ཧྲོང་ཐཱ་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-26 14:51ལ་འགྲུབ།

ཧྲོང་ཐཱ་ཆུས།

ཧྲོང་ཐཱ་ཆུས།
ཧྲོང་ཐཱ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལིའོ་ཉིང་ནུབ་རྒྱུད་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གནས་པ་དང་ནུའུ་ལུའུ་ཨེར་ཧུའུ་རི་རྒྱུད་ཀྱི་ཤར་ཕྱོགས་དང་སུང་ལིང་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་ཡོད། དེ་ནི་ཁྲའོ་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། མཁར་ནང་དུ་ཉར་ཚགས་ལེགས་པོ་བྱས་ཡོད་པའི་ཝེ་བྱང་མའི་དུས་སྐབས་ཀྱི་མཆོད་རྟེན་བྱང་མ་དང་ཐང་རྒྱལ་རབས་ཀྱི་མཆོད་རྟེན་ལྷོ་མ་བསྐྲུན་ཡོད་པས་མིང་དེ་ལྟར་ཐོགས། ཧྲོང་ཐཱ་ཆུས་ཀྱི་ཤར་ནི་ལིའོ་ཉིང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་ལིའོ་ཏུང་ཕྱེད་གླིང་དང་འབྲེལ་ཡོད། ནུབ་ཏུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་མུ་ཁྱུད་དང་འབྲེལ་ཡོད། ལྷོ་རུ་པོ་ཧའེ་རྒྱ་མཚོའི་མཐའ་དང་འབྲེལ་ཡོད་ལ། བྱང་དུ་ནང་སོག་གི་དབུས་ཁུལ་དང་འབྲེལ་བ་བཅས་ནི་ཀོན་ཕྱི་ནང་སྦྲེལ་མཐུད་བྱེད་པའི་མཚམས་ཚིགས་ཁུལ་གལ་ཆེན་ཞིག་ཡིན། ས་ཁམས་གནས་ཚད་ལྟེ་གནས་ནི་ཤར་གྱི་གཞུང་ཐིག 120°27’དང་བྱང་གི་འཕྲེད་ཐིག 41°35’ཡི་བར་དུ་གནས་ཡོད། སྤྱི་ལོ2015ལོར་ཧྲོང་ཐཱ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ500ཡོད་པ་དང་ཤང(གྲོང་རྡལ)4དང་ཁྲོམ་གཞུང11ཡོད་པ་དེར་ཁྱོན་མི་འབོར་ཁྲི40.45ཡོད། སྤྱི་ལོ2015ལོར་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1333061ཟིན་པ་དེ་སྤྱི་ལོ2014ལོ་ལས8.9%ཆག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双塔区
ཕྱི་ཡིག་གི་མིང་།
Shuangta District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ500ཡོད།
​ཡུལ་སྐད།
པེ་ཅིང་སྐད།
​མི་འབོར།
ཁྲི40.45ཡོད། (སྤྱི་ལོ2015ལོ)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་བྱང་ཤར། ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ནན་ཐཱ་ཁྲོམ་གཞུང་ཡིན་ཧུ་སྡེ་ཁུལ་ཝུན་ཧྭ་ལམ་གྱི་ལམ་དུམ་པའི་ཨང་རྟགས5པར་གནས།
​གནམ་གྲུ་ཐང་། 
ཁྲའོ་དབྱང་གནམ་གྲུ་ཐང་།
​མེ་འཁོར་འབབ་ཚུགས། 
ཁྲའོ་དབྱང་འབབ་ཚུགས། ཁྲའོ་དབྱང་ལྷོ་ཚུགས།
​ས་ཁོངས་ཁ་པར་ཨང་རྟགས། 
0421
མཛེས་ལྗོངས་གྲགས་ཅན།
ཡིའུ་ཧྲུན་དགོན་པ། ཁྲའོ་དབྱང་གི་མཆོད་རྟེན་གཉིས། ལིའོ་ཉིང་ཁྲའོ་དབྱང་ཐའོ་ཧྭ་རི་བོ། ཧྥེང་ཧོང་རི་བོ། ཁྲའོ་དབྱང་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་།
​སྦྲག་སྲིད་ཨང་རྟགས། 
122000
​ གནས་ཡུལ། 
ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཡོད།
རླངས་འཁོར་ཚབ་ཨང་།
ལིའོ(辽)N
སྲིད་འཛིན་ཚབ་ཨང་།
211302
1 ངོ་སྤྲོད་མདོར་བསྡུས།

