ཀོང་ལིང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:36ལ་འགྲུབ།

ཀོང་ལིང་ཆུས།

ཀོང་ལིང་ཆུས།
ཀོང་ལིང་ཆུས་ནི་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཆུས་གཙོ་བོ་ཞིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་དབུས་ཁུལ་དང་། འབྲི་ཆུ་དང་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོའི་འབྲེལ་མཚམས་སུ་གནས་ཡོད་ཅིང་། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ341.96ཡོད་པ་དང་མི་འབོར་ཁྲི49.82(སྤྱི་ལོ2013ལོའི་ལོ་མཇུག་ཏུ)ཡོད་པ་རེད། སྤྱི་ལོ2014ལོའི་བར་ཀོང་ལིང་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ6 ཤང1བཅས་ཡོད་པ་དང་ཁྱོན་སྡེ་ཁུལ54དང་གྲོང་ཚོ83ཡོད་པ་རེད སྤྱི་ལོ2016ལོའི་ཀོང་ལིང་ཆུས་དེ་ཀྲུང་གོའི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་གྲས(རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི)བརྒྱའི་ཨང62པ་དང་། ཀྲུང་གོའི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེ་བའི་བརྒྱའི་ཨང79པ། ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ཨང46པ། ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་གསར་གཏོད་ལས་གཏོད་སྟོབས་ཆེའི་ཆུས་བརྒྱའི་ཨང88པ་བཅས་རེད། སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ཤུགས་ལྡན་པའི་རྫོང་གི་ལས་གྲྭའི་དཔེ་སྟོན་རྫོང(ཆུས) སྤྱི་ལོ2018ལོའི་ཟླ10པར་ སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀོང་ལིང་ཆུས།
རྒྱ་ཡིག་གི་མིང་།
广陵区
ཕྱི་ཡིག་གི་མིང་།
Guangling District
སྲིད་འཛིན་ཁོངས་གཏོགས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་བཞི། གྲོང་རྡལ་དྲུག ཤང་གཅིག
སྲིད་གཞུང་སྡོད་གནས།
དབྱང་ཀྲོའུ་གྲོང་ཁྱེར་སི་ཝང་ཐེང་ལམ་སྒོ་རྟགས40པར་གནས།
ས་ཁོངས་ཁ་པར་ཨང་རྟགས།
0514
སྦྲག་སྲིད་ཚབ་ཨང་།
225002
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ341.96
མི་གྲངས།
ཁྲི49.82(སྤྱི་ལོ2013ལོའི་ལོ་མཇུག)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏K
སྲིད་འཛིན་ཚབ་ཨང་།
321002
གནམ་གྲུའི་ཐང་།
དབྱང་ཀྲོའུ་ཐའེ་ཀྲོའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
དབྱང་ཀྲོའུ་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་རགས་བསྡུས།

སྤྱི་ལོ1556ལོར་མིང་རྒྱལ་རབས་ཀྱིས་དབྱང་ཀྲོའུ་རུ“གྲོང་ཁྱེར་གསར་པ”འཛུགས་སྐྲུན་བྱས། མིང་རྒྱལ་རབས་ནས་ཆིང་རྒྱལ་རབས། དེ་ནས་མིན་གོའི་བར་དུ་དབྱང་ཀྲོའུ་གྲོང་ཁྱེར་ནི་མུ་འབྲེལ་གྱི་གྲོང་ཁྱེར་གསར་རྙིང་གཉིས་ཡིན། གྲོང་ཁྱེར་གནས་ཡུལ་ནི་ད་ལྟའི་ཀོང་ལིན་ས་ཁུལ་གྱི་གྲོང་ཁུལ་རྙིང་པའི་ཆ་ཤས་ཡིན།

སུན་ཀྲུང་ཧྲན་གྱིས་འགོ་ཁྲིད་གནང་བའི་དམངས་གཙོ་རིང་ལུགས་ཀྱི་གསར་བརྗེའི་དུས་སྐབས་སུ། དབྱང་ཀྲོའུ་བ་ཞུང་ཁྲེང་ཅིས་ཨན་ཆིན་མེ་སྒྱོགས་ཡིང་གི་འོས་ལངས་ལ་འགོ་ཁྲིད་བྱས་ཏེ། ཆིང་སྲིད་གཞུང་ལ་གསར་བརྗེའི་མེ་མདའ་དང་པོ་འཕང་། སུན་ཐེན་ཧྲིན་གྱིས་མནའ་མཐུན་ཚོགས་པ་དང་འབྲེལ་བ་བྱས་ཏེ། དྲག་པོའི་འོས་ལངས་བསླངས་ཤིང་། ལོ་རྒྱུས་སུ“དབྱང་ཀྲོའུ་ཀོང་ཧྥུ”ཞེས་འབོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)དབྱང་ཀྲོའུ་སྲིད་གཞུང་མེད་པར་བཟོས་ནས་ཅང་ཏུའུ་རྫོང་བཙུགས།

