མུ་ལ་ལྔ་བའི་སྨན་མར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-30 14:58ལ་འགྲུབ།

མུ་ལ་ལྔ་བའི་སྨན་མར།

བད་ཀན་སྐྲན་དང་སྐྱ་རྦབ་དང་། ལུ་དང་དབུགས་མི་བདེ་བར་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མུ་ལ་ལྔ་བའི་སྨན་མར།
ཁོངས་གཏོགས།
སྨན་རྫས།
རྣམ་པ།
རིལ་བུ།
1 སྡེབ་ཁ།

མུ་ལ30པི་པི་ལིང15སྒ་སྐྱ18དབྱི་མོང20ཡ་བཀྵ་ར15སྦྱར།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པ་ལ་འབྲུ་མར་དང་མངར་གསུམ་སྦྲང་རྩི་བཅས་སྦྱར་ཏེ་ཚུལ་བཞིན་དུ་སྨན་མར་རིལ་བུ་ཁེ་ཙམ་བཟོས་པས་གྲུབ།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྨུག་བོ་ཅན།རོ་མངར་བ།ནུས་པ་དྲོ་བ།བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། བད་ཀན་སྐྲན་དང་སྐྱ་རྦབ་དང་།། ལུ་དང་དབུགས་མི་བདེ་བ་དང་།། མཆེར་བ་སྦོ་དང་འཁྲུ་བ་དང་།། རྟུག་སྐམ་ཐམས་ཅད་སེལ་བར་བྱེད།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་རིལ་བུ1རེ་དང་། ཉིན་རེར་ཐོ་རེངས་དུས་སུ་ཐེངས1རེ་ཆུ་ཁོལ་གྱིས་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་སྨན་མར་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

སྡེབ་ཁ། སྨན་སྦྱོར།