ཞའོ་ནན་ཆུས།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-25 09:46ལ་འགྲུབ།

ཞའོ་ནན་ཆུས།

ཞའོ་ནན་ཆུས།
ཞའོ་ནན་ཆུས་ནི་ཞའོ་ཀན་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཡིན། ཞའོ་ནན་ཆུས་ནི་ཅང་ཧན་བདེ་ཐང་གི་བྱང་ཕྱོགས་སུ་གནས་པ་དང་། ཝུའུ་ཧན་དང་ཐག་ཉེ། དེ་ནི་ཧུའུ་པེའི་ནུབ་བྱང་དང་ཧུའུ་པེ་བྱང་ཤར་གྱི་འགྲིམ་འགྲུལ་འགག་མདོ་ཞིག་ཡིན་ལ། འབྲི་ཆུའི་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཆུས་ཡོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1020ཡོད། སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི107ཡོད། ཆུས་མི་དམངས་སྲིད་གཞུང་ནི་དཔེ་དེབ་ཁང་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། ཆུས་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ8དང་། ཁྲོམ་གཞུང4 ཤང3 ར་བ3བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孝南区
ཕྱི་ཡིག་གི་མིང་།
Xiaonan District
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧྭ་དབུས། ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4དང་། གྲོང་རྡལ8 ཤང2 དོན་གཅོད་ཁང2
སྲིད་གཞུང་གནས་ཡུལ།
དཔེ་ཁང་སྲང་ལམ་ཨང5པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0712
སྦྲག་སྲིད་ཨང་རྟགས།
432100
གནས་ཡུལ།
ཞའོ་ཀན་གྲོང་ཁྱེར་གྱི་ཤར་ཕྱོགས།
མི་གྲངས།
མི་ཁྲི107(སྤྱི་ལོ2016ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞའོ་ཀན་གནའ་བོའི་པ་ཅིན། ཐེན་ཙི་མཚེའུའི་སྐྱེ་ཁམས་སྤྲོ་གསེང་ཁུལ། ཁམ་བུའི་མེ་ཏོག་གནའ་ས། ཏུང་ཡུང་བང་སོ་སོགས།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཞའོ་ཀན་ས་ཚིགས། ཞའོ་ཀན་བྱང་ཚིགས། ཞའོ་ཀན་ཤར་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)K
སྲིད་འཛིན་ས་ཁུལ་ཚབ་ཨང་།
420902
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར316.48(སྤྱི་ལོ2017ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཧུའུ་པེ་ཞིང་ཆེན་གྱི་ཞའོ་ཀན་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཆུ་བོའི་ལྷོ་ཕྱོགས་ཀྱི་ཞིན་ཨན་ཏུའུ་སོགས་ས་ཁུལ་ཝུའུ་ཧན་གྲོང་ཁྱེར་གྱི་ཁོངས་སུ་བགོས། སྤྱི་ལོ1966ལོའི་ཟླ་9པར། ཞའོ་ཀན་རྫོང་དེ་ཏུང་ཧྥེང་རྫོང་དུ་བསྒྱུར་ཞིང་། ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཞའོ་ཀན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1969ལོའི་ཟླ2པའི་ཚེས2ཉིན། ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་འཐད་པ་བྱུང་ནས། ཏུང་ཧྥེང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ“ཞའོ་ཀན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང”དུ་བསྒྱུར་ཞིང་། ཧུའུ་པེ་ཞིང་ཆེན་ཞའོ་ཀན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1984ལོར་ཞའོ་ཀན་རྫོང་མེད་པར་བཟོས་ནས་རྫོང་རིམ་པའི་ཞའོ་ཀན་གྲོང་ཁྱེར་བཙུགས་པ་དང་། ཞའོ་ཀན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཞའོ་ཀན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བརྩིས་ཤིང་། སྤྱི་ལོ1984ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཞའོ་ཀན་གྲོང་ཁྱེར་གྱི་ཐམ་ཀ་སྤྱད་ཅིང་། ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཞའོ་ཀན་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1993ལོའི་ཟླ4པར་ཞའོ་ཀན་ས་ཁུལ་མེད་པར་བཟོས་པ་དང་། ས་ཁུལ་རིམ་པའི་ཞའོ་ཀན་གྲོང་ཁྱེར་བཙུགས། དེ་སྔའི་རྫོང་རིམ་པའི་ཞའོ་ཀན་གྲོང་ཁྱེར་གཉིས་སུ་བགོས་པ། དེའི་བྱང་རྒྱུད་དུ་ཞའོ་ཁྲང་རྫོང་བཙུགས་པ་དང་། ལྷོ་རྒྱུད་དུ་ཞའོ་ནན་ཆུས་བཙུགས། ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཞའོ་ཀན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཞའོ་ནན་ཆུས་ཁོངས་སུ་ཕང་ཤིན་དང་ཨོ་རོང་ཤང2དང་། ཤིན་ཕུའུ་དང་། ཤིས་ཧོ། དབྱང་སུའོ། ཞའོ་ཀང་། ཏོའུ་ཀང་། མའོ་ཁྲེང་། སན་ཡུས། ཀྲུའུ་ཀྲན་བཅས་གྲོང་རྡལ8 ཤིན་ཧྭ་དང་། ཧྲུའུ་ཡོན། གོང་ཁྲང། ཁྲེ་ཀྲན་བཅས་ཁྲོམ་གཞུང4 ཀྲུའུ་ཧུའུ་དང་ཏུང་ཧྲན་ཐོའུ་དོན་གཅོད་ཁྲུའུ2 ཞིང་ཆེན་རིམ་པའི་ཤའོ་ནན་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན77ཡོད་པའི་ནང་གྲོང་ཁྱེར་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན39དང་། གྲོང་གསེབ་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན38(གྲོང་སྡེ་ཚོགས་པ་མཉམ་དུ་གནས་པ་ཚུད་པ)ཡོད་པ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང308(ཀྲུའུ་ཧུའུ་མཚེའུ་ཡི་ཐོན་སྐྱེད་རུ་ཆེན29ཚུད་པ་ལས་གྲོང་སྡེ་ཚོགས་པ་མཉམ་དུ་གནས་པའི་གྲོང་ཚོ34ཚུད་མེད) ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞའོ་ནན་ཆུས་ནི་ཞའོ་ཀན་གྲོང་ཁྱེར་དུ་གནས་པ་དང་། ཤར་གྱི་གཞུང་ཐིག113º50'—114º11'དང་། བྱང་གི་འཕྲེད་ཐིག30º47'—31º9'བར་ཆགས་ཡོད། འབྲི་ཆུའི་བྱང་ངོས་དང་། ཏ་པེ་ཧྲན་དང་ཐུང་པའེ་རི་རྒྱུད་ཀྱི་ལྷོ་རྒྱུད། ཅང་ཧན་བདེ་ཐང་གི་བྱང་ཤར་རྒྱུད། ཆུས་ཁོངས་ཤར་ངོས་ཝུའུ་ཧན་གྲོང་ཁྱེར་ཧོང་པེ་ཆུས་དང་འབྲེལ་ཡོད། ལྷོ་ནི་ཧན་ཁྲོན་གྲོང་ཁྱེར་དང་ཝུའུ་ཧན་གྲོང་ཁྱེར་ཏུང་ཤིས་ཧུའུ་ཆུས་དང་འབྲེལ་ཡོད་ལ། ནུབ་ངོས་ཡུན་མོང་རྫོང་དང་འབྲེལ། བྱང་ངོས་ཞའོ་ཁྲང་རྫོང་དང་འབྲེལ་ཡོད། གྲོང་ཁུལ་གྱི་བྱང་ངོས་ནས་པེ་ཅིང་གྲོང་ཁྱེར་བར་གྱི་ལྕགས་ལམ་ལམ་ཐག་སྤྱི་ལེ1152ཡིན་པ་དང་། ལྷོ་ངོས་ནས་དབུས་རྒྱུད་ཀྱི་གྲོང་ཁྱེར་ཆེ་ཤོས་ཝུའུ་ཧན་གྲོང་ཁྱེར་བར་གྱི་ལྕགས་ལམ་ལམ་ཐག་སྤྱི་ལེ70དང་གཞུང་ལམ་ལམ་ཐག་སྤྱི་ལེ62ཡོད། ཝུའུ་ཧན་ཐན་ཧོ་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྤྱི་ལེ35ལས་མེད་པ་རེད།

