ཐེན་ཐའེ་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 14:53ལ་འགྲུབ།

ཐེན་ཐའེ་རྫོང་།

ཐེན་ཐའེ་རྫོང་།
ཐེན་ཐའེ་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་དབུས་ཤར་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་སུ་སན་མོན་རྫོང་དང་ཉིང་པོ་གྲོང་ཁྱེར་ཉིང་ཧའེ་རྫོང་དང་འབྲེལ་བ་དང་། ལྷོ་རུ་ལིན་ཧའེ་གྲོང་ཁྱེར་དང་ཞན་ཅུས་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཅིན་ཧྭ་གྲོང་ཁྱེར་ཕན་ཨན་རྫོང་དང་འབྲེལ་ཅིང་། བྱང་མཚམས་ཧྲའོ་ཤིན་གྲོང་ཁྱེར་ཤིན་ཁྲང་རྫོང་དང་འབྲེལ་ཡོད། རྫོང་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི54.7དང་། ལྷོ་བྱང་གི་ཞེང་ཚད་སྟོང་སྨི33.5 རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1431.66བཅས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི60.3དང་རྒྱུན་སྡོད་མི་འབོར་ཁྲི40.5ཡོད་པ་རེད། རྫོང་སྲིད་གཞུང་ནི་ཧྲི་ཧྥེང་སྲང་ལམ་གཡུ་འབྲུག་ལམ་ཨང་རྟགས1པོར་གནས་ཡོད། ཐེན་ཐའེ་ནི་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་དང་རི་ཆུའི་ངོ་མཚར་ལ་བརྟེན་ནས་སྐད་གྲགས་ཆོད་ཅིང་། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཐེན་ཐའེ་ལུགས་ཀྱི་འབྱུང་གནས་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ནན་ཙུང་གསར་འཛུགས་བྱ་ཡུལ། གྲུབ་ཆེན་ཅི་ཀུང་གི་འཁྲུངས་ཡུལ་དང་། 《ཞུས་ཞ་ཁེའི་ཡུལ་སྐོར་ཟིན་ཐོའི》འགོ་བརྩམས་ས་ཆ། ཧོ་ཧོ་རིག་གནས་ཀྱི་འབྱུང་གནས་དང་། དགྲ་བཅོམ་ལྔ་བརྒྱ་གོ་འཕང་ཐོབ་པའི་གནས། སྙན་ངག་ཁྱུ་མཆོག་ཧན་ཧྲན་ཙི་བཞུགས་པའི་གནས། ལིའུ་རོན་འདུ་འཛིར་བྲལ་ཏེ་སྒོམ་པའི་གནས། ཝང་ཞི་ཀྲི་ཡི་བྲིས་ཀྱི་རྟོགས་པ་རྙེད་པའི་ཡུལ་བཅས་ཡིན་ནོ།། ཐེན་ཐའེ་ནི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དང་། རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་། རྒྱལ་ཁབ་སྣོད་བཅུད་ཡུལ་སྐོར་ཁུལ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་འཛུགས་སྐྱོང་གི་ཕུལ་བྱུང་གྲོང་ཁྱེར། ཀྲུང་གོའི་ཇའི་རིག་གནས་ཀྱི་ཕ་ཡུལ། རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཕ་ཡུལ། རྒྱལ་ཡོངས་ཀྱི་མིག་མངས་ཀྱི་ཕ་ཡུལ། ཀྲུང་གོའི་ཝུའུ་སྨན་གྱི་ཕ་ཡུལ། ཀྲུང་གོའི་ཇ་གྲགས་ཅན་གྱི་ཕ་ཡུལ་བཅས་དང་། ཀྲུང་གོའི་འགྱིག་ཐགས་བཟོ་ལས་ཀྱི་གྲོང་དང་། ཀྲུང་གོའི་རླངས་འཁོར་མཁོ་ཆས་ཐོན་སྐྱེད་རྟེན་གཞི། ཀྲུང་གོའི་འཚག་རས་གྲགས་ཅན་གྱི་གྲོང་ཁྱེར། ཀྲུང་གོ་ཧོ་ཧོ་རིག་གནས་རྒྱུན་འཛིན་རྟེན་གཞི། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི། ཞིང་ཆེན་གྱི་ལུས་རྩལ་སྟོབས་ལྡན་གྱི་རྫོང་། ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་ཀྱི་རྫོང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天台县