ཧྲོང་ཐཱ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལིའོ་ཉིང་ནུབ་རྒྱུད་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གནས་པ་དང་ནུའུ་ལུའུ་ཨེར་ཧུའུ་རི་རྒྱུད་ཀྱི་ཤར་ཕྱོགས་དང་སུང་ལིང་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་ཡོད། དེ་ནི་ཏཱ་ལིང་གཙང་པོའི་ལུང་གཞུང་ནང་གི་དབྱིབས་གཞོང་རིང་པོ་ཞིག་ཡིན། ཁྲའོ་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། མཁར་ནང་དུ་ཉར་ཚགས་ལེགས་པོ་བྱས་ཡོད་པའི་ཝེ་བྱང་མའི་དུས་སྐབས་ཀྱི་མཆོད་རྟེན་བྱང་མ་དང་ཐང་རྒྱལ་རབས་ཀྱི་མཆོད་རྟེན་ལྷོ་མ་བསྐྲུན་ཡོད་པས་མིང་དེ་ལྟར་ཐོགས། ཧྲོང་ཐཱ་ཆུས་ཀྱི་ཤར་ནི་ལིའོ་ཉིང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་ལིའོ་ཏུང་ཕྱེད་གླིང་དང་འབྲེལ་ཡོད། ནུབ་ཏུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་མུ་ཁྱུད་དང་འབྲེལ་ཡོད། ལྷོ་རུ་པོ་ཧའེ་རྒྱ་མཚོའི་མཐའ་དང་འབྲེལ་ཡོད་ལ། བྱང་དུ་ནང་སོག་གི་དབུས་ཁུལ་དང་འབྲེལ་བ་བཅས་ནི་ཀོན་ཕྱི་ནང་སྦྲེལ་མཐུད་བྱེད་པའི་མཚམས་ཚིགས་ཁུལ་གལ་ཆེན་ཞིག་ཡིན། ས་ཁམས་གནས་ཚད་ལྟེ་གནས་ནི་ཤར་གྱི་གཞུང་ཐིག 120°27’དང་བྱང་གི་འཕྲེད་ཐིག 41°35’ཡི་བར་དུ་གནས་ཡོད།

སྤྱི་ལོ2015ལོར་ཧྲོང་ཐཱ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ500ཡོད་པ་དང་ཤང(གྲོང་རྡལ)4དང་ཁྲོམ་གཞུང11ཡོད་པ་དེར་ཁྱོན་མི་འབོར་ཁྲི40.45ཡོད། སྤྱི་ལོ2015ལོར་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1333061ཟིན་པ་དེ་སྤྱི་ལོ2014ལོ་ལས8.9%ཆག་ཡོད།

ཧྲོང་ཐཱ་ཆུས་ཁོངས་སུ་མྱུར་བགྲོད་གཞུང་ལམ4དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ10ལྕགས་ལམ6བཅས་འཕྲེད་གཞུང་ལྟར་བསྣོལ་ཡོད། ཅིན་ཀྲོའུ་གྲུ་ཁ་དང་བར་ཐག་སྤྱི་ལེ90ཡོད། ཧྲོང་ཐཱ་ནི་གནའ་སྔ་མོ་ནས་བཟུང་ལྕགས་རི་རིང་པོའི་ཕྱི་རོལ་གྱི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་པ་དང་། ཧན་ནུབ་མ་ནས་བཟུང་རྒྱལ་རབས་རིམ་བྱུང་ཚང་མས་དེ་གར་ཅུན་རྫོང་བཙུགས་པ་དང་། ཡན་རྒྱལ་རབས་སྔོན་མ་དང་། ཡན་རྒྱལ་རབས་ཕྱི་མ། པེ་ཡན་བཅས་རྒྱལ་རབས་གསུམ་གྱིས་རྒྱལ་ས་དེ་གར་བཙུགས་པ་དང་། “ཡན་རྒྱལ་རབས་གསུམ་གྱི་གནའ་བོའི་རྒྱལ་ས”ཞེས་འབོད་སྲོལ་ཡོད།       