3_2 ས་དབྱིབས།

ཞའོ་ནན་ཆུས་ཀྱི་ས་བབ་བྱང་ཤར་དུ་མཐོ་བ་དང་། ལྷོ་ནུབ་ཏུ་དམའ་ཞིང་། བདེ་ཐང་མཚེའུ་ཁུལ་གཙོ་བོ་ཡིན་པ་དང་། མངའ་ཁོངས་སུ་ཆུ་བོ་མང་པོ་ཡོད། ས་དབྱིབས་ལ་གཙོ་བོ་བདེ་ཐང་དང་དེའུ་འབུར་རིགས་གཉིས་ཡོད།

3_3 ནམ་ཟླ།

ཞའོ་ནན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད16.2℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1146ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2025ཡིན།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།     

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཞའོ་ནན་ཆུས་སུ་དུད་ཚང་བསྡོམས་འབོར281321དང་མི་འབོར་བསྡོམས་འབོར845514ཡོད། དེའི་ནང་ཞིང་ལས་མི་འབོར603089དང་། ཞིང་ལས་མིན་པའི་མི་འབོར242425ཡོད་པ་དང་། སྐྱེས་པ436099དང་བུད་མེད409415ཡོད། མི་གྲངས་བསྡོམས་འབོར་ཁྲོད་ལོ18མན་གྱི་མི་གྲངས141409ཡོད་པ་དེས16.7%བཟུང་བ་རེད། ལོ18ནས35བར་གྱི་མི་འབོར256776ཡོད་པ་དེས30.4%བཟུང་བ་དང་། ལོ35ནས60བར་གྱི་མི་འབོར326157ཡོད་པ་དེས38.6%བཟུང་ཡོད། ལོ་60ཡན་གྱི་མི་འབོར་121172ཡོད་པ་དེས14.3%བཟུང་ཡོད་པ་དང་། མི་འབོར་མང་ཤོས་ནི་ཞའོ་ཀང་གྲོང་རྡལ་ཡིན་ལ་མི106031ཡོད་པ་དང་། དེ་རྗེས་ཐང་ཆེན་ཁྲོམ་གཞུང་ཡིན་ལ་མི102770ཡོད། མི་འབོར་ཉུང་ཤོས་ནི་ཏུང་ཧྲན་ཐིག་ཡིན་པ་དང་མི་གྲངས10171ཡོད་པ་རེད།     

4_2 མི་རིགས།

ཞའོ་ནན་ཆུས་སུ་ད་ཆ་གྲངས་ཉུང་མི་རིགས30ཡོད་པ་དང་ཐེམ་ཐོ་རྒྱུན་སྡོད་མི་འབོར2713(གྲོང་ཁྱེར་ཐད་གཏོགས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་མི805ཚུད་པ)ཡོད་པ་རེད། གཞན་ཡང་ཤིན་ཅང་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་ནས་ཞའོ་ནན་ཆུས་སུ་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སྐབས་སྡོད་མི་གྲངས1260ཙམ་ཡོད་པའི་ནང་ཤང་གྲོང་གི་མི་གྲངས300ཙམ་ཡོད་པ་རེད། 