མི་འབོར།
ཁྲི40.5(སྤྱི་ལོ2018ལོ)ཡོད།
ཕྱི་ཡིག་གི་མིང་།
Tiantai County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1431.66ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཡུལ་སྐད།
ཝུའུ་སྐད།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ3དང་གྲོང་རྡལ7ཡུལ་ཚོ5བཅས་ཡོད།
རླངས་འཁོར་ཚབ་ཨང་།
浙J
ས་ཁོངས་ཁ་པར་ཨང་རྟགས།
0576
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་ཀྲོའུ་གྲོང་ཁྱེར་ནུབ་བྱང་རྒྱུད།
སྦྲག་སྲིད་ཨང་རྟགས།
317200
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331023
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིང་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཧྥུའུ་མེད་པར་བཟོས་ནས་ཏའོ་ཡི་ལམ་ལུགས་བཙུགས་པ་དང་། ཐེན་ཐའེ་ནི་ཀུང་ཅི་ཏའོ་ཡི་ཁོངས་སུ་གཏོགས་པ་ཡིན། མིང་གོའི་སྲིད་ལོ21གི་ཟླ6པར་ཀྲེ་ཅང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པར་གཏོགས། ལོ་དེའི་ཟླ9པར་ཀྲེ་ཅང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་ལྔ་པའི་ཁོངས་སུ་གཏོགས། དེའི་རྗེས་སུ་ཁོངས་གཏོགས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་མང་པོ་བྱུང་མྱོང་། མིང་གོའི་སྲིད་ལོ37གྱི་ཟླ4པའི་བར་སྔར་བཞིན་ཀྲེ་ཅང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པར་གཏོགས་ཡོད།     སྤྱི་ལོ1949ལོའི་ཟླ5པའི་ཚེས24ཉིན། ཐེན་ཐའེ་བཅིངས་འགྲོལ་བཏང་ནས་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་ཐའེ་ཀྲོའུ་ཆེད་ཁུལ་དུ་གཏོགས། སྤྱི་ལོ1954ལོའི་ཟླ་6པར་ཐའེ་ཀྲོའུ་ཀྲོན་ཆུས་མེད་པ་བཟོས་པ་དང་ཐེན་ཐའེ་ཉིང་པོ་ཀྲོན་ཆུས་སུ་བཅུག སྤྱི་ལོ1957ལོའི་ཟླ7པར། ཐའེ་ཀྲོའུ་ཆེད་ཁུལ་སླར་གསོ་བྱས་པ་དང་ཐེན་ཐའེ་ཐའེ་ཀྲོའུ་རུ་བགོས། སྤྱི་ལོ1958ལོའི་ཟླ12པར་ཐའེ་ཀྲོའུ་ས་ཁུལ་ནས་ཕྱིར་འཐེན་བྱས་པ་དང་ཐན་ཐའེ་ཡང་ཉིང་པོ་ས་ཁུལ་དུ་བཅུག། སྤྱི་ལོ1962ལོའི་ཟླ4བར། ཐའེ་ཀྲོའུ་ཆེད་ཁུལ་བསྐྱར་འཛུགས་བྱས་པ་དང་། ཐེན་ཐའེ་ཡང་ཐའེ་ཀྲོའུ་ལ་བགོས། (སྤྱི་ལོ1970ལོར་ཐའེ་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར། སྤྱི་ལོ1994ལོའི་ཟླ9པར་ཐའེ་ཀྲོའུ་གྲོང་ཁྱེར་ཞེས་པར་བསྒྱུར།)

