མན་ངག་རྒྱལ་མོ་ཆུ་འབྱེད།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-30 14:58ལ་འགྲུབ།

མན་ངག་རྒྱལ་མོ་ཆུ་འབྱེད།

མིག་འགྲིབ་འབྱེད་པར་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མན་ངག་རྒྱལ་མོ་ཆུ་འབྱེད།
ཁོངས་གཏོགས།
སྨན་རྫས།
རྣམ་པ།
ཕྱེ་མ་དང་རིལ་བུ་གང་རུང་།
1 སྡེབ་ཁ།

ག་བུར15དོམ་མཁྲིས10རྒྱ་ཚྭ10གླ་རྩི5གི་ཧང15མཚལ་དཀར15བུལ་ཏོག8ཚ་ལ8(གཉིས་བསྲེག)ཚོས10བཙོད10སྦྱར།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་ཁྲག་ཁྲུམ་ཙམ་བརྡུངས་ནས་ཆུ་འཕུལ་ཕྱེད་སྦངས་ཁུ་བ་ཟངས་སྣོད་བླུགས།། དེ་ལ་སྨན་བཏབ་སྲིན་ལག་གཙང་མས་བསྣུར།། དྲི་མེད་བལ་བཙགས་དེ་ལྟར་བསིངས་པའི་ཆུ་ཞེས་པ་ལྟར་བཟོས་པའི་གཏིགས་སྨན་ཞིག་ཡིན།

3 ཁ་དོག་དང་ངོ་བོ།

སྨན་འདི་ཁ་དོག་དམར་ནག་ཅན། རོ་ཁ་བ། དྲི་ཅུང་ཞིམ་པ། ནུས་པ་བསིལ་བ་དང་བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྨན་འདི་མིག་འགྲིབ་འབྱེད་པའི་གདམས་པ་ཡིན།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2ནས3དང་ཐེངས་རེར་ཐིགས1རེ་གཡས་ཕབ་ཤར་བལྟས་མིག་སྟེང་འོང་བར་བྱ། མིག་བགྲད་ཕྲ་མོར་ནུར་དུ་ལན་ལྔ་བླུག སླར་ཡང་གཡོན་ཕབ་དེ་བཞིན་ལན་གསུམ་རེ་བླུག་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྦྱོར་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

སྡེབ་ཁ། བཟོ་ཐབས།