5 དཔལ་འབྱོར།

སྤྱི་ལོ2012ལོར་ཞའོ་ནན་ཆུས་ཀྱི་ཐོན་ལས་གྲུབ་ཆ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད19.9:35.3:44.8ཡིན་པ་དེ་སྤྱི་ལོ1993ལོར་ཆུས་འཛུགས་སྐབས་ལས19.4ཆག་པ་དང་བརྒྱ་ཆའི་གྲངས7.4དང12འཕར་བ་དེ་སྤྱི་ལོ2000ལོ་ལས14.8ཆག་པ་དང་བརྒྱ་ཆའི་གྲངས10དང4.9འཕར་བ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད་སྤྱི་ལོ1993ལོའི60.7%ནས80.2%བར་འཕར་ཡོད། 

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 སློབ་གསོ།     

ཆུས་ཡོངས་སུ་ད་ཆ་གཞུང་བཙུགས་སློབ་གྲྭ99ཡོད་པའི་ནང་མཐོ་རིམ་སློབ་འབྲིང4དང་། དམའ་རིམ་སློབ་འབྲིང19 སློབ་ཆུང74 དམིགས་བསལ་སློབ་གྲྭ་དང་ལས་རིགས་སློབ་གྲྭ་གཅིག་རེ་བཅས་ཡོད། ད་ཆ་དགེ་རྒན་དང་ལས་བཟོ་བ4792ཡོད་པའི་ནང་ཆེད་བསྐོས་དགེ་རྒན4513ཡོད་པ་དང་། ད་ལྟ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ60059ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ8981དང་། དམའ་རིམ་སློབ་འབྲིང་གི་སློབ་མ16056 སློབ་ཆུང་སློབ་མ33710 སློབ་གྲྭ་དམིགས་བསལ་ཅན58 ལས་རིགས་སློབ་གྲྭ1254བཅས་ཡོད། ད་ཆ་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི207ཡོད་པ་དང་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི82.14ཡོད། 

6_2 ལུས་རྩལ།      

ལུས་རྩལ་མདའ་འཕེན་ནི་ཞའོ་ནན་ཆུས་དང་ཐ་ན་ཞའོ་ཀྲེན་གྲོང་ཁྱེར་གྱི་ཁུ་ཚུར་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་ལུས་རྩལ་མདའ་འཕེན་འགྲན་བསྡུར་རིམ་བྱུང་ནང་ཨང་དང་པོ་ཡིན་ཞིང་། སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ལུས་རྩལ་མདའ་འཕེན་ལུས་རྩལ་རུ་ཁག་ལ་ཧོང་ཅུན་ཕིང་དང་ཐང་ཧུང་ཞ་སོགས་ཕུལ་བྱུང་ལུས་རྩལ་པ་གསོ་སྐྱོང་བྱས་པ་རེད།      སྤྱི་ལོ2012ལོར་ཞའོ་ནན་ཆུས་ཡོངས་ཀྱི་རིག་རྩལ་བྱེད་སྒོའི་ལྟེ་གནས17དང་། རིག་རྩལ་བྱེད་སྒོ་ཁང270 ནུས་མང་ལུས་སྦྱོང་ཁང5 ལུས་སྦྱོང་སྤྲོ་སྐྱིད་ཁང2 ཕིང་ཕང་སྤོ་ལོ་སྦྱོང་བརྡར་རྟེན་གཞི5 ལན་ཆིའུ་སྤོ་ལོ་ཐང136 རྐང་རྩེད་སྤོ་ལོའི་ཐང10 སྒོ་ཕྱིའི་སྤོ་ལོ་ཐང2 མཆོང་རྒྱུག་ལུས་རྩལ་ར་བ33 ཞོགས་དགོང་སྦྱོང་བརྡར་བྱེད་ས50བཅས་ཡོད། 

