མིག་སྨན་གུར་ཀུམ་སུམ་སྦྱོར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-30 14:59ལ་འགྲུབ།

མིག་སྨན་གུར་ཀུམ་སུམ་སྦྱོར།

མིག་ནད་དམར་ཚག་དག་ལ་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མིག་སྨན་གུར་ཀུམ་སུམ་སྦྱོར།
ཁོངས་གཏོགས།
སྨན་རྫས།
རྨན་པ།
ཕྱེ་མ།
1 སྡེབ་ཁ།

གུར་ཀུམ10ཨ་རུ་གསེར་མདོག10གླ་རྩི3སྦྱར།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་མིག་སྨན་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བ། བཟི་མེད་པའི་སྨན་མར་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། མིག་ནད་དམར་ཚག་དག་ལ་ཐེངས་བར་ཆོག

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཐིགས1རེ་དང་། ཉིན་རེར་ཐེངས3ནས4བར་མིག་ནང་དུ་གཏིགས་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་མིག་སྨན་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

མིག་སྨན། ནུས་པ། བསིལ་བ།