སྤྱི་ལོ1948ལོ་ནས་སྤྱི་ལོ1949ལོའི་ཟླ4པའི་བར། དབྱང་ཀྲོའུ་ཡི་རྫོང་སོ་སོར་སྔ་རྗེས་སུ་བཅིངས་འགྲོལ་ཐོབ། ཟླ1པའི་ཚེས25ཉིན། ད་ལྟའི་དབྱང་ཀྲོའུ་གྲོང་ཆུས་བཅིངས་འགྲོལ་བཏང་ནས་རྫོང་རིམ་པའི་དབྱང་ཀྲོའུ་གྲོང་ཁྱེར་བཙུགས།

སྤྱི་ལོ1983ལོའི་ཟླ3པར། ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་སྲོལ་བཅོས་བསྒྱུར་དང་། སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ། དབྱང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཆུས་ཀོང་ལིང་ཆུས་བཙུགས་པ་དང་། ཆུས་མི་དམངས་སྲིད་གཞུང་ནི་རྫོང་རིམ་པའི་ལས་ཁུངས་ཡིན། སྲིད་འཛིན་དོ་དམ་ས་ཁོངས་ལ་སྤྱི་ལེ་གྲུ་བཞི་མ16ཡོད།

2 མི་འབོར་གནས་ཚུལ།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཀོང་ལིང་ཆུས་སུ་མི་འབོར་བསྡོམས་འབོར་ཁྲི49.82ལ་སླེབས་པའི་ནང་བུད་མེད་མི་འབོར་ཁྲི25.13ལ་སླེབས་པ་དེས་མི་འབོར་བསྡོམས་འབོར་གྱི50.4%བཟུང་ཡོད། མི་འབོར་སྐྱེ་ཚད8.33‰དང་། ཤི་ཚད7.42‰ མི་འབོར་རང་ཤུགས་སུ་འཕར་ཚད0.91‰བཅས་ཡིན།

3 ཆབ་སྲིད་འགོ་ཁྲིད།

ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།      ཕན་ཞུའེ་ཡོན།

ཀོང་ལིན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་།      ཁྲེན་ཞི།

ཀོང་ལིན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མ་ཧེང་པའོ།      

ཀོང་ལིན་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲང་ཅན་ཆོན།

སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་བར་ཀོང་ཏུང་ཁུལ་དུ་ཁྲོམ་གཞུང4དང་། གྲོང་རྡལ6 ཤང1 ཁྱོན་སྡེ་ཁུལ54དང་གྲོང་ཚོ83ཡོད་པ་རེད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ341.96ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2013ལོར་ཀོང་ལིང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར505.51ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང12.1%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.16ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང5.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར256.26ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང11.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར240.09ལ་སླེབས་ནས་རིན་གོང13.4%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆའི་བསྡུར་ཚད་དེ1.8:50.7:47.5བར་ལེགས་སྒྲིག་བྱས་ནས་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས2.4%མཐོ་རུ་ཕྱིན་ཡོད། ཐོན་ལས་གཉིས་པ། ཐོན་ལས་གསུམ་པསGDPའཕར་བར་ སྐྱེས་འབུལ་ཚད་སོ་སོར29.2%དང68.9%ལ་སླེབས་པ་དང་བཟོ་ལས་དཔལ་འབྱོར་གྱིས་སྐྱེས་འབུལ་ཚད་སོ་སོར26.6%ལ་སླེབས་ཡོད།     