6_3 འཕྲོད་བསྟེན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི74ཡོད་པའི་ནང་འཕྲོད་བསྟེན་སྡེ་ཚན48དང་སྤྱི་ཚོགས་དང་མི་སྒེར་གྱིས་གཉེར་བའི་སྨན་བཅོས་སྒྲིག་གཞི26ཡོད་པ་རེད། དོན་དངོས་ཐོག་ནད་ཁྲི2036སྒོ་ཕྱེ་བ་དེའི་ནང་འཕྲོད་བསྟེན་སྡེ་ཚན1878དང་། སྤྱི་ཚོགས་དང་མི་སྒེར་གྱིས་གཉེར་བའི་སྨན་བཅོས་སྒྲིག་གཞི158བཅས་ཡོད་པ་རེད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས4དང་ཞབས་ཞུའི་ས་ཚིགས17བཅས་ཡོད་པ་རེད། ཆུས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་མི་གྲངས་བསྡོམས་འབོར3030ཡོད་པ་དང་། ལས་ཐོག་དངོས་སུ་ལས་གནས་ཐོག་ཡོད་པའི་མི་གྲངས2156དང་། འཕྲོད་བསྟེན་ལག་རྩལ་མི་སྣ1938 མཐོ་རིམ་གོ་མིང་ཡོད་མཁན175 འབྲིང་རིམ་གོ་མིང་ཡོད་མཁན937 དམའ་རིམ་གོ་མིང་ཡོད་མཁན698བཅས་ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣས་ལས་གནས་ཐོག་ཡོད་པའི་མི་གྲངས་ཀྱི89.9%ཟིན་ཡོད། ལས་ཐོག་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་དང་། ཆེད་ཚན་སློབ་གྲྭ་ཆེ་མོ706 འབྲིང་རིམ་ཆེད་ལས་སློབ་གྲྭ་ཆེ་མོ653 མཐོ་རིམ་སློབ་འབྲིང་མན་གྱི་སློབ་མ172བཅས་ཡོད་པ་རེད། སྤྱི་ལོ2012ལོའི་ལོ་མཇུག་བར་དུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་ཁྱོན་བསྡོམས་ཁྲི58.07བཟོས་ཡོད། སྤྱི་ལོ2011ལོའི་ཟླ5པའི་ཚེས31ཉིན་དང་ཟླ10པའི་ཚེས31ཉིན་ཤང་གྲོང་འཕྲོད་བསྟེན་ཁང་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ཁག་སོ་སོར་ལག་ལེན་བསྟར་ནས་ཁྱབ་ཚད100%ཟིན་ཡོད་པ་རེད། གཞི་རྩའི་སྨན་རྫས་སྣ་ཁ484ཚང་མ་བཀོད་སྒྲིག་དང་བེད་སྤྱོད་བྱས་པ་དང་། སྨན་རྫས་ཚང་མར་ཁེ་མེད་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། 

6_4 དམངས་སྲིད།     

སྤྱི་ལོ2012ལོར་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་རོགས་སྐྱོབ་དུད་ཚང12797གྱི་མི31327ལ་ཟླ་རེར་ཆ་སྙོམས་སྒོར20མཐོ་རུ་བཏང་བ་དང་། ཟླ་རེར་ཆ་སྙོམས་རོགས་སྐྱོབ་ཀྱི་ཚད་གཞི་སྒོར172ཡིན། ལོ་རེར་མ་དངུལ་སྒོར་ཁྲི6572སྤྲད་པ་རེད། སྤྱི་ལོ2012ལོར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱིས་དུད་ཚང15300ཡི་མི27016ལ་ལོ་རེར་མ་དངུལ་སྒོར་ཁྲི2511སྤྲད་པ་རེད། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཡོངས་བསྒྲགས་ལོའི”བྱེད་སྒོའི་ཁྲོད་ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང793གྱི་མི2069མེད་པ་བཟོས་པ་དང་དུད་ཚང949ཡི་མི2043མང་དུ་ཕྱིན་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང702ཀྱི་མི1836མེད་པ་བཟོས་པ་དང་དུད་ཚང1409དང་མི2261མང་དུ་ཕྱིན་ཡོད། ཞིང་ཆེན་དམངས་སྲིད་ཐིང་གིས“ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཡོངས་བསྒྲགས་བྱེད་སྒོའི་སྔོན་ཐོན་ཚན་པར”གཟེངས་བསྟོད་བྱས་པ་རེད། 

7 མཚན་སྙན།

སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན་རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཆུས།