ཝུའུ་ཆི་རྫོང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-26 09:17ལ་འགྲུབ།

ཝུའུ་ཆི་རྫོང་།

ཝུའུ་ཆི་རྫོང་།
ཝུའུ་ཆི་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ཡན་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ཡན་ཨན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཤིང་། ནུབ་བྱང་ཏིང་པེན་རྫོང་དང་འབྲེལ་ལ། ཤར་ལྷོར་ཀྲི་ཏན་རྫོང་དང་འབྲེལ་ཞིང་། བྱང་ཤར་ཅིན་པེན་རྫོང་དང་ལྷོ་ནུབ་ཏུ་ཀན་སུའུ་ཧྭ་ཁྲི་རྫོང་གཉིས་ལ་འབྲེལ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1233ནས1809བར་ཡིན། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་མི་མངོན་པའི་ནུས་པ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཡིན། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་བསྐྱར་དུ་ངོས་འཛིན་བྱས། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་བརྒྱའི་རྫོང་གི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴起县
ཕྱི་ཡིག་མིང་།
Wuqi County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ3791.5
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར།
མི་གྲངས།
མི་ཁྲི་15.21(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
མངའ་ཁོངས།
གྲོང་རྡལ8སྲང་ལམ་གཞུང་ལས་ཁང1
ནམ་ཟླ།
དྲོ་རྒྱུད་སྐམ་ས་ཆེན་པོའི་རང་བཞིན་གྱི་ཐན་ཕྱེད་ནམ་ཟླ།
སྲིད་གཞུང་གནས་ཡུལ།
ཝུའུ་ཆི་སྲང་ལམ།
མཛེས་ལྗོངས་གྲགས་ཅན།
གསར་བརྗེའི་གནའ་ཤུལ་དང་ལྕགས་རི་རིང་པོ་སོགས།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0911
གནམ་གྲུ་ཐང་།
ཡན་ཨན་ཨར་ཧྲི་ལེ་གནམ་གྲུ་ཐང་དང་ཡན་ཨན་ནན་ཝན་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
717600
མེ་འཁོར་ས་ཚིགས།
ཡན་ཨན་ས་ཚིགས།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད།
རླངས་འཁོར་ཚབ་ཨང་།
ཧྲའནJ(陕J)
སྲིད་འཛིན་ཚབ་ཨང་།
610626
ཐེམ་ཐོའི་མི་འབོར།
མི་ཁྲི་14.60(སྤྱི་ལོ2017ལོ)
1 ​ངོ་སྤྲོད།

ཝུའུ་ཆི་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་ཡན་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ཡན་ཨན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཤིང་། ནུབ་བྱང་ཏིང་པེན་རྫོང་འབྲེལ་ལ། ཤར་ལྷོར་ཀྲི་ཏན་རྫོང་དང་འབྲེལ་ཞིང་། བྱང་ཤར་ཅིན་པེན་རྫོང་དང་ལྷོ་ནུབ་ཏུ་ཀན་སུའུ་ཧྭ་ཁྲི་རྫོང་གཉིས་ལ་འབྲེལ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1233ནས1809བར་ཡིན།

སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་མི་མངོན་པའི་ནུས་པ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཡིན།

སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་བསྐྱར་དུ་ངོས་འཛིན་བྱས། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་བརྒྱའི་རྫོང་གི་གྲས་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1942ལོར་ཝུའུ་ཆི་རྫོང་བཙུགས་པ་དང་། ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཡན་ལག་དམག་ཁུལ་ཁང་གི་ཁོངས་སུ་གཏོགས།