2 འཛུགས་སྐྲུན་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པ་སྤྱི་ལོ1931ལོར་རེ་ཧུ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གསུམ་པ་སྤྱི་ལོ1934ལོར་སོ་སོར་རེ་ཧུ་དང་ཅིན་ཀྲོའུ་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པ་སྤྱི་ལོ1940ལོར་ཁྲའོ་དབྱང་རྫོང(ཧྲོང་ཐཱ་ཆུས)ལ་ཐུའུ་མོ་ཐེ་གཡས་ཆི་ཞེས་པར་བསྒྱུར། ཅིན་ཀྲོའུ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1945ལོའི་ཟླ9པར་སྔ་རྗེས་སུ་བཅིངས་འགྲོལ་ཐོབ་ནས་རེ་ཧུ་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག སྤྱི་ལོ1946ལོར་གོ་མིན་ཏང་གིས་སྐབས་ཤིག་རིང་བཙན་བཟུང་བྱས། སྤྱི་ལོ1947ལོའི་སྟོན་ཁར། རྒྱལ་ཡོངས་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པ་དང་སྔར་བཞིན་རེ་ཧུ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1956ལོར་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་བགོས། སྤྱི་ལོ1958ལོར་ཁྲའོ་དབྱང་རྫོང་གྲོང་ཁུལ(ཧྲོང་ཐ་ཆུས)ལ་བརྟེན་ནས་ཁྲའོ་དབྱང་གྲོང་ཁྱེར་བཙུགས།

སྤྱི་ལོ1964ལོར་ཁྲའོ་དབྱང་གྲོང་ཁྱེར་མེད་པར་བཟོས་པ་དང་ཁྲའོ་དབྱང་རྫོང(ཧྲོང་ཐ་ཆུས)དུ་ཟླ་བསྒྲིལ་བཏང་། ཁྲའོ་དབྱང་ཀྲོན་ཆུས་བཙུགས་ནས་ཁྲའོ་དབྱང་རྫོང(ཧྲོང་ཐ་ཆུས)དུ་ཆེད་མངགས་ཧྲུའུ་བཙུགས་ཡོད།

སྤྱི་ལོ1970ལོར་ཁྲའོ་དབྱང་ཆེད་ཁུལ་ཁྲའོ་དབྱང་ས་ཁུལ་དུ་བསྒྱུར། སྤྱི་ལོ1979ལོའི་ཟླ8པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲའོ་དབྱང་གྲོང་ཁྱེར་བསྐྱར་འཛུགས་བྱེད་པར་ཆོག་མཆན་བཀོད། (སྤྱི་ལོ1980ལོའི་ཟླ6པར་དངོས་སུ་བཙུགས) ཁྲའོ་དབྱང་གྲོང་ཁྱེར་ལ་ཁྲའོ་དབྱང་ས་ཁུལ་གྱིས་འགོ་ཁྲིད་བྱས།

སྤྱི་ལོ1984ལོའི་ཟླ6པའི་ཚེས30ཉིན། ཁྲའོ་དབྱང་གྲོང་ཁྱེར་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་འཕར་ཞིང་། ཧྲོང་ཐཱ་དང་ལུང་ཁྲེང་ཆུས་གཉིས་བཙུགས་ནས་ཁྲའོ་དབྱང་ས་ཁུལ་མེད་པར་བཟོས། དེ་སྔའི་ཁྲའོ་དབྱང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས(ཆི་ཏའོ་ཆོན་ཙི་ཞང་ཕུད)ཧྲོང་ཐཱ་ཆུས་སུ་བཙུགས་པ་དང་། ཧྲོང་ཐཱ་ཆུས་དུས་དེ་ནས་བཟུང་དབུ་བརྙེས་པ་ཡིན།