2 སྲིད་འཛིན་ཁོངས་བགོས།

ཐེན་ཐའེ་རྫོང་གི་སྲིད་འཛིན་ཁོངས་བགོས་ཀྱི་ཐད་ནས་ལོ་རྒྱུས་ཀྱི་འགྱུར་ལྡོག་མང་དུ་བྱུང་བ་དང་། སྤྱི་ལོ2018ལོར། ཁོངས་གཏོགས་སུ་སྲང་ལམ3དང་། གྲོང་རྡལ7 ཡུལ་ཚོ5 སྡེ་ཁུལ21 སྲིད་འཛིན་གྲོང་ཚོ374བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཀྲེ་ཅང་ཞིང་ཆེན་དབུས་ཤར་རྒྱུད་དུ་གནས་པ་དང་། ས་ཁོངས་ཀྱི་ས་ཁམས་གནས་ཚད་ནི། གཞུང་ཐིག་ཤར་མའི120°41′24″~121°15′46″དང་འཕྲེད་ཐིག་བྱང་མའི 28°57′02″~29°20′39″ན་གནས་ཡོད།  ཤར་ཕྱོགས་སུ་སན་མོན་རྫོང་དང་ཉིང་པོ་གྲོང་ཁྱེར་ཉིང་ཧའེ་རྫོང་དང་འབྲེལ་བ་དང་། ལྷོ་རུ་ལིན་ཧའེ་གྲོང་ཁྱེར་དང་ཞན་ཅུས་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཅིན་ཧྭ་གྲོང་ཁྱེར་ཕན་ཨན་རྫོང་དང་འབྲེལ་ཅིང་། བྱང་མཚམས་ཧྲའོ་ཤིན་གྲོང་ཁྱེར་ཤིན་ཁྲང་རྫོང་དང་འབྲེལ་ཡོད། རྫོང་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི54.7དང་། ལྷོ་བྱང་གི་ཞེང་ཚད་སྟོང་སྨི33.5 རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1431.66བཅས་ཡོད།   ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཧང་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ223དང་ཤར་གྱི་རྒྱ་མཚོའི་དབར་བར་ཐག་སྤྱི་ལེ65ཡོད།

3_2 ས་དབྱིབས་རྣམ་པ།

ཐེན་ཐའེ་ཡི་ས་དབྱིབས་ནི་རི་དམའ་བ་དང་རི་མ་ཐང་གཙོ་བོ་ཡིན། རི་དམའ་བ་དང་དེའུ་འབུར་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི81%ཟིན་པ་དང་། ལུང་གཞུང་གཤོངས་སའི་བདེ་ཐང་དང་ཐང་གཞིས19%ཟིན་ཡོད། བྱང་ཤར་དང་། ནུབ་བྱང་། ལྷོ་ནུབ་བཅས་ཕྱོགས་གསུམ་གྱི་ས་བབ་མཐོ་བ་དང་། ཤར་ཕྱོགས་དང་ཤར་ལྷོའི་ཕྱོགས་སུ་གསེག་པ་དང་། ཕྱོགས་བཞི་རི་མཐོན་པོས་བསྐོར་ཡོད། དཀྱིལ་ནི་ལུང་གཞུང་གི་བདེ་ཐང་ཡིན། དེ་ནས་ཧྥེང་ཞི་ནུབ་ཀྱི་ཤར་ལྷོར་ཁྱབ་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི50ནས250བར་ཡོད།

3_3 ཆུ་དཔྱད།

ཐེན་ཐའེ་རྫོང་ཁོངས་ཀྱི་ཆུ་ཕྲན་ནི་ཅའོ་ཅང་གཙང་པོ་དང་། ཚའོ་ཧྥེ་ཅང་གཙང་པོ། པའེ་ཞི་ཆུ་ཕྲན། ཆིན་ཞི་ཆུ་ཕྲན། ཧའེ་ཡིའུ་ཞི་ཆུ་ཕྲན་བཅས་ཆུ་རྒྱུད5རུ་ཕྱེ་ཡོད། ཧྲེ་ཧྥུང་ཤིས་ནི་རྫོང་ནང་ཁུལ་གྱི་ཆུ་ཕྲན་ཆེ་ཤོས་དེ་ཡིན་པ་དང་ནུབ་ནས་ཤར་དུ་ཐེན་ཐའེ་གཤོངས་སར་ཁྱབ་པ་དང་། ཕན་ཨན་རྫོང་ཏ་ཕེན་ཧྲན་རི་བོའི་ལྷོ་འདབས་ནས་བྱུང་བ་རེད། སྤྱིའི་རིང་ཚད་ལ་སྤྱི་ལེ132.7(མངའ་ཁོངས་ནང་གི་རིང་ཚད་ལ་སྤྱི་ལེ68.5)དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1610(མངའ་ཁོངས་ནང་གི་རྒྱུག་ཁུལ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1111.54)ཡོད་པ་རེད། ཧྲེ་ཧྥུང་ཤིས་ལ་ཐེན་ཐའེ་ས་ཁོངས་སུ་ཆུ་ལག40ལྷག་ཙམ་ཡོད་པའི་ནང་སན་མའོ་ཤིས་ཆུ་ཁུངས་ཤིན་ཁྲང་རྫོང་ལི་ཡོན་གྲོང་ཚོ་ནས་ཐོན་པ་དང་དེའི་ལྷོ་ནུབ་ནས་ཐེན་ཐའེ་རྫོང་ཁོངས་སུ་རྒྱུག་གི་ཡོད་པ་དང་། གཙོ་རྒྱུན་རིང་ཚད་སྤྱི་ལེ26.5ཟིན་པ་དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ157.5ཟིན་ཡོད། ཚང་ཧྲན་གྱི་ཆུ་ཕྲན་ནི་གསུམ་འདྲེས་གྲོང་རྡལ་གྱི་མ་ཅ་ཐིག་གི་སྒང་ཡིན་ཞིང་། གཙོ་རྒྱུན་རིང་ཚད་སྤྱི་ལེ22ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ163ཟིན་ཡོད།

