ཧྥུ་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-25 14:51ལ་འགྲུབ།

ཧྥུ་རྫོང་།

ཧྥུ་རྫོང་།
ཧྥུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་བྱང་རྒྱུད་དུ་གནས་པ་དང་། ཡན་ཨན་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཤིང་། ཝེ་བྱང་ས་སེར་རི་མ་ཐང་གྲོག་རོང་ཁུལ་དུ་གཏོགས། རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4182ཟིན་ནས་ཧྲའན་ཞི་ཞིང་ཆེན་གྱི་ཨང་ལྔ་དང་། ཡན་ཨན་གྲོང་ཁྱེར་གྱི་ཨང་དང་པོར་སླེབས། རྫོང་ཡོངས་སུ་སྤྱིའི་མི་འབོར་ཁྲི15.88(སྤྱི་ལོ2016ལོ) ཡོད་ལ་དེའི་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ5ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད་པ་དང་སྲིད་འཛིན་གྲོང་ཚོ241ཡོད། རྫོང་གི་ས་རྒྱ་ཆེ་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
富县
ཕྱི་ཡིག་མིང་།
Fu County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ4182
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར།
མི་གྲངས།
ཁྲི15.88(སྤྱི་ལོ2016ལོའི་ཐེམ་ཐོའི་མི་གྲངས )
མངའ་ཁོངས།
གྲོང་རྡལ8ཡུལ་ཚོ་5སྲང་ལམ་གཞུང་དོན་ཁང1
མེ་འཁོར་ས་ཚིགས།
ཡན་ཨན་ཨར་ཧྲི་ལེ་གནམས་གྲུ་ཐང་།
སྲིད་གཞུང་གནས་ཡུལ།
ཧྥུ་ཁྲེན་གྲོང་རྡལ།
ནམ་ཟླ།
དྲོ་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0911
མེ་འཁོར་ས་ཚིགས།
ཧྥུ་རྫོང་ས་ཚིགས་དང་ཧྥུ་རྫོང་ཤར་ཚིགས།
སྦྲག་སྲིད་ཨང་རྟགས།
727500
རླངས་འཁོར་ཚང་ཨང་།
ཧྲའནJ(陕J)
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད།
སྲིད་འཛིན་ཚབ་ཨང་།
610628
1 ​ངོ་སྤྲོད།

ཧྥུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་བྱང་རྒྱུད་དུ་གནས་པ་དང་། ཡན་ཨན་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཤིང་། ཝེ་བྱང་ས་སེར་རི་མ་ཐང་གྲོག་རོང་ཁུལ་དུ་གཏོགས། རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4182ཟིན་ནས་ཧྲའན་ཞི་ཞིང་ཆེན་གྱི་ཨང་ལྔ་དང་། ཡན་ཨན་གྲོང་ཁྱེར་གྱི་ཨང་དང་པོར་སླེབས། རྫོང་ཡོངས་སུ་སྤྱིའི་མི་འབོར་ཁྲི15.88(སྤྱི་ལོ2016ལོ) ཡོད་ལ་དེའི་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ5ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད་པ་དང་སྲིད་འཛིན་གྲོང་ཚོ241ཡོད། རྫོང་གི་ས་རྒྱ་ཆེ་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན།

སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། ཧྲའན་ཀན་ཉིན་འབྲེལ་མཚམས་ས་ཁུལ་དུ་ ལོ་རྒྱུས་ཀྱི་ལས་འགན་བསྒྲུབས་རྗེས་ཆུས་དེ་སྤྱི་ལོ1950ལོར་ཧྲའན་ཞི་ཞིང་ཆེན་ཡན་ཨན་ཡན་ལག་དམག་ཁུལ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་རྫོང་ཆེན་ནས་རྫོང་ཆུང་བགོས་ནས་རྫོང་འཛུགས་སྐྲུན་སླར་གསོ་བྱས། ཧྲའན་ཞི་ཞིང་ཆེན་ཡན་ཨན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

