མན་ངག་ཨ་གར་བརྒྱད་པ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-03-30 14:58ལ་འགྲུབ།

མན་ངག་ཨ་གར་བརྒྱད་པ།

སྨྱོ་བྱེད་བརྗིད་བྱེད་སྟོད་འཚངས་དང་། རླུང་ནད་ཨ་ཝ་རྟ་ལ་སོགས། སྨྱོ་འབགས་ནད་ལ་ཕན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མན་ངག་ཨ་གར་བརྒྱད་པ།
ཁོངས་གཏོགས།
སྨན་རྫས།
རྣམ་པ།
རིལ་བུ།
1 སྡེབ་ཁ།

ཨ་གར་ནག་པོ20ཤིང་ཀུན15ཛཱ་ཏེ10སྙིང་ཞོ་ཤ10ཁ་རུ་ཚྭ12སུག་སྨེལ10ལང་ཐང་རྩེ20ཤ་ཆེན10སྦྱར།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་ཏེ་རིལ་བུ་ཁེ1ཙམ་དྲིལ་བའི་རིལ་བུའི་སྦྱོར་བ་ཞིག་ཡིན།

3 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྨྱོ་བྱེད་བརྗིད་བྱེད་སྟོད་འཚངས་དང་། རླུང་ནད་ཨ་ཝ་རྟ་ལ་སོགས། སྨྱོ་འབགས་ནད་ལ་ཐེངས་པས་ཆོག

4 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2ནས3རེ་དང་ཐེངས་རེར་རིལ་བུ་1ནས2རེ་ཕུལ་དགོས།

5 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་རིལ་བུའི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

ཐུན་ཚད། བསྟེན་ཐབས།