3_4 ནམ་ཟླ།

ཐེན་ཐའེ་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དུས་བཞིར་གསལ་བ་དང་། ཆར་ཆུ་འབེལ་བ། ཚ་ཚད་འདང་བ། ཡང་ཕྱོགས་བཞི་རི་བོས་བསྐོར་བ་དང་། བར་གྱི་ས་བབ་དམའ་བ། ས་ཁོངས་ཆུང་བའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་ལ། གཞོང་སའི་གནམ་གཤིས་ཀྱི་ཁྱད་ཆོས་ངེས་ཅན་ལྡན།

བགེགས་སྐྱོན་རང་བཞིན་གྱི་གནམ་གཤིས་གཙོ་བོ་ལ་རྒྱ་མཚོའི་རླུང་འཚུབ་དང་། དྲག་ཆར། བསྟུད་མར་ཆར་འབབ། དྲོད་ཚད་མཐོ་བ། དྲོད་ཚད་དམའ་བ། ཁངས་ཆེན། སེར་བ། ཆར་ཞོད་ཆེ་བ། ཐན་པ་སོགས་ཡོད།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

ཐེན་ཐའེ་རྫོང་ཁོངས་སུ་ཤེས་ཟིན་པའི་གཏེར་རྫས་རིགས18ཡོད་པ་དང་། ཐོན་ཡུལ64(བྱེ་རྡོ་དཀྱུས་མའི་རིགས་ཀྱི་གཏེར་ཁ་ཚུད་མེད)ཡོད་ཅིང་། བུད་རྫས་གཏེར་རྫས་དང་། ལྕགས་རིགས་གཏེར་རྫས། ལྕགས་རིགས་མིན་པའི་གཏེར་རྫས། ཨར་ལས་རྒྱུ་ཆའི་གཏེར་རྫས། གཏེར་ཆུ་སོགས་རིགས་ཆེན་པོ་ལྔར་དབྱེ་ཆོག གཏེར་ཁའི་ཐོན་ཁུངས་ཀྱི་ཁྱད་ཆོས་སྤྱིའི་ཆ་ནས་བཤད་ན་འབུད་རྫས་ཀྱི་གཏེར་ཁ་དཀོན་པ་དང་། ལྕགས་རིགས་ཀྱི་གཏེར་ཁ་དཀོན་པ། ལྕགས་རིགས་མིན་པའི་གཏེར་རྫས་ཀྱི་རིགས་མང་པོ་མེད་ཀྱང་དེའི་ཁྱད་ཆོས་ལྡན་པའི་ནང་མུ་ཏིག་བྲག་རྡོ་དང་། ས་འོག་རྡོ། འཁོལ་རྡོ་བཅས་ནི་གནམ་སྟེགས་ཀྱི་ཁྱད་ཆོས་ལྡན་པའི་གཏེར་ཁའི་རིགས་ཡིན་པ་དང་། རྒྱན་ངོས་རྡོ་རྒྱུ་དང་། སྲིན་རྡོ་བཅས་ལ་རྒྱང་རིང་གི་དམིགས་ཡུལ་གསར་སྤེལ་ཆེ་ཙམ་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་ཙམ་ལྡན་ཡོད།

4_2 ཆུ་བེད།

ཐེན་ཐའེ་རྫོང་ཡོངས་སུ་ལོ་མང་རིང་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི་དུང་ཕྱུར1587.3ཟིན་པ་དང་ལོ་མང་རིང་ཆ་སྙོམས་ས་ངོས་ཀྱི་རྒྱུག་ཚད་ཧའོ་སྨི་དུང་ཕྱུར12.95ཟིན་ཡོད།  ཐེན་ཐའེ་རྫོང་ཁོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་ཧའོ་སྨི་དུང་ཕྱུར12.95(རྫོང་ཁོངས་ཀྱི་ཕྱི་ནས་ཡོང་བའི་ཆུ་ཧའོ་སྨི་དུང་ཕྱུར2.16 ཚུད་མེད)དང་། མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཚད་ནི་ཧའོ་སྨི་དུང་ཕྱུར2164 ཡིན།

5 མི་འབོར།

སྤྱི་ལོ2018ལོར་ཐེན་ཐའེ་རྫོང་གི་དུད་ཚང་བསྡོམས་འབོར195790དང་ཐེམ་ཐོའི་མི་གྲངས602520ཡོད་པའི་ནང་སྐྱེས་པ313490དང་བུད་མེད289030ཡོད་པ་དང་ཕོ་མོའི་བསྡུར་ཚད108:100ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར6973ཟིན་པ་དང་སྐྱེས་ཚད11.58‰ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར4137དང་ཤི་ཚད་6.87‰ཟིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད4.71‰ཡིན།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཐན་ཐའེ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར254.51བྱུང་བ་དེ་ལོ་སྔོན་མ་ལས7.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.54ཟིན་ནས4.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར104.55ཟིན་ནས7.1%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར136.42ཟིན་ནས8.5%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚད་ཐེངས་གསུམ་ནི་སྤྱི་ལོ2017ལོའི6.0:41.6:52.4ནས5.3:41.1:53.6བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(ཐེམ་ཐོ་མི་འབོར་ལྟར་བརྩིས་ན)སྒོར42261ཡིན་པས7.3%འཕར་ཡོད།     སྤྱི་ལོ2018ལོར། རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་ཙམ་འཕར་བའི་རྣམ་པ་ཐོན་ཡོད། རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ན་ནིང་གི་དུས་མཚུངས་ལས11.0%འཕར་བའི་ནང་འགྲིམ་འགྲུལ་མ་འཇོག25.0%འཕར་བ་དང་། དམངས་ཁྲོད་མ་འཇོག་བྱེད་ཚད36.9%འཕར་ཡོད། སྣོད་བཅུད་ཁོར་ཡུག་དང་སྤྱི་པའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད3.4%འཕར་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ལ་མ་འཇོག་བྱེད་ཚད22.5%འཕར་ཡོད། གཙོ་གནད་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད56.7%འཕར་བ་བཅས་རེད། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར33.7བཏང་ནས46.4%འཕར་བ་དང་ས་ཁང་བདག་ཁོངས་ཀྱི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི65.5ཟིན་ནས33.3%འཕར་ཡོད།

7 འགྲིམ་འགྲུལ་སྐྱེལ་འདྲེན།

རྫོང་ཡོངས་སུ་འགྲུལ་སྐྱེལ་ས་ཚིགས6ཡོད་པའི་ནང་རིམ་པ་གཉིས་པའི་ས་ཚིགས་1དང་། རིམ་པ་གསུམ་པའི་ས་ཚིགས1རིམ་པ་བཞི་པའི་ས་ཚིགས2སྟབས་བདེའི་ས་ཚིགས2བཅས་ཡོད་པ་རེད། ཐག་རིང་འགྲུལ་སྐྱེལ་འགྲུལ་སྐྱེལ་རླངས་འཁོར93ཡོད་པའི་ནང་ཡུལ་སྐོར་བོགས་བླངས་རླངས་འཁོར29ཡོད་པ་དང་། འགྲུལ་སྐྱེལ་ལམ་ཐིག35ཡོད་པའི་ནང་ཞིང་ཆེན་དབར་གྱི་དུས་གཏན་མེ་འཁོར་གྱི་ལམ་ཐིག6དང་། ཞིང་ཆེན་ནང་ཁུལ་གྱི་དུས་གཏན་མེ་འཁོར་གྱི་ལམ་ཐིག21གྲོང་ཁྱེར་ནང་ཁུལ་གྱི་དུས་གཏན་མེ་འཁོར་གྱི་ལམ་ཐིག8བཅས་ཚུད་ཡོད།     སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གཉེར་སྐྱོང་འགྲུལ་སྐྱེལ་རླངས་འཁོར515ཡོད་པ་དང་སྤྱིའི་འགྲུལ་པ9853ཡོད་པ་རེད། རྫོང་དེ་ཡོངས་ཀྱི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར665ཡོད་པ་དང་སྤྱིའི་ཏུན་གྲངས་ཐེག་ཚད་ཏུན6916ཟིན་ཡོད། རྫོང་ཡོངས་ཀྱི་སྐྱེལ་འདྲེན་རང་བཞིན་གྱི་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི671ཟིན་པ་དེ་ན་ནིང་ལས6.2%འཕར་བ་དང་། དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི91773ཟིན་ནས5.5%འཕར་ཡོད། ལོ་ཧྲིལ་པོར་སྐྱེལ་འདྲེན་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྲི688ཟིན་ནས18.7%ཆག་པ་དང་། འགྲུལ་པའི་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི22591ཟིན་ནས18.9%ཆག་ཡོད། “ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གཞི་གཅིག་ཅན་དུ་སྒྱུར་བཀོད་དེ་གྲོང་ཁྱེར་ཡོངས་སུ་སྔོན་ལ་ལེགས་གྲུབ་བྱུང་བ་རེད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ114གསར་དུ་བསྐྱར་སྐྲུན་བྱས་པ་དང་། རྒྱལ་ལམ104དང་། ཞིང་ཆེན་ལམ60 ཞིང་ཆེན་ལམ62བཅས་ཀྱི་མཛེས་སྡུག་ལྡན་པའི་གཞུང་ལམ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བཅས་རེད།

