ཀའོ་ཐང་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:48ལ་འགྲུབ།

ཀའོ་ཐང་རྫོང་།

ཀའོ་ཐང་རྫོང་།
ཀའོ་ཐང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། ཤར་དུ་ཏེ་ཀྲོའུ་ཡི་ཡུས་ཁྲེང་གྲོང་ཁྱེར་དང་ཆི་ཧོ་རྫོང་གི་ས་མཚམས་དང་འབྲེལ་ཡོད། ནུབ་ཏུ་ལིན་ཆིང་གྲོང་ཁྱེར་དང་ཞ་ཅིན་རྫོང་གི་ས་མཚམས་དང་འབྲེལ་ཡོད་ལ། ལྷོ་རུ་ཡན་ཁྲི་ཕིང་རྫོང་དང་འབྲེལ་ཞིང་། བྱང་དུ་ཕིང་ཡོན་རྫོང་གི་ས་མཚམས་དང་འབྲེལ་ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ960ཡོད་ལ། མི་འབོར་ཁྲི50ཡོད། ཀའོ་ཐང་རྫོང་ནས་ཤར་དུ་ཅི་ནན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ70ཡོད་ལ། ཧན་ཅི་ལྕགས་ལམ་བརྒྱུད་དེ་ཀའོ་ཐང་འབབ་ཚུགས་བསྐྲུན་ཡོད། ཅིང་ཅིའུ་ལྕགས་ལམ་ལེའོ་ཁྲེང་འབབ་ཚུགས་དང་ལིན་ཆིང་འབབ་ཚུགས་གཉིས་ཁའི་དབར་ཆ་སྙོམས་ཀྱིས་བར་ཐག་སྤྱི་ལེ50ལྷག་ཡོད། པེ་ཅིང་ནས་ཧྲང་ཧའེ་བར་གྱི་ལྕགས་ལམ་ཏེ་ཀྲོའུ་འབབ་ཚུགས་དང་བར་ཐག་སྤྱི་ལེ60ཡོད། ཆིང་དབྱིན་མྱུར་བགྲོད་གཞུང་ལམ་དང་ཧྲན་ཏུང་ནུབ་མཐའི་མྱུར་བགྲོད་གཞུང་ལམ་རྫོང་གི་མངའ་ཁོངས་སུ་བརྒྱུད་ཡོད། ཀའོ་ཐང་གི་མངའ་ཁོངས་ཀྱི་ས་བབ་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པོ་ཡིན་ལ། ཤར་རྒྱུད་དུ་ཐུའུ་ཧའོ་ཆུ་བོ་དང་། ནུབ་རྒྱུད་དུ་མ་ཨི་ཆུ་བོ་རྫོང་གི་མངའ་ཁོངས་སུ་ཁྱབ་ཡོད། སྲོལ་རྒྱུན་གྱི་ཞིང་ལས་དར་རྒྱས་ཆེ་ལ། ཐོན་རྫས་ཕུན་སུམ་ཚོགས་པ་ཡོད། སྤྱི་ལོ2018ལོར་ཀའོ་ཐང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར422ཟིན་པ་དེ་ལོ་སྔོན་མ་ལས3%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར14.6ཡིན་ལ། བསྡུར་གཞི་ཡོད་པའི་བརྩི་སྟངས་ལྟར་བརྩིས་ན5.9%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར116ཡིན་ལ་ལོ་སྔོན་མ་ལས་བརྒྱ་ཆའི7འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར26853དང་། སྒོར13621ཡིན་ལ། སོ་སོར་ལོ་སྔོན་མ་ལས7.4%དང8.5%འཕར་ཡོད། སྤྱི་ལོ2017ལོའི་ཟླ1པོའི་ཚེས13ཉིན་ཀའོ་ཐང་རྫོང་ལ“ཧྲན་ཏུང་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2019ལོའི་ཟླ1པོའི་ཚེས3ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་སྔོན་ལ་ཞིང་ལས་སྐྱེ་དངོས་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་དུ་བདམས། སྤྱི་ལོ2019ལོའི་ཟླ1པོའི་ཚེས9ཉིན། ཧྲན་ཏུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཀའོ་ཐང་རྫོང་འདི་ཉིད་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་དུ་གཏན་ཁེལ་བྱས། སྤྱི་ལོ2019ལོའི་ཟླ7པར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)དུ་བདམས། སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན། སྤྱི་ལོ2019ལོའི་ཀྲུང་གོའི་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱ་དང་། ཁག་གཉིས་པའི་ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高唐县
ཕྱི་ཡིག་གི་མིང་།
Gaotang Xian
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ལའོ་ཁྲེང་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0635
སྦྲག་སྲིད་ཨང་རྟགས།
252800
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ960ཡོད།
མི་འབོར།
ཁྲི50ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུP8 (鲁P8)
སྲིད་འཛིན་ཚབ་ཨང་།
371526
1 ངོ་སྤྲོད་མདོར་བསྡུས།

