩལ།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི1དང་། ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1 མཐོ་གསར་ལག་རྩལ་ཁེ་ལས4གསར་དུ་བསྣན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས6རེ་ཞུ་བྱས་པ་རེད། ཆེད་ལས་ཁེ་ཐོབ་རེ་ཞུ་གྲངས་ནི213ཡོད་པ་དང་དབང་ཆ་སྤྲོད་གྲངས157ཡོད།

6_3 རིག་གནས།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་དུ་ཟློས་གར་ཁང་དང་གློག་བརྙན་ཟློས་གར་ཁང5ཡོད་པ་དང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ65980ཡོད།

6_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་དུ་སྨན་ཁང་དང་འཕྲོད་བསྟེན་ཁང30དང་། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ2898ཡོད་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན་མི141མང་དུ་ཕྱིན་ཡོད་ལ། རིགས་ཁག་གི་ནད་ཁྲི2640ཡོད་པ་དང་སྤྱི་ལོ2015ལོ་ལས་ནད་ཁྲི183གྱིས་མང་དུ་ཕྱིན་ཡོད་པ་རེད།

6_5 སྤྱི་ཚོགས་ཀྱི་འགན་སྲུང་།

སྤྱི་ལོ2016ལོར་ཧུང་ཧུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི15.05དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི19.77ཡོད། མི་ཁྲི3.24ལས་ཤོར་འགན་བཅོལ་ནང་ཞུགས། ལས་རྨས་འགན་བཅོལ་དང་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་སོ་སོར་མི་ཁྲི3.84དང་མི་ཁྲི1.39ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི64.83དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་མཁན་མི་ཁྲི31.22བཅས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་མི་གྲངས་ཁྲི1.15དང་། གྲོང་གསེབ་ཀྱི་སྡོད་དམངས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་མི་གྲངས་ཁྲི3.93ཡོད།

7 གྲོང་ཁྱེར་གྱི་མཚན་སྙན།

རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་དཔེ་སྟོན་རྫོང(གྲོང་ཁྱེར)།

རྒྱལ་ཡོངས་ཀྱི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར)

རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་བརྒྱ་ཡི་རྫོང་དང་གྲོང་ཁྱེར།

ཀྲུང་ཧྭའི་སྙན་ཚིག་གི་ཕ་ཡུལ།

ཀྲུང་གོའི་ཆ་ཡིག་རིག་གནས་གྲོང་ཁྱེར།

ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གྱི་གཞི་རིམ་ཏང་འཛུགས་སྔོན་ཐོན་རྫོང(གྲོང་ཁྱེར)

ཧུའུ་པེ་ཞིང་ཆེན་གྱི་ཤེས་རིག་གྲོང་ཁྱེར།

སྤྱི་ལོ2019ལོའི་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཞི་བདེ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གྱི་ཆུ་ཐོན་རྫོང་ཆེན་པོ།

ཧུའུ་པེ་ཞིང་ཆེན་གྱི་བཟང་ཆ་ལྡན་པའི་ཞིང་ལས་ཐོན་རྫས་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར)

ཧུའུ་པེ་ཞིང་ཆེན་གཉིས་བཀུར་དཔེ་བཟང་གྲོང་ཁྱེར།

ཧུའུ་པེ་ཆ་ཡིག་རིག་གནས་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་སྐྱེད་ཚལ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་གྲོང་ཁྱེར།

རྒྱལ་ཡོངས་ལྗང་སྒྱུར་དཔེ་ལེགས་ལས་ཁུངས།

ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁོངས།