ཀན་ཆོན་རྫོང་ནི་ཧྲའན་ཞི་བྱང་རྒྱུད་ཀྱི་ས་སེར་རི་མ་ཐང་གྲོག་རོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་ཆགས་ཤིང་བརླན་གཤེར་ཕྱེད་ཙམ་སྐམ་སའི་དབུས་ཁུལ་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན།སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2284.7ཟིན་པ་དང་། རྫོང་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི60.9ཟིན། ནགས་རྩྭ་ཁྱབ་ཚད78.4%ཟིན་པ་དེའི་ནང་ནགས་ཚལ་ཁྱབ་ཚད50.5%ཟིན།
སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།
མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཞིང་ཆེན་གྱི་མངའ་ཁོངས་སུ་ཏའོ་དང་རྫོང་རིམ་པ་གཉིས་བཙུགས་ཡོད། ཀན་ཆོན་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་ཏའོ་ཡི་ཁོངས་སུ་གཏོགས། སྤྱི་ལོ1935ལོའི་ལོ་འགོར། ཧྲའན་པེ་དང་ཧྲའན་ཀན་མཐའ་མཚམས་སུའུ་ཝེ་ཨེད་ས་ཁུལ་གསར་འཛུགས་བྱས་ཏེ་ཀན་ཆོན་བཅིངས་འགྲོལ་བྱས། དེང་གི་ཡུལ་ལའོ་ཧྲན་རྒྱུད་ནི་པགས་ཀན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་མངའ་ཁོངས་ཡིན། ཏའོ་ཀྲེན་དང་ཧྥུ་ཚུན་ཁྲོན་རྒྱུད་ནི་ཡུས་ཀན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཡིན། ཟླ11པར་ཀན་ལུའོ་རྫོང་སུའུ་ཝེ་ཨེད་སྲིད་གཞུང་བཙུགས་པ་དང་ཧྲའན་ཀན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། དེ་སྔའི་ཨན་སའེ་ཡི་ཁོངས་སུ་གཏོགས་པའི་ཟམ་པ་གྲོང་རྡལ་དང་། དགོན་སྨད་མཚོ་ཁུ་ཧྲི་མོན་བཅས་ཀན་ལུའོ་རྫོང་དུ་བཅུག དེ་སྔའི་ཀན་ཆོན་གྱི་ཁོངས་གཏོགས་ཡན་ཨན་རྫོང་དུ་དངོས་སུ་སླེབས། སྤྱི་ལོ1937ལོར་ཀན་ལུའོ་རྫོང་སྲིད་གཞུང་དེ་ཀན་ཆོན་རྫོང་རི་འགོག་དམངས་གཙོའི་སྲིད་གཞུང་དུ་བསྒྱུར། ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་སྲིད་གཞུང་གི་མངའ་ཁོངས་སུ་གཏོགས། དེ་དང་མཉམ་དུ་གོ་མིན་ཏང་ཀན་ཆོན་རྫོང་སྲིད་གཞུང་ཡོད། གོ་མིན་ཏང་ཧྲའན་ཞི་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ལྟ་ཞིབ་ཧྲུའུ་གཉིས་པའི་མངའ་ཁོངས་སུ་གཏོགས།
སྤྱི་ལོ1941ལོར་ཀན་ཆོན་ནི་ཧྲའན་ཀན་ཉིན་འབྲེལ་མཚམས་ས་ཁུལ་གྱི་ཐད་སྐྱོང་རྫོང་གི་ཁོངས་སུ་གཏོགས། སྤྱི་ལོ1942ལོར་ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་ཡན་ཅ་དང་། སུའེ་ཏེ། ཀོན་ཀྲུང་། ལུང་ཏུང་། སན་པེན་ཡན་ལག་དམག་ཁུལ་ཁང་བཅས་སོ་སོར་བཙུགས་པ་དང་། ཀན་ཆོན་ཡན་ཅུས་དམག་ཁུལ་གྱི་ཁོངས་གཏོགས་སུ་བསྒྱུར།