ཀའོ་ཐང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། ཤར་དུ་ཏེ་ཀྲོའུ་ཡི་ཡུས་ཁྲེང་གྲོང་ཁྱེར་དང་ཆི་ཧོ་རྫོང་གི་ས་མཚམས་དང་འབྲེལ་ཡོད། ནུབ་ཏུ་ལིན་ཆིང་གྲོང་ཁྱེར་དང་ཞ་ཅིན་རྫོང་གི་ས་མཚམས་དང་འབྲེལ་ཡོད་ལ། ལྷོ་རུ་ཡན་ཁྲི་ཕིང་རྫོང་དང་འབྲེལ་ཞིང་། བྱང་དུ་ཕིང་ཡོན་རྫོང་གི་ས་མཚམས་དང་འབྲེལ་ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ960ཡོད་ལ། མི་འབོར་ཁྲི50ཡོད།

ཀའོ་ཐང་རྫོང་ནས་ཤར་དུ་ཅི་ནན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ70ཡོད་ལ། ཧན་ཅི་ལྕགས་ལམ་བརྒྱུད་དེ་ཀའོ་ཐང་བབས་ཚུགས་བསྐྲུན་ཡོད། ཅིང་ཅིའུ་ལྕགས་ལམ་ལེའོ་ཁྲེང་བབས་ཚུགས་དང་ལིན་ཆིང་བབས་ཚུགས་དང་བར་ཐག་སྤྱི་ལེ50ལྷག་ཡོད། པེ་ཅིང་ནས་ཧྲང་ཧའེ་བར་གྱི་ལྕགས་ལམ་ཏེ་ཀྲོའུ་བབས་ཚུགས་དང་བར་ཐག་སྤྱི་ལེ60ཡོད། ཆིང་དབྱིན་མྱུར་བགྲོད་གཞུང་ལམ་དང་ཧྲན་ཏུང་ནུབ་མཐའི་མྱུར་བགྲོད་གཞུང་ལམ་རྫོང་གི་མངའ་ཁོངས་སུ་བརྒྱུད་ཡོད།

ཀའོ་ཐང་གི་མངའ་ཁོངས་ཀྱི་ས་བབ་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པོ་ཡིན་ལ། ཤར་རྒྱུད་དུ་ཐུའུ་ཧའོ་ཆུ་བོ་དང་། ནུབ་རྒྱུད་དུ་མ་ཨི་ཆུ་བོ་རྫོང་གི་མངའ་ཁོངས་སུ་ཁྱབ་ཡོད། སྲོལ་རྒྱུན་གྱི་ཞིང་ལས་དར་རྒྱས་ཆེ་ལ། ཐོན་རྫས་ཕུན་སུམ་ཚོགས་པ་ཡོད།  སྤྱི་ལོ2018ལོར་ཀའོ་ཐང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར422ཟིན་པ་དེ་ལོ་སྔོན་མ་ལས3%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར14.6ཡིན་ལ། བསྡུར་གཞི་ཡོད་པའི་བརྩི་སྟངས་ལྟར་བརྩིས་ན5.9%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར116ཡིན་ལ་ལོ་སྔོན་མ་ལས་བརྒྱ་ཆའི7འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར26853དང་། སྒོར13621ཡིན་ལ། སོ་སོར་ལོ་སྔོན་མ་ལས7.4%དང8.5%འཕར་ཡོད།

སྤྱི་ལོ2019ལོའི་ཟླ7པར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)དུ་བདམས། ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཀའོ་ཐང་རྫོང་བཙུགས་པ་དང་། ཧྲན་ཏུང་ཏུང་ལིན་ཏའོ་རུ་གཏོགས།