8 ཡུལ་སྐོར་མཛེས་ལྗོངས།

ཐེན་ཐའེ་རི་བོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ187.1ཟིན་པ་དེའི་ནང་གོ་ཆིང་མཛེས་ལྗོངས་ཁུལ་དང་། ཧྥོ་ལུང་མཛེས་ལྗོངས་ཁུལ། ཁྲི་ཁྲེང་མཛེས་ལྗོངས་ཁུལ། ཧྲི་ལེའང་དང་ཐུང་ཧུའུ་ཡི་མཛེས་ལྗོངས་ཁུལ། ཧྭ་ཏིང་མཛེས་ལྗོངས་ཁུལ། པའེ་ཀྲང་དང་ཆུང་ཐའེ་ཡི་མཛེས་ལྗོངས་ཁུལ། ཝནན་ཉན་མཛེས་ལྗོངས་ཁུལ། ཐའོ་ཡོན་མཛེས་ལྗོངས་ཁུལ། ཆིང་ཤིས་མཛེས་ལྗོངས་ཁུལ། ཧན་ཡན་མིང་བྲག་མཛེས་ལྗོངས་ཁུལ། ཙི་ཀན་ཁའེ་བྲག་མཛེས་ལྗོངས་ཁུལ། ཧན་ཧྲན་མཚེའུ་མཛེས་ལྗོངས་ཁུལ། ཅིའུ་ཀྲེ་མཛེས་ལྗོངས་ཁུལ་སོགས་ཚུད་ཡོད་པ་རེད།

གྲགས་ཅན་མཛེས་ལྗོངས་ཁུལ་གཞན་ད་དུང་ཆུང་ཐའེ་ཞན་ཀུའུ་དང་། ཁྲི་ཁྲེང་ཧྲན་ཧྭ་ཏིང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཅི་ཀུང་གི་བཞུགས་གནས་རྙིང་པ་སོགས་ཡོད་དོ།།

9 གཟི་བརྗིད་མཚན་སྙན།

ཐེན་ཐའེ་ནི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དང་། རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་། རྒྱལ་ཁབ་སྣོད་བཅུད་ཡུལ་སྐོར་ཁུལ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་འཛུགས་སྐྱོང་གི་ཕུལ་བྱུང་གྲོང་ཁྱེར། ཀྲུང་གོའི་ཇའི་རིག་གནས་ཀྱི་ཕ་ཡུལ། རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཕ་ཡུལ། རྒྱལ་ཡོངས་ཀྱི་མིག་མངས་ཀྱི་ཕ་ཡུལ། ཀྲུང་གོའི་ཝུའུ་སྨན་གྱི་ཕ་ཡུལ། ཀྲུང་གོའི་ཇ་གྲགས་ཅན་གྱི་ཕ་ཡུལ་བཅས་དང་། ཡང་ན་ཀྲུང་གོའི་འགྱིག་ཐགས་བཟོ་ལས་ཀྱི་གྲོང་དང་། ཀྲུང་གོའི་རླངས་འཁོར་མཁོ་ཆས་ཐོན་སྐྱེད་རྟེན་གཞི། ཀྲུང་གོའི་འཚག་རས་གྲགས་ཅན་གྱི་གྲོང་ཁྱེར། ཀྲུང་གོ་ཧོ་ཧོ་རིག་གནས་རྒྱུན་འཛིན་རྟེན་གཞི། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི། ཞིང་ཆེན་གྱི་ལུས་རྩལ་སྟོབས་ལྡན་གྱི་རྫོང་། ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་ཀྱི་རྫོང་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།