3 སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས།

སྤྱི་ལོ2011ལོར་ཧྲོང་ཐཱ་ཆུས་ཁོངས་སུ་ཁྲོམ་གཞུང11དང་། གྲོང་རྡལ3ཤང1བཅས་ཡོད་པ་སྟེ། ནན་ཐཱ་ཁྲོམ་གཞུང་དང་། པེ་ཐཱ་ཁྲོམ་གཞུང་། ཆན་ཅིན་ཁྲོམ་གཞུང་། ལིང་ཧུ་ཁྲོམ་གཞུང་། ཀོང་མིང་ཁྲོམ་གཞུང་། ལིང་ཧྥུང་ཁྲོམ་གཞུང་། ལུང་ཧྲན་ཁྲོམ་གཞུང་། ཀྲན་ནན་ཁྲོམ་གཞུང་། ཧོང་ཆི་ཁྲོམ་གཞུང་། ཡན་པེ་ཁྲོམ་གཞུང་། ཡན་ཏུའུ་ཁྲོམ་གཞུང་། ཐའོ་ཧྭ་ཐུའུ་གྲོང་རྡལ། ཐཱ་ལ་ཀའོ་གྲོང་རྡལ། སུན་ཅཱ་ཝན་གྲོང་རྡལ། ཁྲང་པའོ་དབྱིང་ཙེ་ཤང་བཅས་ཡིན། ཆུས་སྲིད་གཞུང་ནི་ནན་ཐཱ་ཁྲོམ་གཞུང་ཡིན་ཧུ་སྡེ་ཁུལ་གྱི་ཝུན་ཧྭ་ལམ་གྱི་ལམ་དུམ་ཨང་རྟགས5པར་གནས།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཧྲོང་ཐཱ་ཆུས་ཀྱི་ཤར་ནི་ལིའོ་ཉིང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་ལིའོ་ཏུང་ཕྱེད་གླིང་དང་འབྲེལ་ཡོད། ནུབ་ཏུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་མུ་ཁྱུད་དང་འབྲེལ་ཡོད། ལྷོ་རུ་པོ་ཧའེ་རྒྱ་མཚོའི་མཐའ་དང་འབྲེལ་ཡོད་ལ། བྱང་དུ་ནང་སོག་གི་དབུས་ཁུལ་དང་འབྲེལ་བ་བཅས་ནི་ཀོན་ཕྱི་ནང་སྦྲེལ་མཐུད་བྱེད་པའི་མཚམས་ཚིགས་ཁུལ་གལ་ཆེན་ཞིག་ཡིན། ས་ཁམས་གནས་ཚད་ལྟེ་གནས་ནི་ཤར་གྱི་གཞུང་ཐིག 120°27’དང་བྱང་གི་འཕྲེད་ཐིག  41°35’བཅས་ཡིན། སྤྱི་ལོ2015ལོར་ཧྲོང་ཐཱ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ500ཡོད།

4_2 ནམ་ཟླ།

ཧྲོང་ཐཱ་ཆུས་ནི་བྱང་དྲོད་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། གནམ་གཤིས་ལ་འགྱུར་བ་མང་ཞིང་། སུང་ལིན་རི་རྒྱུད་ཀྱིས་བཀག་ཡོད་པས། རྒྱ་མཚོའི་བརླན་གཤེར་ཆེ་བའི་མཁའ་རླུང་གིས་ཐད་ཀར་ཤུགས་རྐྱེན་ཆུང་བ་དང་། ནང་སོག་མཐོ་སྒང་གི་མཁའ་རླུང་གྲང་མོ་ནང་འཛུལ་ཚད་མང་། ཐན་པ་ཕྱེད་ཙམ་དང་བརླན་གཤེར་ཆེ་བ་དང་། ཐན་པ་འབྱུང་སླ་བའི་ནམ་ཟླའི་ཁྱད་ཆོས་ཡོད། དུས་བཞི་གསལ་བ་དང་། དཔྱིད་ཀ་དང་སྟོན་ཀ་ཐུང་བ། ཆར་ཆུ་དང་ཚ་བ་ཆེ། གྲང་ངར་ཆེ། ཉི་འོད་ཕོག་ཡུན་རིང་བ། རླངས་པ་མང་བ། མཁའ་རླུང་ལ་སྐམ་ཤས་ཆེ་བ། དཔྱིད་རླུང་ཆེ་བ། གནམ་གཤིས་ཀྱི་གནོད་འཚེ་མང་བ་བཅས་ཡིན།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི40.45ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི33.55ཟིན་ནས་མི་འབོར་བསྡོམས་འབོར་གྱི82.9%ཟིན་ཡོད། ལོ་འདིའི་ནང་གསར་སྐྱེས་མི་འབོར3028ཡོད་པ་དང་། སྐྱེ་ཚད7.52ཡིན། ཕོ་མོའི་བསྡུར་ཚད100བསྡུར104ཡིན། ལོ་འདིའི་ནང་མི2167རྐྱེན་ལམ་དུ་ཤོར་བ་དང་མི་འབོར་འཆི་ཚད6‰ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.67ཡིན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23570ཟིན་པ་དེ་ལོ་གོང་མ་ལས་སྒོར1685འཕར་ནས7.7%འཕར་ཡོད།