སྤྱི་ལོ1949ལོའི་ཟླ5པར། ཡན་ལག་དམག་ཁུལ་མེད་པར་བཟོས་ནས། ཧྲའན་པེ་སྲིད་འཛིན་ཀུང་ཧྲུའུ་དང་། ཀན་ཆོན་ཧྲའན་པེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ཡིན། སྤྱི་ལོ1950ལོའི་ཟླ5པའི་ཚེས1ཉིན། ཧྲའན་པེ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཏང་ཞིང་། ཧྲའན་ཞི་ཞིང་ཆེན་ཡན་ཨན་ཡན་ལག་དམག་ཁུལ་ཀྲོན་ཡོན་ཀུང་ཧྲུའུ་དང་། ཀན་ཆོན་ལི་ཡན་ཨན་ཀྲོན་ཆུས་བཙུགས། སྤྱི་ལོ1958ལོའི་ཟླ12པར། ཀན་ཆོན་རྫོང་ཡན་ཨན་རྫོང་དུ་བསྒྱུར། སྤྱི་ལོ1961ལོའི་ཟླ9པར་ཀན་ཆོན་རྫོང་གི་ལམ་ལུགས་སླར་གསོ་བྱས། སྤྱི་ལོ1969ལོར་ཡན་ཨན་ཀྲོན་ཆུས་སུ་བསྒྱུར་།
ཀན་ཆོན་རྫོང་ནི་ཡན་ཨན་ས་ཁུལ་གྱི་དབུས་ཁུལ་དུ་གནས་ཡོད། ཤར་གྱི་གཞུང་ཐིག108°45'34″~109°33'46″ དང་།བྱང་གི་འཕྲེད་ཐིག 36°6'57″~36°37'33″བར་དུ་གནས། ཧྲའན་ཞི་བྱང་རྒྱུད་ཀྱི་ས་སེར་རི་མ་ཐང་གྲོག་རོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་ཆགས་ཤིང་བརླན་གཤེར་ཕྱེད་ཙམ་སྐམ་སའི་དབུས་ཁུལ་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན།སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2284.7ཟིན་པ་དང་། རྫོང་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི60.9ཟིན། ནགས་རྩྭ་ཁྱབ་ཚད78.4%ཟིན་པ་དེའི་ནང་ནགས་ཚལ་ཁྱབ་ཚད50.5%ཟིན།
སྤྱི་ལོ1949ལོར་ཀན་ཆོན་རྫོང་གི་མི་འབོར17867ཡོད་པ་དང་། སྤྱི་ལོ1979ལོར་མི་གྲངས54104ཟིན། སྤྱི་ལོ1989ལོར་མི་གྲངས64684ཡོད་པ་དེ་སྤྱི་ལོ1949ལོ་ལས་ལྡབ3.6འཕར་བ་དང་། ཆ་སྙོམས་ལྟར་ན་ལོ་རེར་མི་གྲངས1170འཕར་ཡོད།
སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་བརྒྱུད་ནས་ཀན་ཆོན་རྫོང་གི་མི་འབོར་བསྡོམས76705ཡོད། སྤྱི་ལོ2011ལོར་ཀན་ཆོན་རྫོང་གི་མི་འབོར་རང་འཕེལ་བྱུང་ཚད་སྟོང་ཆ5ནང་ཚོད་འཛིན་བྱས་ཡོད།
ཀན་ཆོན་རྫོང་ཁོངས་ཀྱི་མི་རིགས་ལ་རྒྱ་རིགས། སོག་རིགས། ཧུའེ་རིགས། བོད་རིགས། མིའོ་རིགས། དབྱིས་རིགས། པུའུ་དབྱི་རིགས། མན་ཇུ་རིགས། ཐུའུ་ཅ་རིགས་བཅས་ཡོད།
ཞིང་ལས།
སྤྱི་ལོ1949ལོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི18.86ཟིན་པ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ20.5ཟིན་པ་དང་སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི193.3ཟིན་ཡོད། གྲོ་མུའུ་ཁྲི1.464ཟིན་པ་དེས་འདེབས་ཁྱོན་བསྡོམས་འབོར་གྱི8.7%བཟུང་ཡོད། སྲན་རིགས་མུའུ་ཁྲི0.88ཟིན་པ་དེས་འདེབས་ཁྱོན་བསྡོམས་འབོར་གྱི5.3%བཟུང་ཡོད། ཆུ་འབྲས་མུའུ་ཁྲི0.13ཡོད་པ་དེས་སྤྱིའི་འདེབས་ཁྱོན་གྱི0.8%བཟུང་བ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ106ཟིན་ཡོད།
འབྲུ་རིགས་མུའུ་ཁྲི3.45ཡོད་པ་དེས་འདེབས་ཁྱོན་གྱི20.6%བཟུང་བ་དང་། མུའུ་རེའི་ཐོན་འབབ་སྤྱི་རྒྱ92.9ཟིན། སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི320.505ཟིན། མ་རྨོས་ལོ་ཏོག་མུའུ་ཁྲི3.79ཟིན། མུའུ་རེའི་ཐོན་འབབ་སྤྱི་རྒྱ208.4ཟིན། སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི790ཟིན་ཡོད། གྲོ་མུའུ་ཁྲི1.69ཡིས་འདེབས་ཁྱོན་གྱི10.1%བཟུང་བ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ63.3ཟིན་པ་དང་སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི107ཟིན་ཡོད། ཆུ་འབྲས་མུའུ་ཁྲི0.1ཟིན་པ་དེས་འདེབས་ཁྱོན་གྱི0.6%བཟུང་བ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ100ཟིན་པ་དང་སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི10ཟིན་ཡོད།
སྤྱི་ལོ1980ལོར་འདེབས་ཁྱོན་མུའུ་ཁྲི17.18ཟིན་པ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ58ཟིན། ཐོན་འབབ་བསྡོམས་འབོར་སྤྱི་རྒྱ་ཁྲི996.44ཟིན་ཡོད། སྤྱི་ལོ1989ལོར་འདེབས་ཁྱོན་མུའུ་ཁྲི17.92ཟིན་པ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ92.5ཡིན་པ་དང་། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི1657.6ཡིན།
སྤྱི་ལོ2012ལོར་ཀན་ཆོན་རྫོང་ལ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.5འཕེལ་ཞིང་། འབྲུ་རིགས་ཐོན་ཚད་ཏུན་ཁྲི4.55ཟིན་པ་དང་། ཉི་འོད་དྲོད་ཁང་ཆེ་མོ470གསར་སྐྲུན་དང་བསྐྱར་སྐྲུན་བྱས། སྔོ་ཚལ་ཐོན་ཚད་ཏུན་ཁྲི11.5ཟིན། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར1.8བཅས་ཟིན ། ཕག་པ་གསོ་ཚགས་བྱེད་ཚད་ཁྲི9.4དང་ཁྱིམ་བྱ་གསོ་ཚགས་བྱེད་ཚད་ཁྲི182.3ཟིན་ནས་ཕྱུགས་རིགས་དང་བྱ་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.2ཟིན་ཡོད། རི་ཁུལ་གྱི་ཀུ་ཤུའི་ལྡུམ་ར་མུའུ6150བསྐྲུན་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ལྡུམ་ར10བསྐྲུན་ཡོད།
སྤྱི་ལོ2016ལོར་ཀན་ཆོན་བཟོ་ལས་གླིང་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གཉིས་འདུས་ནས་དེང་རབས་ཞིང་ལས་དང་། ཞིང་ཞོར་ཐོན་རྫས་ལས་སྣོན། སྤྲོ་གསེང་ཡུལ་སྐོར་བཅས་གཙོ་བོར་བྱེད་པའི་ལས་རིགས་སྣ་མང་འདེགས་སྐྱོར་གྱི་ཐོན་ལས་རྣམ་པ་ཞིག་རགས་ཙམ་ཆགས་ནས་རྒྱལ་ཡོངས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། ཧྲའན་ཞི་ཞིང་ཆེན་གྱི་མུའུ་ཁྲི་བརྒྱའི་སྒྲིག་བཀོད་སྔོ་ཚལ་དཔེ་སྟོན་རྫོང་། ཡན་ཨན་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་སྒྲིག་བཀོད་སྔོ་ཚལ་ལྟེ་བའི་ཁུལ་བཅས་ལ་གཏན་འཁེལ་བྱས། དེང་རབས་ཞིང་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས5%འཕར་ནས་སྤྱི་ལོ2016ལོར་སྒོར་དུང་ཕྱུར7.9ཟིན།
བཟོ་ལས།
མ་བཅོས་རྡོ་སོལ་ཏུན800དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི1.16ཟིན་ཡོད། སྤྱི་ལོ1961ལོར་མ་བཅོས་རྡོ་སོལ་ཏུན2130སྔོག་འདོན་བྱས་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི3.09མངོན་འགྱུར་བྱུང་། སྤྱི་ལོ1962ལོའི་རྗེས་སུ། མ་བཅོས་རྡོ་སོལ་གྱི་ཐོན་ཚད་ཆེས་ཆེར་འཕར་བ་དང་། ཉིན་རེའི་ཐོན་ཚད་ཏུན5ནས་ཏུན19.3འཕར་ཡོད།
སྤྱི་ལོ1987ལོར་བཟོ་གྲྭའི་འགོ་འཛིན་གྱི་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་དང་འགན་ཡུན་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་ཐོན་རྫས་རིན་ཐང་དང་། ཐོན་ཚད། ཁེ་སྤོགས་དང་དཔྱ་ཁྲལ་བཅས་ཚང་མ་འཕར་སྣོན་ཆེན་པོ་བྱུང་ནས་ཨར་འདམ་ཏུན9000ཐོན་སྐྱེད་བྱས་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི50.4ཟིན། ཕྱིར་འཚོང་ཡོང་འབབ་སྒོར་ཁྲི101.24ཟིན། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི12.19ཟིན་ཡོད།
སྤྱི་ལོ1988ལོར་སྣུམ་ཁྲོན16གསར་སྣོན་བྱས་པ་དང་། སྣུམ་ཁྲོན29ཐོན་སྐྱེད་བྱས། མ་བཅོས་རྡོ་སྣུམ་ཏུན3710ཐོན་སྐྱེད་བྱས་པ་དང་། བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི174.6ལེགས་གྲུབ་ཟིན། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་150.8ཟིན། ཁེ་སྤོགས་སྒོར་ཁྲི58.8ཟིན། ཁྲལ་འབབ་སྒོར་ཁྲི66གསོག་འཇོག་བྱས། སྣུམ་ཞིང་མཐུད་སྦྲེལ་འཕེལ་རྒྱས་ཐེབས་རྩ་སྒོར་ཁྲི40.7བཅས་བླངས་ཡོད།
སྤྱི་ལོ2001ལོར་ཀན་ཆོན་རྫོང་དུ་རྡོ་སྣུམ་དང་། ཨ་རག ཨར་ལས་རྒྱུ་ཆ། བཟའ་བཅའ་ལས་སྣོན་བཅས་ཐོན་ལས་ཆེན་པོ་བཞི་རགས་ཙམ་ཆགས་པ་དང་། ཁེ་སྤོགས་དང་དཔྱ་ཁྲལ་གསོག་ཚད་སྒོར་ཁྲི9000ཡན་ཟིན། ཨ་རག་ཏུན1700ཐོན་སྐྱེད་བྱས། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི1500གསོག་འཇོག་ཐུབ་པ་བཅས་བྱུང་ཡོད།
སྤྱི་ལོ2006ལོར་ཀན་ཆོན་རྫོང་གི་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི38.8ཟིན་ནས་ལྡབ2.6འཕར་བ་དང་། སྲན་ཞོ་ལས་སྣོན་གཞི་རྩའི་ཆ་ནས་དེང་རབས་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་ནས་སྲན་རིགས་ཏུན2000ལས་སྣོན་བྱས་པ། ཨ་རག་ཏུན240ཐོན་སྐྱེད་བྱས། ལོ་རེར་ཨར་འདམ་ཏུན་ཁྲི2.5ཐོན་སྐྱེད་བྱས་ཡོད། བཟོ་ལས་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར8.96ཟིན་པ་དང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར8.65ཟིན། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར2.4ཟིན་ཡོད།
སྤྱི་ལོ2016ལོར་ཀན་ཆོན་བཟོ་ལས་གླིང་གྲོང་ཁྱེར་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་ལས་སྣོན་ཁུལ་དུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁེ་ལས17ཟིན་པ་དང་སྤྱི་ལོ2016ལོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར10དང་ཁྲལ་འབབ་སྒོར་ཁྲི3600ཟིན།
སྤྱི་ལོ1959ལོའི་ལོ་མཇུག་ཏུ་སྨན་དོན་མི་སྣ40ལྷག་མང་དུ་ཕྱིན། སྤྱི་ལོ1969ལོར་སྨན་དོན་མི་སྣ90ལྷག་ཙམ་མང་དུ་ཕྱིན་པ་དེའི་ནང་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ15ཡོད།
སྤྱི་ལོ1970ལོར་རྫོང་སྨན་ཁང་དུ་སྨན་སྦྱོར་ཁང་བཙུགས་ནས་མྱུར་སྐྱོབ་རླངས་འཁོར1སྤྲད། སྤྱི་ལོ1974ལོར་གཞི་རིམ་འཕྲོད་བསྟེན་ཁང་གིས་སྔ་རྗེས་སུ་Xའོད་ཆས་སྒྲིག་སྦྱོར་བྱས། སྤྱི་ལོ1975ལོར་རྫོང་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་མཇུག་འགྲིལ་ནས་ནད་ཁྲི50བར་མང་དུ་ཕྱིན།
སྤྱི་ལོ1989ལོའི་ལོ་མཇུག་ཏུ། ཀན་ཆོན་རྫོང་གི་སྨན་བཅོས་ལས་ཁུངས་14ཡོད་པ་དང་། སྨན་བཅོས་མི་སྣ་ནི་སྤྱི་ལོ1950ལོའི་མི2ནས309བར་འཕེལ་རྒྱས་བྱུང་། དེའི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་གཙོ་བཅོས་སྨན་པ20དང་། སྨན་པ་དཀའ་བཅུ་པ19སྨན་པ28བཅས་ཡོད། ཀྲུང་ལུགས་གསོ་རིག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ1དང་། གཙོ་བཅོས་སྨན་པ5སྨན་པ6ནད་གཡོག་པ2ནད་གཡོག7 ཀྲུང་ལུགས་སྨན་རྫས་ཀྱི་འགན་འཁུར་མཁན1དང་། ཀྲུང་ལུགས་སྨན་རྫས་ཀྱི་སྨན་པ2ཀྲུང་ལུགས་སྨན་རྫས་ཀྱི་སྨན་པ2བཅས་ཡོད། ནུབ་སྨན་གཙོ་གཉེར་བ1དང་། སྨན་པ4བཅས་ཡོད།