3 ས་ཁམས་ཁོར་ཡུག

ཧྥུ་རྫོང་ནི་ཧྲའན་ཞི་ཞིང་ཆེན་བྱང་རྒྱུད་དུ་གནས་པ་དང་། ཡན་ཨན་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཤིང་། ཝེ་བྱང་ས་སེར་རི་མ་ཐང་གྲོག་རོང་ཁུལ་དུ་གཏོགས། རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4182ཟིན་ནས་ཧྲའན་ཞི་ཞིང་ཆེན་གྱི་ཨང་ལྔ་པར་སླེབས་ཡོད། ཡན་ཨན་གྲོང་ཁྱེར་གྱི་ཨང་དང་པོར་སླེབས། རྫོང་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི15.88(སྤྱི་ལོ2016ལོར) རྫོང་དེ་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ5ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད་པ་དང་སྲིད་འཛིན་གྲོང་ཚོ241ཡོད། རྫོང་གི་ས་རྒྱ་ཆེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན།

4 མི་གྲངས།

སྤྱི་ལོ1964ལོར་ཧྥུ་རྫོང་དུ་ཁྱོན་དུད་ཚང15800དང་མི་གྲངས80849ཡོད་པའི་ནང་སྐྱེས་པ45261ཡོད་པ་དེས་སྤྱིའི་མི་འབོར་གྱི55.79%བཟུང་བ་དང་། བུད་མེད35588ཡོད་པ་དེས་སྤྱིའི་མི་འབོར་གྱི44.21%བཟུང་ཡོད། སློབ་ཆུང་ཡན་གྱི་རིག་གནས་ཆུ་ཚད་མི26364ཟིན་པ་དེས་སྤྱིའི་མི་འབོར་གྱི32.61%བཟུང་ཡོད། ལོ13ཡན་གྱི་ཡིག་རྨོངས་པ31134ཡོད་པ་དེས་སྤྱིའི་མི་འབོར་གྱི38.51%བཟུང་བ། ལོ12མན་གྱི་སློབ་གྲྭར་ཞུགས་མེད་པའི་བྱིས་པ23351ཡོད་པ་དེས་སྤྱིའི་མི་འབོར་གྱི28.88%བཟུང་ཡོད། ཞིང་ལས་མི་འབོར76685ཡོད་པ་དེས་སྤྱིའི་མི་འབོར་གྱི94.8%བཟུང་ཡོད། ཞིང་ལས་མིན་པའི་མི་འབོར4164ཡོད་པ་དེས་སྤྱིའི་མི་འབོར་གྱི5.2%བཟུང་ཡོད།

སྤྱི་ལོ1971ལོའི་རྗེས་སུ་རྒྱལ་ཁབ་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། འཆར་ལྡན་བུ་བཙའ་ལག་བསྟར་དང་། མི་འབོར་འཕར་བར་ཚོད་འཛིན་བྱས་ཏེ། སྐྱེས་ཚད་ཇེ་དམའ་རུ་སོང་ཞིང་། མི་འབོར་གྱི་རང་བྱུང་འཕར་ཚད་ཀྱང་དེ་དང་བསྟུན་ནས་ཇེ་དམའ་རུ་སོང་། སྤྱི་ལོ1972ལོར་སྐྱེས་ཚད35.37%དང་། ཚེ་འདས་ཚད10.3མི་འབོར་རང་ཤུགས་སུ་འཕར་ཚད25.07‰བཅས་ཡིན།

སྤྱི་ལོ1982ལོར་ཧྥུའུ་རྫོང་དུ་ཁྱོན་དུད་ཚང25320ཡོད་པའི་ནང་དུད་ཚང24917དང་མཉམ་སྡེབ་དུད་ཚང403དང་། སྤྱིའི་མི་འབོར121522ཡོད་པའི་ནང་སྐྱེས་པ64087དང་བུད་མེད57435ཡོད། མཐོ་རིམ་སློབ་གསོ་མྱོང་མཁན332ཡོད་པ་དེས་སྤྱིའི་མི་འབོར་གྱི0.27%བཟུང་ཡོད། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཐེབས་མྱོང་བའི་མི29856ཡོད་པ་དེས་སྤྱིའི་མི་འབོར་གྱི24.57%བཟུང་ཡོད། སློབ་ཆུང་གི་རིག་གནས་ཆུ་ཚད་ཡོད་པའི་མི39085ཡོད་པ་དེས་སྤྱིའི་མི་འབོར་གྱི32.16%བཟུང་ཡོད། སྤྱི་ལོ2012ལོར་ཧྥུའུ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི17.29ཟིན་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི14.98ཟིན་པ་དང་། མི་འབོར་སྐྱེས་ཚད་བརྒྱ་ཆ10.32དང་། མི་འབོར་ཚེ་འདས་ཚད་བརྒྱ་ཆ6.01མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆ4.31བཅས་ཡིན། སྤྱི་བདེའི་ཐེམ་ཐོའི་མི་གྲངས་ཁྲི19.13ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་52.0%ཟིན་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་རྒྱུན་སྡོད་མི་འབོར156900ཡོད་པ་དང་། སྐྱེས་ཚད10.566%མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ5.76བཅས་ཟིན་ཡོད།

5 དཔལ་འབྱོར།

ཞིང་ལས།

སྤྱི་ལོ2012ལོར་ཧྥུ་རྫོང་གི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི41ཡོད། དེའི་ནང་དབྱར་འབྲུ་མུའུ་ཁྲི1དང་སྟོན་འབྲུ་མུའུ40ཡོད་པ་དང་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན68568ཟིན་ཡོད། ཤིང་འབྲས་ཀྱི་རྒྱ་ཁྱོན་མུའུ་ཁྲ42.3ཟིན་པ་དང་ཐོན་ཚད་ཏུན་ཁྲི9.8ཟིན་པའི་ནང་ཀུ་ཤུ་མུའུ་ཁྲི40དང་ཐོན་ཚད་ཏུན་ཁྲི9.3ཟིན་ཡོད། 2012ལོར་ཀུ་ཤུའི་ལྡུམ་ར་མུའུ་ཁྲི3.02གསར་སྐྲུན་བྱས་པ་དང་། ཤིང་ཏོག་མུའུ་ཁྲི24བྱས། ཞིང་ལུད་མུའུ་ཁྲི21བརྒྱབ། ནད་དང་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས་མུའུ་ཁྲི9.5བྱས། གྲོང་ཁྱེར་རིམ་པའི་དཔེ་སྟོན་གླིང28བསྐྲུན། ཤིང་འབྲས་ཀྱི་ཁུག་མ་དུང་ཕྱུར3.5ལག་བསྟར་བྱས། ཤིང་འབྲས་འདེབས་མཁན་ཞིང་པ་ཐེངས500ལྷག་ཙམ་གསོ་སྦྱོང་བྱས། མི་ཐེངས་ཁྲི2གསོ་སྦྱོང་བྱས། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་མུའུ་ཁྲི2.05བྱས་པ་དང་། གསོ་སྤེལ་དུད་ཚང་སྣ་ཚོགས1015གསར་དུ་འཕེལ་རྒྱས་བཏང། ཚད་གཞི་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ36བསྐྲུན། རྩྭ་འདེབས་ལུག་གསོའི་དཔེ་སྟོན་ས་ཚིགས4གསར་དུ་འཕེལ་རྒྱས་བཏང་། རྒྱུད་བཟང་འབྲི་གཡག་གསོ་ཚགས་ར་བ1བསྐྲུན་ཡོད།

བཟོ་ལས།

སྤྱི་ལོ2012ལོར་ཧྥུ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར116.8ལེགས་གྲུབ་བྱས་པ་དེ་དུས་མཚུངས་སུ12.9%འཕར་བའི་ནང་ཁྲང་ཆིང་སྣུམ་ཞིང་ཀུང་སིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར74.3ལེགས་གྲུབ་བྱུང་། གླིང་ཁུལ་བཟོ་ལས་ཁེ་ལས་ཀྱིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར19.7ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས57.6%འཕར་ཡོད།

6 འཕྲོད་བསྟེན།

སྤྱི་ལོ2012ལོར་ཧྥུ་རྫོང་དུ་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི16དང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང213འཕྲོད་བསྟེན་ལག་རྩལ་མི་སྣ630བཅས་ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ122དང་མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ36རེ་ཡོད། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན4དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང4གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང2བཅས་ཀྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་མཁན་མི་གྲངས144815ཡོད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད་བརྒྱ་ཆ97ཟིན། རྫོང་དང་ཡུལ་ཚོའི་སྨན་བཅོས་སྒྲིག་གཞིའི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད80%དང85%སོ་སོར་མཐོ་རུ་ཕྱིན།     སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞི19ཡོད་པའི་ནང་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཚན་པ10དང་། ཡུལ་ཚོའི་འཕྲོད་བསྟེན་ཁང9ཉལ་ཁྲི608འཕྲོད་བསྟེན་ལག་རྩལ་མི་སྣ738བཅས་ཡོད་པ་དང་མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ46རེ་ཡོད།

7 སློབ་གསོ།

སྤྱི་ལོ2011ལོར་ཧྥུ་རྫོང་དུ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་གི་སློབ་ལོ་རན་པའི་བྱིས་པ། ན་གཞོན་བཅས་སློབ་གྲྭར་ཞུགས་ཚད་བརྒྱ་ཆ100ཟིན་པ་དང་། དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་ཚད་བརྒྱ་ཆ90ཡན་ཟིན། མཐོ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ75ཟིན།བརྟན་ཚད་སློབ་ཆུ100%དང་དམའ་རིམ་སློབ་འབྲིང98%ཡན་ཟིན། སློབ་ཞུགས་གོང་གི་ལོ་གཅིག་ནང་བུ་བཅོལ་ཁང་དུ་ཞུགས་ཚད99.8%ཟིན་པ་དང་སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད82.1%ཟིན། སློབ་གསོའི་སློབ་ཁྲིད་སྤུས་ཚད་ མཐོ་རུ་ཕྱིན་པ་དང་། སྤྱི་ལོ2011ལོའི་མཐོ་རྒྱུགས་ཀྱི་དྲ་ཞུགས་བྱེད་ཚད་ལོ་གོང་མ་དང་བསྡུར་ན་མཐོ་རུ་ངེས་ཅན་ཕྱིན་ཡོད།   

སྤྱི་ལོ2012ལོར་ཧྥུ་རྫོང་དུ་ཁྱོན་ རིགས་ཁག་གི་སློབ་གྲྭ28ཡོད་པའི་ནང་མཐོ་རིམ་སློབ་འབྲིང1དང་། ལས་རིགས་སློབ་གསོའི་ལྟེ་གནས1དམའ་རིམ་སློབ་འབྲིང6སློབ་ཆུང20བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྱོན23079ཡོད། བུ་བཅོལ་ཁང38(དམངས་གཉེར་སློབ་གྲྭ26)དང་སློབ་ཞུགས་གོང་དང་བུ་བཅོལ་ཁང་དུ་བྱིས་པ8040ཡོད། ལས་ཐོག་གཞུང་གཉེར་དགེ་རྒན་དང་ལས་བཟོ་པ2080ཡོད། ལོ་ཧྲིལ་པོར་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོ1210ལ་རོགས་སྐྱོར་བྱས་པ་དང་མི་རེར་ཆ་སྙོམས1500དང་རོགས་སྐྱོར་མ་དངུལ་སྒོར་ཁྲི181.5ཟིན། དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ80ལ་རོགས་དངུལ་སྒོར་ཁྲི16བཏང། སློབ་གྲྭ་ཆེ་མོ་བའི་སློབ་ཁུངས་ས་ཆའི་དངུལ་བུན་མི་ཐེངས750གཡར་བ་དང་རིམ་རྩིས་བྱས་ན་དངུལ་བུན་སྒོར་ཁྲི450བཏང་ཡོད། སྤྱི་ལོ2012ལོའི་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ1264ཡོད་པ་དང་། མཐོ་རིམ་ལས་རིགས་སློབ་གྲྭ(ཆེད་ཚན་སློབ་ཆེན)1897ཡོད། དམའ་རིམ་སློབ་འབྲིང་ནས་ཐོན་པའི་སློབ་རིམ་འཕར་ཚད91.1%ཟིན་ཡོད།

སྤྱི་ལོ2016ལོར་རྫོང་ཡོངས་སུ་རིགས་ཁག་གི་མཐོ་རིམ་སློབ་འབྲིང་དང་། དམའ་རིམ་སློབ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་བཅས79ཡོད་པའི་ནང་མཐོ་རིམ་སློབ་འབྲིང1དང་། དམའ་རིམ་སློབ་འབྲིང6སློབ་ཆུང26བུ་བཅོལ་ཁང46(དམངས་གཉེར་སློབ་གྲྭ23)དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། རྫོང་ཡོངས་སུ་སློབ་གྲྭར་ཡོད་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ2479དང་། དམའ་རིམ་སློབ་འབྲིང་གི་སློབ་མ4152སློབ་ཆུང་གི་སློབ་མ9339བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ7501བཅས་ཡོད། སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་རིགས་ཁག་གི་དགེ་རྒན་དང་ལས་བཟོ་བ2135ཡོད་པའི་ནང་ཆེད་བསྐོས་དགེ་རྒན1605ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཧྥུ་རྫོང་།