5_2 མི་རིགས།

ཧྲོང་ཐཱ་ཆུས་ནི་དཔེ་མཚོན་ཅན་གྱི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ཁུལ་དུ་གཏོགས། དེའི་ནང་སོག་རིགས་ནི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲོད་ཨང་དང་པོར་སླེབས་ཡོད། མན་ཇུ་རིགས་ནི་ཨང་གཉིས་པ་ཡིན། ཧུའེ་རིགས་ནི་ཨང་གསུམ་པར་གནས་ཡོད། ད་དུང་ཁྲའོ་ཞན་རིགས་དང་། ཀྲོང་རིགས། ཡུ་གུར་རིགས། བོད་རིགས། མིའོ་རིགས། དབྱི་རིགས། པུའུ་དབྱི་རིགས། ཏུང་རིགས། པའེ་རིགས། ཐུའུ་ཅཱ་རིགས། ཧ་ཉི་རིགས། ཧྲེ་རིགས། ཏ་ཝོར་རིགས། ཞི་པོ་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་རིགས། ཧོ་ཀྲེ་རིགས། ཡའོ་རིགས་བཅས་མི་རིགས་23ལྷག་ཡོད།

6 དཔལ་འབྱོར།

སྤྱི་ལོ2014ལོར་ཧྲོང་ཐཱ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1519498ཟིན་པ་དེ་སྤྱི་ལོ2013ལོ་ལས3.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་སྤྱི་ལོ2014ལོའི་རིན་ཐང་འཕར་མ་སྒོར་ཁྲི59221ཟིན་པ་དེ་སྤྱི་ལོ2013ལོ་ལས་2.5%འཕར་ཡོད། ཐོན་ལས་གཉིས་པའི་སྤྱི་ལོ2014ལོའི་རིན་ཐང་འཕར་མ་སྒོར་ཁྲི579450ཟིན་པ་དེ་སྤྱི་ལོ2013ལོ་ལས7.6%འཕར་བ་དང་ཐོན་ལས་གཉིས་པའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི316049ཟིན་པ་དེ་སྤྱི་ལོ2013ལོ་ལས1.6%ཆག་པ་དང་། ཐོན་ལས་གསུམ་པའི་སྤྱི་ལོ2014ལོའི་འཕར་ཐང་སྒོར་ཁྲི880827ཟིན་པ་དེ་སྤྱི་ལོ2013ལོ་ལས1.2%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་བསྡུར་ཚད་ནི2:38.4:59.6ཡིན།