སྤྱི་ལོ2013ལོར་ཀོང་ལིང་ཆུས་སུ་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར35བྱུང་བ་དེ་ལོ་གོང་མ་ལས16.1%འཕར་བ་དང་། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར28.75ལ་སླེབས་ནས་སྔ་ལོ་ལས16.6%འཕར་ཡོད། ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར22.91ལ་སླེབས་པ་དེའི་ནང་སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར22.59ལ་སླེབས་ཡོད།      སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར549.01ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང9.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་8.32ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང0.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར214.31ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་8.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར326.38ལ་སླེབས་ནས་རིན་གོང9.7%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆའི་བསྡུར་ཚད་དེ་ལོ་གོང་མའི1.6:40.1:58.3ནས1.5:39.1:59.4བར་ལེགས་སྒྲིག་བྱས་ཏེ་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས1.1%མཐོ་རུ་ཕྱིན་ཡོད། ཐོན་ལས་གཉིས་པ། ཐོན་ལས་གསུམ་པའི་ད་ལྟའི་རིན་གོང་གི་འཕར་ཐང་གིསGDPའཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར30.7%དང་68.8%ལ་སླེབས་པ་དང་བཟོ་ལས་དཔལ་འབྱོར་གྱིས་སྐྱེས་འབུལ་ཚད29.7%ལ་སླེབས་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར36.45མངོན་འགྱུར་བྱུང་བས་ལོ་གོང་མ་ལས7.5%མར་ཆག དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར31.06ལ་སླེབས་པ་དེ་སྔ་ལོ་ལས12.9%མར་ཆག ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར46.91ལ་སླེབས་པ་དེའི་ནང་སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར35.98ལ་སླེབས་ཡོད།

སྤྱི་ལོ2017ལོར་ཀོང་ལིང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར41350ལ་སླེབས་པ་དེ་དུས་མཚུངས་ལས་སྒོར3341འཕར་ནས8.8%འཕར་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26607ལ་སླེབས་པ་དེ་དུས་མཚུངས་ལས་སྒོར2140འཕར་ནས8.7%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ཀོང་ལིང་ཆུས་ཀྱི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ད་ལྟའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.57ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས8.6%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.11ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས8.3%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.36ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས1.8%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.62ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས8.0%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.4ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས10.5%འཕར་ཡོད། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར9.16ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ཀྱི་བསྡུར་གཞི་ཡོད་པའི་རིན་གོང་ལས8.1%འཕར་ཡོད།

སྤྱི་ལོ2013ལོར་ཀོང་ལིང་ཆུས་སུ“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞི་མུའུ2000དང་། ཕན་ནུས་ཆེ་བའི་ཞིང་ལས་རྒྱ་ཁྱོན་མུའུ་ཁྲི2.4 ཞིང་ལས་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་རྒྱ་ཁྱོན་མུའུ་ཁྲི4 ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི1བཅས་གསར་སྣོན་བྱས་པ་དང་། ཞིང་ལས་ཀྱི“ཐོན་རྫས་གསུམ”གྱི་སྤུས་རྟགས42གསར་གཏོད་བྱས། ཉམས་ལེན་ཞིང་གྲོང50བསྐྲུན། “འཚོ་བར་ཕན་པའི”ཞིང་ཞོར་ཐོན་ཟོག་དྲ་ཐོག་ཚོང་དོན་ཕྱིར་ཚོང་ལས་སྟེགས་བཏོད་ཡོད། གནས་གཏན་འཁེལ་གྱི་ས་ཆ་འདེམས་པའི་རྣམ་གྲངས་4ལ་ཆོག་མཆན་ཐོབ་ནས་ཞིང་སྤྱོད་ས་ཆ་བསྒྱུར་བསྡུའི་དམིགས་ཚད་མུའུ665བརྩོན་ལེན་བྱས་པ་རེད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ཀོང་ལིང་ཆུས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1631.4ལ་སླེབས་པ་དང་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1586.1ལ་སླེབས་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས322ལ་སླེབས་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1246.3ལ་སླེབས་པ་དེ་ལོ་གོང་མ་ལས15.5%འཕར། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1224.1ལ་སླེབས་པ་དེ་ལོ་གོང་མ་ལས14.9%འཕར། ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར278.79ལ་སླེབས་ནས་ལོ་གོང་མ་ལས12.9%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར134.1ལ་སླེབས་པའི་ནང་ཁེ་སྤོགས་སྒོར་དུང་ཕྱུར71.9ལ་སླེབས་པ་དེ་ལོ་གོང་མ་ལས་སོ་སོར23.3%དང་21.4%འཕར་ཡོད། ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད96.9%ལ་སླེབས་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁྲོད་དུ་ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར850.7ལ་སླེབས་པ་དང་བསྡུར་ཚད68.3%ལ་སླེབས་ཡོད།

ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མ་འཇོག་ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར318.7ལེགས་གྲུབ་ལ་སླེབས་པ་དང་བསྡུར་ཚད25.6%ལ་སླེབས། སྒེར་གཉེར་ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར775.6ལ་སླེབས་ནས་བསྡུར་ཚད62.2%ལ་སླེབས་ཡོད། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཡན་གྱི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས23ལག་བསྟར་བྱས་པ་དང་། བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར71བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས20གསར་དུ་འཕར་བ་དང་། སྒོར་དུང་ཕྱུར10ཡན་གྱི་ཁེ་ལས་24ལ་སླེབས། སྒོར་དུང་ཕྱུར་ཡན་གྱི་ཁེ་ལས211ལ་སླེབས་ཡོད།

བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར20.74ལེགས་གྲུབ་ལ་སླེབས་པ་དང་བསྡུར་གཞི་ཡོད་པའི་རིན་གོང9.9%འཕར་ཡོད། འོས་ཐོབ་ཡན་གྱི་ཁེ་ལས་ཀྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར367.16ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས15.1%འཕར། ལས་མཇུག་འགྲིལ་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར341.11ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས63.7%འཕར། སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི3239.62ལ་སླེབས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས33.7%འཕར།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་ཀོང་ལིང་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར215.77ལ་སླེབས་པ་དེ་ལོ་གོང་མ་ལས14.5%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར187.87དང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར27.90%ལ་སླེབས་ཡོད། ཞབས་ཞུའི་ལས་རིགས་ཀྱི་གཙོ་གནད་ཁེ་ལས་དང་ཚད་བཀག་ཁེ་ལས་ཀྱིས་དབྱང་ཀྲོའུ་གྲོང་ཁྱེར་གྱི40ལ་སླེབས་ཡོད། ཚོང་དོན་ཟོག་འགྲེམས་གླིང་དུ་རིག་ལྡན་ཟོག་འགྲེམས་གསོ་སྐྱོང་གླིང་བསྐྲུན་ནས་དབྱང་ཀྲོའུ་གྲོང་ཁྱེར་གྱི་དེང་རབས་ཞབས་ཞུའི་ལས་རིགས་སྟོབས་ཆེན་བཅུའི་གཅིག་སྡུད་ཁུལ་དུ་གྱུར་ཡོད།

མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར66བྱུང་ནས60%ཡན་འཕར་བ་དང་ཆ་འཕྲིན་ཞབས་ཞུའི་ཐོན་ལས་རྟེན་གཞི་དེ“ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་རིག་གནས་ཐོན་ལས་གླིང་ཁུལ”སོགས་ཞིང་ཆེན་རིམ་པའི་སྤུས་རྟགས5བཏོད་པ་དང་། དབྱིན་ཇིར་ཅིན་ཆོན་དྲ་བ་གྲུབ་འབྲས་ཐོབ་པའི་ངང་ཁྲོམ་རར་བཏོན་ནས“རྒྱལ་ཁབ་ཀྱི་ཆ་འཕྲིན་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར”གྱི་ཆོག་མཆན་ཐོབ་ཡོད། གྲགས་ཅན་མཐོ་སློབ་དང་ཆེད་ལས་ཇུས་འགོད་སྒྲིག་གཞི་86དང་འཐབ་ཇུས་མཉམ་ལས་བྱས་ནས་ཁེ་ལས37ལ་བཅའ་སྡོད་བྱས་པ་རེད། ཆུས་རིམ་པའི་མ་དངུལ་བསྡུ་སྒྲིལ་ལས་སྟེགས2བཙུགས་པ་དང་། ཤང་གྲོང་དང་། ཁྲོམ་ལམ། གླིང་ཁུལ་བཅས་ཀྱི་རྒྱུ་ནོར་གཉེར་སྐྱོང་དོ་དམ་ལས་སྟེགས་ཁྱོན་ཡོངས་ལ་ཁྱབ་ཡོད།

གྲོང་རྡལ་དངུལ་ཁང1གསར་དུ་བཙུགས་པ་དང་། ཐོན་ལས་ཀྱི་ཐེབས་རྩ་དང་རྐང་དབང་མ་འཇོག་ཐེབས་རྩ2བཙུགས་པ་དང་། ཚན་རྩལ་པུའུ་ལ་རིན་མེད་རོགས་སྐྱོར་མ་དངུལ་སྒོར་ཁྲི5000ཐོབ་ཡོད། གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཁེ་ལས་འབྲིང་ཆུང་གི་རོགས་རེས་མཐུན་ཚོགས་ཀྱི་ཐེབས་རྩ་བཙུགས་ནས་ཁེ་ལས50ཡི་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར10བཏང་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རིག་གནས། མི་རིགས། ས་ཁམས། ཡུལ་གྲུ།