མིན་གོ་སྲིད་ལོ17པར(སྤྱི་ལོ1928ལོ)ཧྲན་ཏུང་ཞིང་ཆེན་གྱི་ཐད་གཏོགས་ས་ཁུལ་ཡིན།

མིན་གོ་སྲིད་ལོ25པར(སྤྱི་ལོ1936ལོ)སྲིད་འཛིན་ཀུང་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ27ལོར(སྤྱི་ལོ1938ལོ)ཀའོ་ཐང་དགྲ་ལག་ཏུ་ཤོར་ཞིང་། ཧྲན་ཏུང་རྫུས་མ་ཏུང་ལིན་ཏའོ་རུ་གཏོགས་ལ། གོ་མིན་ཏང་གི་སྲིད་འཛིན་ཀུང་ཧྲུའུ་ཨང་བཞི་པའི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ30པར(སྤྱི་ལོ1941ལོ)ཀའོ་ཐང་རྫོང་དེ་ཐང་པེ་རྫོང་དང་ཐང་ནན་རྫོང་གཉིས་སུ་ཕྱེས་ཡོད་པ་དང་། ལོ་དེའི་སྟོན་ཁར་ཕྱིར་གཅིག་གྱུར་བྱས་ནས་སླར་ཡང་མིང་ལ་ཀའོ་ཐང་རྫོང་ཞེས་བཏགས།

མིན་གོ་སྲིད་ལོ34པར(སྤྱི་ལོ1945ལོ)ཀའོ་ཐང་བཅིངས་འགྲོལ་བཏང་བ་དང་། མི་དམངས་སྲིད་དབང་ནི་ཧོ་པེའི་ལྷོ་རྒྱུད་ཀྱི་ཀྲོན་ཧྲུའུ་ལས་ཁུངས་གཉིས་པར་གཏོགས།

སྤྱི་ལོ1949ལོར་ཀའོ་ཐང་རྫོང་ཕིང་ཡོན་ཞིང་ཆེན་ལེའོ་ཁྲེང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་ཕིང་ཡོན་ཞིང་ཆེན་མེད་པར་བཟོས་ཏེ། ཧྲན་ཏུང་ཞིང་ཆེན་གྱི་ལིའོ་ཁྲེང་ཀྲོན་ཧྲུའུ་རུ་བསྒྱུར།

སྤྱི་ལོ1956ལོའི་ཟླ3པར། ཆིང་ཕིང་རྫོང་མེད་པར་བཟོས་རྗེས། ཅུའུ་ཁྲེང་གྲོང་རྡལ་དེ་ཀའོ་ཐང་རྫོང་དུ་བགོས།

སྤྱི་ལོ1958ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུས་ཁྲེང་རྫོང་གི་མངའ་ཁོངས་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ་ཀའོ་ཐང་དུ་ཟླ་སྒྲིལ་གཏོང་བར་ཆོག་མཆན་བཀོད།

སྤྱི་ལོ1961ལོའི་ཟླ10པར་ཡུས་ཁྲེང་རྫོང་སླར་གསོ་བྱས་ཤིང་། ཀའོ་ཐང་རྫོང་གི་མངའ་ཁོངས་སོར་འཇོག་བྱས།  

3 སྲིད་འཛིན་ཁུལ་དབྱེ།
3_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1950ལོར་ཁྲི་ཕིང་རྫོང་གི་ཧོའུ་ཆའོ་སོགས་གྲོང་ཚོ11ཀའོ་ཐང་རྫོང་ལ་བགོས།