སྤྱི་ལོ2011ལོར་ཀན་ཆོན་རྫོང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་བརྒྱ་ཆ85ཟིན། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པར་ཞུགས་ཚད་བརྒྱ་ཆ91ཟིན་ཡོད།
སྤྱི་ལོ2016ལོར་གྲོང་གསེབ་ཀྱི་རིམ་གསུམ་འཕྲོད་བསྟེན་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས། གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལ་ཞུགས་ཚད་སོ་སོར་བརྒྱ་ཆ100དང་། བརྒྱ་ཆ100། བརྒྱ་ཆ93བཅས་ཟིན་ཡོད།
1965ལོར་རྫོང་རིག་སློབ་ཅུའུ་ཡིས་ཞིང་ནགས་ཆུ་འབྲོག་དང་མཉམ་དུ་ཞིང་ལས་སློབ་འབྲིང1བཙུགས་པ་དང་སློབ་གྲྭའི་གནས་ཡུལ་དུ་གྲོང་རྡལ་ནན་ཀྲའེ་གྲོང་ཚོ་བཙུགས། སྤྱི་ལོ1968ལོའི་སྟོན་ཁར། ཞ་སི་ཝན་དང་ཝང་ཕིང་། ཏའོ་གྲོང་རྡལ། ཏུང་ཀོའུ་བཅས་སུ་ལོ་བདུན་ལམ་ལུགས་ཀྱི་སློབ་གྲྭ་བཙུགས། སྤྱི་ལོ1969ལོར་སློབ་འབྲིང་གི་དོ་དམ་སྒྲིག་སྲོལ་ཀུང་ཧྲེར་སྤྲད་རྗེས། སློབ་འབྲིང་གི་སློབ་གསོ་མྱུར་དུ་འཕེལ་རྒྱས་བྱུང་བ་དང་། ཟླ9པར་ལིའང་ཀྲོང་དང་ལའོ་ཧྲན། ཆའོ་ཀྲེན་བཅས་ལོ་བདུན་ལམ་ལུགས་ཀྱི་སློབ་གྲྭ་བཙུགས།
སྤྱི་ལོ1977ལོའི་ཟླ9པར། ཀན་ཆོན་སློབ་འབྲིང་དང་། ཞ་དགོན་ཝན་སློབ་འབྲིང་། ཏའོ་གྲོང་རྡལ་སློབ་འབྲིང་བཅས་རྫོང་གི་གཙོ་གནད་སློབ་འབྲིང་དུ་གཏན་འཁེལ་བྱས། སྐབས་དེར་ཀན་ཆོན་རྫོང་དུ་ཆ་ཚང་སློབ་འབྲིང3དང་ལོ་བདུན་ལམ་ལུགས་ཀྱི་སློབ་གྲྭ7ཡོད། དགེ་རྒན་དང་ལས་བཟོ་པ162དང་སློབ་མ3119ཡོད། སློབ་འབྲིང་དཀྱུས་མའི་འཕེལ་རྒྱས་མགྱོགས་དྲགས་པ་དང་། དགེ་རྒན་གསོ་སྦྱོང་གི་སྟོང་ཆ་ཡོད་པས། སློབ་འབྲིང་གི་སློབ་ཁྲིད་སྤུས་ཚད་མི་མཐོ།
སྤྱི་ལོ1985ལོར་ཀན་ཆོན་རྫོང་དུ་ཆ་ཚང་སློབ་འབྲིང1དང་། དམའ་རིམ་སློབ་འབྲིང3ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ1དགེ་རྒན་དང་ལས་བཟོ་བ192སློབ་མ2435བཅས་ཡོད། སྤྱི་ལོ1989ལོར་ཀན་ཆོན་རྫོང་དུ་གཙོ་གནད་སློབ་འབྲིང6ཡོད་པ་དང་། དགེ་རྒན་དང་ལས་བཟོ་བ216ཡོད། སློབ་གྲྭར་ཡོད་པའི་སློབ་མ2297(དེའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ562ཡོད)སློབ་ཁྲིད་འཛིན་གྲྭ38ཡོད། སྤྱིའི་ས་ཁྱོན་མུའུ122ཟིན། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ13311ཟིན་ཡོད།
སྤྱི་ལོ2016ལོར་སློབ་ཞུགས་གོང་གི་བུ་བཅོལ་ཁང་དུ་ཞུགས་ཚད95%ཟིན་པ་དང་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད100%ཟིན་ནས་ཞིང་ཆེན་ཡོངས་ཀྱི་སྔོན་ལ“མཐོ་གཉིས་དགུ་སྤེལ”གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།