7 སྤྱི་ཚོགས་བྱ་གཞག
7_1 ཚན་རིག་ལག་རྩལ།

སྤྱི་ལོ2014ལོར་ཆུས་ཡོངས་སུ་ཚན་རྩལ་མཛོད་འཇུག་རྣམ་གྲངས་ཁག15མངོན་འགྱུར་བྱུང་བའི་ནང་རྒྱལ་ཁབ་ཀྱི་གསར་གཏོད་ཐེབས་རྩའི་རྣམ་གྲངས་ཁག1དང་། ཞིང་ཆེན་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁག2གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁག3བཅས་ཡོད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ60དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ48གསར་དུ་རེ་ཞུ་བྱས་ཡོད། ཁེ་ལས་ལ་རོགས་སྐྱོར་བྱས་པ་བརྒྱུད་ཞིང་ཆེན་གྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས2དང་། གྲོང་ཁྱེར་གྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས1འཛུགས་སྐྲུན་བྱས་ཡོད། ལོ་ཧྲིལ་པོར་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས3གཉེར་བ་དང་འབྲེལ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཧྲོང་ཐཱ་ཆུས་ཀྱི་གཙོ་གནད་ཞིང་ལས་རྟེན་གཞི་དང་དཔེ་སྟོན་དུད་ཚང་ལ་དམིགས་སའི་རང་བཞིན་གྱི་མཛུབ་ཁྲིད་བྱས་པས་དུད་ཚང20ལྷག་ཙམ་དུ་བསྐྱོད་ཡོད། དྲིལ་བསྒྲགས་དཔྱད་ཡིག་དང་ཚན་རྩལ་དཔེ་དེབ་སོགས1000ལྷག་ཙམ་སྤྲད་པ་དང་མི་ཐེངས1000ལྷག་ཙམ་ལ་ཚན་རྩལ་བློ་འདྲི་དང་མཛུབ་ཁྲིད་བྱས།

7_2 སློབ་གསོའི་ལས་དོན།

སྤྱི་ལོ2015ལོར་ཆུས་ཡོངས་སུ་འགྱིག་བཟོས་ལུས་རྩལ་ཐང་གི་སློབ་གྲྭ8བཙུགས་པ་དེས་གྲོང་ཁུལ་གྱི་སློབ་གྲྭའི་གསུམ་ཆ་གཉིས་བཟུང་ཡོད། སློབ་གྲྭ་མང་པོ་ཞིག་གིས་གློག་རྡུལ་དཀར་པང་དང་རྩིས་འཁོར་སོགས་སློབ་ཁྲིད་ཡོ་བྱད་དང་སྒྲིག་ཆས་མང་དུ་བཏང་བ་དང་། སློབ་གཉེར་དེང་རབས་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་ ཕྱིན་ཡོད། དཀར་པང་སློབ་ཁྲིད་དེ་གྲོང་ཁུལ་གྱི་སློབ་གྲྭའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། ཝུན་ཧྭ་ལམ་སློབ་ཆུང་གི་གསར་དུ་བསྐྲུན་པའི་ལུས་རྩལ་ཁང་གི་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ664ཟིན་ཡོད། ནང་དུ་ལན་ཆིའུ་སྤོ་ལོ་དང་། བྱ་སྒྲོའི་སྤོ་ལོ། ཕིང་ཕང་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་སོགས་རྒྱག་ས་ཡོད།

7_3 རིག་གནས་ལས་དོན།

སྤྱི་ལོ2014ལོར་པེ་ཐཱ་ཐང་ཆེན་དུ“གྲགས་སྐར་དག་གིས་ལིང་ཧུ་ལ་བསྟོད་གླུ་ལེན”ཞེས་པའི་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང“འཁྲབ་སྟོན་གྲོང་གསེབ་ཏུ་སྐྱེལ་བའི”བྱེད་སྒོ་སྤེལ་ནས་ཁྱོན་འཁྲབ་སྟོན་ཐེངས100བྱས་པ་དང་། “ཧྲོང་ཐ་ཆུས་རིག་རྩལ་བཞོན་པའི་ཡན་ལག་རུ་ཁག་གིས་ཚན་རྩལ་དཔེ་དེབ2000ལྷག་ཙམ་སྤྲད་པ་དང་། གྲོང་གསེབ་ཀྱི་དཔེ་དེབ་ཁང49ལ་དཔེ་དེབ་ཆིག་ཁྲི་ཆིག་སྟོང་ལྷག་ཙམ་སྤྲད་པ་དང“སྡེ་ཁུལ་གྱི་དཔེ་དེབ་ཁང”17མཉམ་སྐྲུན་བྱས་པ་དང་ཁྱོན་དཔེ་དེབ་ཁྲི3.4ལྷག་ཙམ་སྡེབ་སྐྱེལ་བྱས། “ཝང་ཀྲི་མིན་རྩ་བརྐོས་ལག་རྩལ”གྱིས་བརྙན་སྒྲ་དང་ཡི་གེའི་རྒྱུ་ཆ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་སྙན་འབུལ་ཞུ།

7_4 ལུས་རྩལ་བྱ་གཞག

སྤྱི་ལོ2014ལོར་ཧྲོང་ཐཱ་ཆུས་ཀྱི་ལུས་རྩལ་མི་འབོར་ཁྲི20ཙམ་ཟིན་པ་དེས་མི་འབོར་ཡོངས་ཀྱི48%བཟུང་ཡོད། རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་འགྲན་བསྡུར་བྱེད་སྒོར་ཧུར་ཐག་ངང་ཞུགས་པ་དང་འབྲེལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཧྲོང་ཐཱ་ཆུས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐོག་དངུལ་གྱི་རྟགས་མ་གསུམ་ཐོབ། ལིའོ་ཉིང་ཞིང་ཆེན་གྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་ཐོག་གསེར་གྱི་རྟགས་མ་གཉིས་དང་དངུལ་གསུམ་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

7_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2015ལོར་ཆུས་ཡོངས་སུ་ཁྱོན་ཞིང་ལས་མི་འབོར་ཁྲི9.07གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་པ་དང་སྤྱི་ལོ2014ལོ་ལས་མི200ལྷག་ཙམ་མང་དུ་ཕྱིན་ནས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.07%ཟིན་པ་དང་། དེའི་ནང་དམངས་སྲིད་སྨན་བཅོས་རོགས་སྐྱོར་བྱ་ཡུལ3876ཡོད་པ་དང་མཉམ་ལས་ནང་ཞུགས་ཚད100%ཟིན་ཡོད། ལོ་ཧྲིལ་པོར་མི་ཐེངས40285ལ་སྨན་བཅོས་ཁ་གསབ་ཐོབ་པ་དང་ཁ་གསབ་ཐེབས་རྩའི་གཏོང་སྒོ་སྒོར་ཁྲི2480.49ཟིན་ཡོད།

7_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2015ལོར་ལྗོངས་ཡོངས་ཀྱི་ཁེ་ལས་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་འགན་བཅོལ་ནང་ཞུགས་མཁན27496ཡོད་པའི་ནང་ལས་ཐོག་ལས་བཟོ་པ22500ཞུགས་པ་དང་། ལོ་ཧྲིལ་པོར་ཁེ་ལས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩས་རིམ་རྩིས་བྱས་ན་སྒོར་ཁྲི14534བསྡུ་ལེན་བྱས་པའི་ནང་སྤྱི་འདོམས་ཐེབས་རྩ་སྒོར་ཁྲི10011དང་། མི་སྒེར་གྱི་རྩིས་ཁྲའི་ཐེབས་རྩས་སྒོར་ཁྲི4523བསྡུ་ལེན་བྱས། འགྲོ་གྲོན་སྒོར་ཁྲི9567བཏང་། མི་སྒེར་གྱི་རྩིས་ཁྲར་ཟླ་རེར་གོང་འབུལ་བྱེད་ཚད100%ཟིན་ཡོད། སྨན་བཅོས་འགན་བཅོལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཁྱོན་འགན་བཅོལ་ནང་ཞུགས་པའི་མི15200ཡོད་པའི་ནང་ནོར་སྲིད་ཀྱི་དངུལ་གཏོང་ཚན་པའི་ལས་ཐོག་ལས་བཟོ་ཁྱོན6437ཡོད་པ་དང་། ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྱོན4746ཡོད། མི662སྟབས་བསྟུན་ལས་ཞུགས་ཐུབ་ཡོད། སྤྱི་ཕན་ལས་གནས་ཐོག་གི་མི1724དང་། མི4050ཡི་མི171ཡོད། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན1460བཅས་ཡོད། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ཁྱོན་སྒོར་ཁྲི1984ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།