སྤྱི་ལོ1956ལོའི་ཟླ3པར། ཁྲི་ཕིང་རྫོང་གི་ལིའུ་ལི་སི་ཡུལ་ཚོ་ཀའོ་ཐང་རྫོང་ལ་བགོས།

3_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2018ལོའི་བར་དུ་ཀའོ་ཐང་རྫོང་གི་ཁོངས་གཏོགས་སུ་ཁྲོམ་ལམ3དང་གྲོང་རྡལ9ཡོད་པ་སྟེ། ཡུས་ཆིའུ་ཧུའུ་ཁྲོམ་ལམ་དང་། ཧུའེ་ཤིན་ཁྲོམ་ལམ། མི་ཧོ་ཁྲོམ་ལམ། ལེང་ཚུན་གྲོང་རྡལ། དབྱིན་ཅི་གྲོང་རྡལ། ཆིང་ཕིང་གྲོང་རྡལ། ཀུའུ་ཧོ་གྲོང་རྡལ། ཧྲི་ལི་ཕུའུ་གྲོང་རྡལ། ལིའུ་ཧུང་དགོན་གྲོང་རྡལ། ཀྲའོ་ཀྲའེ་ཙི་གྲོང་རྡལ། ཅང་ཏན་གྲོང་རྡལ། དབྱང་ཐུན་གྲོང་རྡལ་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཀའོ་ཐང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཅི་ནན་དང་། ཏེ་ཀྲོའུ། ལེའོ་ཁྲེང་བཅས་གྲོང་ཁྱེར་ཆེ་གྲས་གསུམ་གྱིས་གྲུབ་པའི“ཅིན་སན་ཅའོ”ཡི་ལྟེ་བ་ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ960ཡོད།

4_2 ས་གཤིས།

ཀའོ་ཐང་རྫོང་གི་ས་ངོས་ཆགས་ཚུལ་ནི་ཆུ་རླབས་བཞིན་ཅུང་བདེ་སྙོམས་མིན་ཞིང་། རིགས་མི་འདྲ་བའི་བདས་གསགས་བདེ་ཐང་ཡིན་ལ། སྤྱིའི་འཕེལ་ཕྱོགས་ནི་ལྷོ་ནུབ་ནས་བྱང་ཤར་ལ་ཕྱོགས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི27ཟིན་པ་དང་མཐོ་ཤོས་ནི་ཆིང་ཕིང་གྲོང་རྡལ་ཀྲང་ཀྲོང་ཤིས་ཡིན་ལ། ས་བབ་མཐོ་ཚད་སྨི32.1ཟིན་ཡོད། ཆེས་དམའ་ཤོས་ནི་ཐན་ཧོ་གྲོང་རྡལ་སན་ཅ་ཝང་གྲོང་ཚོའི་ནུབ་བྱང་ཡིན་ལ། ས་བབ་མཐོ་ཚད་སྨི22.6ཡིན།

4_3 ནམ་ཟླ།

ཀའོ་ཐང་རྫོང་ནི་དྲོད་ཁུལ་ཐན་སྐམ་ཕྱེད་ཙམ་གྱི་དུས་རླུང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། སྐམ་ས་ཆེན་པོའི་ཚད་ནི65.7%ཡིན་ལ། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི། དུས་ཚིགས་ཀྱི་དུས་རླུང་ལ་འགྱུར་ལྡོག་མངོན་གསལ་དོད་པ་དང་། ཉོ་འོད་ཕོག་ཚད་མང་ལ། དྲོད་ཚད་མཐོ་བ། ཆར་ཆུ་འབབ་ཚད་ཉུང་ཞིང་། དཔྱིད་དུས་སུ་ཆར་ཆུ་ཉུང་ལ་རླུང་ཤུགས་ཆེ། གནམ་གཤིས་སྐམ་ཤས་ཆེ་ལ། དབྱར་དུས། དྲོད་ཚད་མཐོ་བ་དང་། བརླན་ཚད་ཆེ་ལ། ཆར་ཆུ་མང་། ཆར་ཆུ་འབབ་དུས་སྤྱིར་བཏང་དུ་ཟླ7པ་ནས8པའི་བར་ཡིན། སྟོན་ཁར། གནམ་གཤིས་ཇེ་དྲོར་འགྲོ་བ་དང་། གནམ་གཤིས་བསིལ་ལ། ཆར་ཆུ་འབབ་ཚད་ཉུང་ཞིང་། གནམ་གཤིས་དྭངས། རླུང་དང་འོད་མོད་པ་བཅས་ཡིན། དགུན་ཁར་གྲང་ངར་དང་གངས་ཆར་ཉུང་།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཀའོ་ཐང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར422ཟིན་པ་དེ་ལོ་སྔོན་མ་ལས3%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར14.6ཡིན་ལ། བསྡུར་གཞི་ཡོད་པའི་བརྩི་སྟངས་ལྟར་བརྩིས་ན5.9%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར116ཡིན་ལ་ལོ་སྔོན་མ་ལས་བརྒྱ་ཆའི7འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར26853དང་། སྒོར13621ཡིན་ལ། སོ་སོར་ལོ་སྔོན་མ་ལས7.4%དང8.5%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཀའོ་ཐང་རྫོང་གིས་ལས་ཕྱོད་ཆེ་ལ་ལེགས་བསྡུས་ཞིབ་གཉེར་གྱི་སྔོ་ཚལ་དྲོད་ཁང3477གསར་སྐྲུན་བྱས་ཡོད་ལ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི2.4བསྐྲུན་ཡོད། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས2དང་། ཞིང་ལས་ཁེ་ལས་ཀྱི་དཔེ་གཞི130གསར་དུ་འཕར་སྣོན་བྱུང་ཡོད་ལ། སྤུས་རྟགས་མཚོན་རྟགས་ཀྱི་ཚན་པ14ཡོད་ཅིང་། ཞིང་ཆེན་རིམ་པའི་བདེ་ཐང་གསོ་སྤེལ་དཔེ་སྟོན་ར་བ1དང་ཞིང་ཆེན་རིམ་པའི་ཁྱིམ་ཚང་ཞིང་ར1གསར་སྐྲུན་བྱས་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཀའོ་ཐང་རྫོང་གི་ཅི་ཐོན་གཉིས་ཧྲན་ཏུང་གི་རིན་ཐང་ཆེ་ཤོས་ཀྱི་སྤུས་རྟགས་ཁེ་ལས་རྩེ་གྲ100ཡི་ནང་ཚུད་ཡོད་ལ། ཅི་ཐོན་གྱི་ཐོན་རྫས3རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་སྐྲུན་མིང་ཐོའི་ནང་དུ་ཚུད་ཡོད་པ་དང་ཀྲུང་གོའི་ཁེ་ལས་ཀྱི་སྤུས་རྟགས་གསར་གཏོད་གྲུབ་འབྲས1ཐོབ་ཡོད། རྒྱལ་ཁབ་རིམ་པའི་ཅན་གཉིས་མཉམ་འདྲེས་ཀྱི་ཚད་གཞིའི་ཚོད་ལྟའི་ཁེ་ལས1དང་ཞིང་ཆེན་རིམ་པའི་ཅན་གཉིས་མཉམ་འདྲེས་ཀྱི་ཚད་གཞིའི་ཚོད་ལྟའི་ཁེ་ལས2ཡི་ནང་དུ་བསྡུས་ཡོད། ཞིང་ཆེན་རིམ་པའི“མངོན་མེད་ཨང་དང་པོ”དང་“ཆེད་མཁས་ཁྱད་གསར”གྱི་ཁེ་ལས3ངོས་འཛིན་བྱས་ཡོད། ཞིང་ཆེན་རིམ་པའི་སྔོན་ཐོན་ཁེ་ལས་ཆུང་འབྲིང1དང“ཁེ་ལས་གཅིག་དང་ལག་རྩལ་གཅིག”གི་གསར་གཏོད་ཁེ་ལས2གསར་སྣོན་བྱས་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཀའོ་ཐང་རྫོང་གིས་ཐེན་མའོ་སྤུས་ལེགས་ཐོན་རྫས་ཞབས་ཞུའི་ས་ཚིགས14མང་དུ་བཏང་བ་དང་། གྲོང་ཁྱེར་རིམ་པའི་ཡུལ་སྐོར་གཙོ་གནད་རྣམ་གྲངས7བདེ་བླག་ངང་སྤེལ་ཡོད། ཚོང་སྒྱུར་སྡོད་ཁང་གི་ཉོ་ཚོང་རྒྱ་ཁྱོན་ལོ་སྔོན་མ་ལས77.2%འཕར་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཁྲལ་འབབ་ལོ་སྔོན་མ་ལས51.8%འཕར་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ1པོའི་ཚེས13ཉིན་ཀའོ་ཐང་རྫོང་ལ“ཧྲན་ཏུང་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ1པོའི་ཚེས3ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་སྔོན་ལ་ཞིང་ལས་སྐྱེ་དངོས་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་དུ་བདམས།

སྤྱི་ལོ2019ལོའི་ཟླ1པོའི་ཚེས9ཉིན། ཧྲན་ཏུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཀའོ་ཐང་རྫོང་འདི་ཉིད་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་དུ་གཏན་ཁེལ་བྱས།

སྤྱི་ལོ2019ལོའི་ཟླ7པར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)དུ་བདམས།

སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན། སྤྱི་ལོ2019ལོའི་ཀྲུང་གོའི་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱ་དང་ཁག་གཉིས་པའི་ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)དུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།