སྤྱི་ལོ1949ལོར་ཝུའུ་ཆི་རྫོང་མེད་པར་བཟོས་པ་དང་། སྤྱི་ལོ1950ལོར་ཝུའུ་ཆི་རྫོང་སླར་གསོ་བྱས་ཤིང་། ཧྲའན་ཞི་ཞིང་ཆེན་ཡན་ཨན་ཡན་ལག་དམག་ཁུལ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1955ལོའི་ཟླ5པར་ཧྲའན་ཞི་ཞིང་ཆེན་ཡན་ཨན་ཀྲོན་ཡོན་ཀུང་ཧྲུའུ་བསྒྱུར། སྤྱི་ལོ1958ལོར་ཝུའུ་ཆི་རྫོང་དང་ཀྲི་ཏན་རྫོང་གཉིས་ཟླ་སྒྲིལ་བཏང་། སྤྱི་ལོ1961ལོར་ཝུའུ་ཆི་རྫོང་གི་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ1968ལོར་ཡན་ཨན་ས་ཁུལ་དུ་གཏོགས། སྤྱི་ལོ1996ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡན་ཨན་ས་ཁུལ་ནས་ཡན་ཨན་གྲོང་ཁྱེར་འཛུགས་པར་ཆོག་མཆན་བཀོད་པ་དང་། ཝུའུ་ཆི་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ2005ལོའི་ཟླ10པའི་ཚེས19ཉིན་དངོས་སུ་ཝུའུ་ཆི་རྫོང་ཞེས་མིང་བསྒྱུར་པ་དང་། སྔར་བཞིན་ཡན་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2011ལོར་ཝང་ཙི་ཡུལ་ཚོ་ཐེ་པེན་གྲོང་རྡལ་དང་ཟླ་སྒྲིལ་བཏང་། ཞུའེ་ཁྲ་ཡུལ་ཚོ་དང་ཤིན་ཀྲའེ་ཡུལ་ཚོ་གཉིས་ཝུའུ་ཆི་གྲོང་རྡལ་དང་ཟླ་སྒྲིལ་བཏང་། ཝུའུ་ཆི་རྫོང་གི་མངའ་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ3ཡོད་པ་སྟེ། ཝུའུ་ཆི་གྲོང་རྡལ། ཐའེ་པེན་གྲོང་རྡལ། ཀྲོའུ་ཝན་གྲོང་རྡལ། པའེ་པའོ་གྲོང་རྡལ། ཀྲེང་ཀོན་མའོ་གྲོང་རྡལ། ཁྲང་ཁྲང་གྲོང་རྡལ། ཝུའུ་ཚང་པའོ་ཡུལ་ཚོ། མིའོ་ཀོའུ་ཡུལ་ཚོ།ཝུའུ་ཀུའུ་ཡུལ་ཚོ། ཝུའུ་ཀུའུ་ཡུལ་ཚོ་བཅས་ཡིན།

4 ས་ཁམས་ཁོར་ཡུག

ཝུའུ་ཆི་རྫོང་ནི་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཤིང་། ནུབ་བྱང་དུ་ཏིང་པེན་རྫོང་དང་འབྲེལ་ཞིང་། ཤར་ལྷོར་ཀྲི་ཏན་རྫོང་དང་འབྲེལ་ཡོད། བྱང་ཤར་དུ་ཅིན་པེན་རྫོང་དང་། ལྷོ་ནུབ་ཏུ་ཀན་སུའུ་ཧྭ་ཁྲི་རྫོང་གཉིས་ལ་འབྲེལ་ཡོད། ཤར་གྱི་གཞུང་ཐིག107°38′57″-108°32′49″དང་། བྱང་གི་འཕྲེད་ཐིག36°33′33″-37°24′27″བར་དུ་གནས། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ93.4དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ་79.89དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3791.5ཡོད།

5 མི་གྲངས།

སྤྱི་ལོ2012ལོར་ཝུའུ་ཆི་རྫོང་ལ་ཁྱོན་མི་འབོར་ཁྲི13.4ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི10.5ཡོད། མི་འབོར་འདུས་ཚད་ནི་མི33/སྤྱི་ལེ་གྲུ་རེ་ཡིན།

6 དཔལ་འབྱོར།

སྤྱི་ལོ2008ལོར་ཝུའུ་ཆི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར80.8ལེགས་གྲུབ་བྱུང་བ་དེ22.3%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར53.2བཏང་ནས15.5%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར26.8ཟིན་པ་དེའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར14.8ཟིན་ནས17.3%དང8.5%སོ་སོར་འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར3658ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.6ཟིན་ནས20.6%འཕར་ཡོད།

སྤྱི་ལོ2011ལོར་ཝུའུ་ཆི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར171.6ཟིན་ནས14.5%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར36.4ཟིན་པ་དེའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར20.7ཟིན་ནས13.1%དང16.8%སོ་སོར་འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6878དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22781ཟིན་ནས25.1%དང17.9%སོ་སོར་འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར4.56ཟིན་ནས17.4%འཕར་ཡོད།

སྤྱི་ལོ2012ལོར་ཝུའུ་ཆི་རྫོང་གི་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར201.07ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས10.2%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར53.2ཟིན་པའི་ནང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར26.34ཟིན་ནས46.1%དང27%སོ་སོར་འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར140བཏང་ནས31.2%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར5.3ཟིན་ནས15.9%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26744ཟིན་པ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8005ཟིན་ནས17.4%དང16.4%སོ་སོར་འཕར་ཡོད།

6_1 ཐོན་ལས་དང་པོ།

སྤྱི་ལོ1998ལོའི་གོང་དུ་ཝུའུ་ཆི་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི185.5ཟིན་པ་དང་མི་རེར་ཆ་སྙོམས་མུའུ16.6ཟིན་ཡོད།  རྫོང་ཡོངས་སུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར7མངོན་འགྱུར་བྱུང་ནས4%འཕར་ཡོད། རྫོང་ཡོངས་ཀྱི་འབྲུ་རིགས་ཏུན་ཁྲི5.8དང་སྔོ་ཚལ་ཏུན་ཁྲི7.5ཐོན་སྐྱེད་བྱས། ཤིང་འབྲས་ར་བ་མུའུ4000གསར་དུ་བསྐྲུན་པ་དང་། གསོ་སྐྱོང་གླིང་རྙིང་པ་མུའུ་ཁྲི2བསྒྱུར་བཀོད་བྱས། ལུག་ར་དང་། ཕག་ར། བྱ་གསོ་ར་བ་བཅས31བསྐྲུན། ལུག་དང་། ཕག་པ། ཁྱིམ་བྱ་བཅས་གསོ་ཚགས་བྱེད་ཚད་ཁྲི19.5ཡིན།

6_2 ཐོན་ལས་གཉིས་པ།

རྡོ་སྣུམ་བཟོ་ལས་ནི་ཝུའུ་ཆི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ལ། དེའི་ནང་སྤྱི་ལོ2003ལོ་ནས་བཟུང་དེའི་མ་བཅོས་རྡོ་སྣུམ་ཐོན་ཚད་ལོ་ལྟར་ཏུན་ཁྲི30རིམ་འཕར་བྱུང་ཡོད།

སྤྱི་ལོ2012ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར229.5ཟིན་ནས9.5%འཕར་བ་དང་། མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི548.7ལེགས་གྲུབ་ཟིན། རྡོ་སྣུམ་ཏུན་ཁྲི228.9ཐོན་སྐྱེད་བྱས་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2003ལོར་ཝུའུ་ཆི་རྫོང་གི་མ་དངུལ་སྒོར་དུང་ཕྱུར3ལྷག་ཙམ་བཏང་ནས་སྣུམ་ལམ་སྤྱི་ལེ201.65གསར་བཟོ་བྱས་པ་དང་། གྲོང་གསེབ་ཀྱི་རིམ་པ་བཞི་པའི་རྡོ་ལམ་སྤྱི་ལེ256གསར་བཟོ་བྱས། ཟམ་པ312གསར་བཟོ་བྱས། རྡོ་སྣུམ་ཐོན་སྐྱེད་ལམ་སྤྱི་ལེ780གསར་བཟོ་བྱས་་པ་དང་། གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་སྤྱི་ལེ་452སྒྱུར་བཀོད་བྱས།

སྤྱི་ལོ2004ལོར་རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ1606.3ཟིན་ནས་རྫོང་དང་ཡུལ་ཚོའི་གཞུང་ལམ་སྣུམ་ནག་ཅན་དུ་འགྱུར་བ་དང་གྲོང་གསེབ་ཀྱི་གཞུང་ལམ་བྱེ་རྡོ་ཅན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལས་དོན་ལ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་གཉིས་ཐོབ་མྱོང་།

7 འཕྲོད་བསྟེན་ལས་དོན།

སྤྱི་ལོ2012ལོར་ཝུའུ་ཆི་རྫོང་གི་སྨན་ཁང་གནས་སྤོས་འཛུགས་སྐྲུན་གྱི་ལས་གྲྭ་མཇུག་འགྲིལ་ནས་ནང་ཁུལ་གྱི་མཛེས་བཟོ་དང་སྒྲིག་ཆས་ཉོ་སྒྲུབ་ཀྱི་དུས་ལ་སླེབས་པ་དང་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་སྨན་རྫས“གཅིག་གྱུར་གསུམ”གྱི་ལམ་ལུགས་སྔོན་ལ་ལག་བསྟར་བྱས་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་མི་མངོན་པའི་ནུས་པ་ལྡན་པའི་རྫོང་བརྒྱ་དང་གྲོང་ཁྱེར་གསུམ་དུ་བདམས།

སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་གྲོང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་རྫོང་བརྒྱའི་གྲས་སུ་བདམས།

སྤྱི་ལོ2019ལོའི་ཀྲུང་གོ་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཝུའུ་ཆི་རྫོང་།