ཡུས་ཧོན་གྲོང་ཁྱེར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 14:42ལ་འགྲུབ།

ཡུས་ཧོན་གྲོང་ཁྱེར།

ཡུས་ཧོན་གྲོང་ཁྱེར།
ཡུས་ཧོན་ནི་ཀྲེ་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ཐའེ་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད། ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་མུ་ཁྱུད་ཀྱི་སྣེ་དང་འབྲེལ། ཤར་དུ་ཤར་གྱི་རྒྱ་མཚོ་དང་ལྷོ་རུ་ཏུང་ཐོའུ་དབྱང་དང་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཏུང་ཐོའུ་ཆུས་དང་འབྲེལ་ཡོད། ནུབ་དང་ནུབ་བྱང་ནས་ལེ་ཆིང་མཚོ་ཁུག་གིས་བར་ཆོད་དེ་ལ་ཆིང་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། བྱང་ཤར་དུ་ཝུན་ལིང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། སྤྱི་ལོ2017ལོའི་ཟླ5པའི་བར། ཡུས་ཧོན་ཁོར་ཡུག་ཁོངས་གཏོགས་སུ་སྲང་ལམ3དང་། གྲོང་རྡལ6ཡུལ་ཚོ2བཅས་ཡོད་པ་དང་། སྤྱི་ལོ2016ལོའི་ཟླ11པའི་བར་ཡུས་ཧོན་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི43.18ཡོད་པ་དང་། སྤྱི་ལོ2015ལོར་ཡུས་ཧོན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར438.67ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པའི་ཚེས8ཉིན། ཡུས་ཧོན་གྲོང་ཁྱེར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་གི་རྫོང་བརྒྱ”དང་། མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ། ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་རྫོང་གྲོང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་པ་རེད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱ། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པར་ཚུད་པ་བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玉环
མིང་གཞན།
榴岛
ཕྱི་ཡིག་གི་མིང་།
Yuhuan
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ378ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི62.9(2016)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ3དང་གྲོང་རྡལ6ཡུལ་ཚོ2བཅས་ཡོད།
རླངས་འཁོར་ཚབ་ཨང་།
浙J
ས་ཁོངས་ཁ་པར་ཨང་རྟགས།
(+86)0576
གནམ་ཐང་།
ཐའེ་ཀྲོའུ་ལུའུ་ཆའོ་གནམ་ཐང་།
སྦྲག་སྲིད་ཨང་རྟགས།
317600
ས་ཁམས་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་གྱི་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་སྣེ་ན་ཡོད།
1 ​མིང་གི་བྱུང་བ།

ཡུས་ཧོན་གྲོང་ཁྱེར་གྱི་མིང་ནི་མཚོ་གླིང་གི་གནས་ཚུལ་ངོ་མཚར་ཅན་ལས་བྱུང་བ་དང་། གནའ་བོའི་ལོ་རྒྱུས་ཐོག་“ཞོགས་པའི་སྨུག་པས་གླིང་ཕྲན་བསྐོར་བ་དང་།། དེ་ཡི་དབྱིབས་ནི་གཡང་ཊི་ཉིད་དང་མཚུངས། སྟེང་དུ་ཆུ་རྒྱུན་མུ་རུ་འབབ་པ་དེ།། དཀར་པོ་གཡང་ཊིའི་འོད་དུ་རབ་འཚེར་རོ”ཞེས་པ་ལས་བྱུང་ངོ་།།  གྲོང་ཁྱེར་གྱི་ཁོངས་སུ་ཁྲུའུ་མོན་ཕྱེད་གླིང་དང་། ཡུས་ཧོན་པིན་ཕྱེད་གླིང་སོགས་ཕྱི་བསྐོར་གླིང་ཕྲན135ཡིསགྲུབ་པ་དང་། ས་བབ་བྱང་མཐོ་ཞིང་ལྷོ་དམའ་བ་དང་། དེའུ་འབུར་བདེ་ཐང་སྤེལ་མར་གནས་ཡོད།  སྐམ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ378.5མཚོ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1900ལྷག་དང་། རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ4པའི་ཚེས7ཉིན། ཡུས་ཧོན་བཅིངས་འགྲོལ་ཐོབ། ལོ་དེའི་ཟླ4པའི་ཚེས14ལ། ཀྲུང་གུང་ཡུས་ཧོན་རྫོང་ཨུ་དང་ཡུས་ཧོན་རྫོང་དམངས་གཙོ་སྲིད་གཞུང་བཙུགས། ལོ་དེའི་ཟླ5ཚེས12ཉིན་ཡུས་ཧོན་རྫོང་དམངས་གཙོ་སྲིད་གཞུང་ཡུས་ཧོན་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཡུས་ཧོན་རྫོང་ཡང་ཟེར། ཐའེ་ཀྲོའུ་ཆེད་ཁུལ་དུ་གཏོགས། ཡུས་ཧོན་རྫོང་གི་ཁོངས་གཏོགས་སུ་ཁུལ5དང་ཤང་དང་གྲོང་རྡལ49ཡོད་པ་རེད།     སྤྱི་ལོ1953ལོའི་ཟླ་5པར། ཏུང་ཐོའུ་དང་ཏ་མིན་ཏེ་ཆུས2དང་ཡུལ་ཚོ་དང་གྲོང་རྡལ19ལོགས་སུ་བཀར་ནས་ཏུང་ཐོའུ་རྫོང་(ད་ལྟའི་ཝུན་ཀྲོའུ་གྲོང་ཁྱེར་ཏུང་ཐོའུ་ཆུས)བཙུགས།     སྤྱི་ལོ1958ལོའི་ཟླ7པར། ཏུང་ཐོའུ་རྫོང་གི་སྒྲིག་གཞི་མེད་པར་བཟོས་ཤིང་། ཁོངས་གཏོགས་ནི་སླར་ཡང་ཡུས་ཧོན་རྫོང་ལ་དབང་།     སྤྱི་ལོ1959ལོའི་ཟླ4པར་ཡུས་ཧོན་རྫོང་གི་སྒྲིག་གཞི་མེད་པ་བཟོས་ནས། ཏུང་ཐོའུ་དང་ཏ་མིན་གཉིས་ཝུན་ཀྲོའུ་ཡི་ཁོངས་སུ་དབྱེ་བ་དང་དེ་བྱིངས་ཚང་མ་ཝུན་ལིང་རྫོང་ཁོངས་སུ་བཅུག་ནས་སྔར་བཞིན་ཝུ་ཀྲོའུ་ཁོངས་གཏོགས་སུ་གཏོགས།     སྤྱི་ལོ1962ལོའི་ཟླ4པར་ཡུས་ཧོན་རྫོང་གི་སྒྲིག་གཞི་སླར་གསོ(ཏུང་ཐོའུ་རྫོང་ཚུད་མེད)བྱས་ནས་ཐའེ་ཀྲོའུ་ཡི་ཁོངས་གཏོགས་ཁུལ་དུ་གཏོགས།     སྤྱི་ལོ2017ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡུས་ཧོན་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ཡུས་ཧོན་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་ཡུས་ཧོན་རྫོང་གི་སྲིད་འཛིན་ས་ཁོངས་ཡུས་ཧོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་རེད། ཡུས་ཧོན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དང་། ཐའེ་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ཟླ5པའི་བར། ཡུས་ཧོན་གྲོང་ཁྱེར་ཁོངས་གཏོགས་སུ་ཡུས་ཁྲེང་སྲང་ལམ་དང་། ཁན་མོན་སྲང་ལམ། ཏ་མའེ་ཡུས་སྲང་ལམ། ཁྲུའུ་མོན་གྲོང་རྡལ། ཆིང་ཀང་གྲོང་རྡལ། ལུའུ་ཕུའུ་གྲོང་རྡལ། ཀན་ཅང་གྲོང་རྡལ། ཧྲ་མོན་གྲོང་རྡལ། ལུང་ཤིས་གྲོང་རྡལ། ཅི་ཧྲན་ཡུལ་ཚོ། ཧའེ་ཧྲན་ཡུལ་ཚོ་སོགས་སྲང་ལམ3དང་། གྲོང་རྡལ6 ཡུལ་ཚོ2བཅས་ཡོད། གྲོང་ཁྱེར་སྲིད་གཞུང་ནི་ཡུས་ཁྲེང་སྲང་ལམ་ཤར་ལམ་ཨང6པར་ཡོད་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ་ས་ཁོངས།

ཡུས་ཧོན་གྲོང་ཁྱེར་ནི་གཞུང་ཐིག་ཤར་མའི121°05′38″~121°32′29″བར་དང་འཕྲེད་ཐིག28°01′32″~28°19′24″ན་གནས་ཡོད། ཀྲེ་ཅང་ཤར་ལྷོའི་མཚོ་རྒྱུད་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་མུ་ཁྱུད་ཀྱི་སྣེ་དང་འབྲེལ། ཤར་དུ་ཤར་གྱི་རྒྱ་མཚོ་དང་ལྷོ་རུ་ཏུང་ཐོའུ་དབྱང་དང་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཏུང་ཐོའུ་ཆུས་དང་འབྲེལ་ཡོད། ནུབ་དང་ནུབ་བྱང་ནས་ལེ་ཆིང་མཚོ་ཁུག་གིས་བར་ཆོད་དེ་ལ་ཆིང་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། བྱང་ཤར་དུ་ཝུན་ལིང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད།  ཡུས་ཧོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཤར་ནུབ་བར་ཐག་རིང་ཤོས་སྤྱི་ལེ33.6དང་། ལྷོ་བྱང་གི་བར་ཐག་རིང་ཤོས་སྤྱི་ལེ33.9 སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ405.5བཅས་ཡོད་པའི་ནང་སྐམ་ས་སྤྱི་ལེ་གྲུ་བཞི་མ378.5དང་མཚོ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1930བཅས་ཡོད་པ་རེད། ས་དབྱིབས་རྣམ་པ།

ཡུས་ཧོན་གྲོང་ཁྱེར་ནི་ཧྭ་ཤར་སུལ་གཉེར་ཁུལ་གྱི་ཧྭ་ཞ་སུལ་གཉེར་ཁུལ་གྱི་ཐའེ་ཧྲུན་ཏེ་ཝུན་ཀྲོའུ་གས་སྲུབས་ཁུལ་དུ་གནས་པ་དང་། ས་བབ་བྱང་མཐོ་ལ་ལྷོ་ངོས་དམའ་བ་དང་། དེའུ་འབུར་བདེ་ཐང་བསྣོལ་མར་གནས་ཡོད། རི་འབུར་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ248ཡོད་པ་རེད། ས་དབྱིབས་ལ་དབྱེ་ན་མཚོ་གླིང་གི་རི་མ་ཐང་དང་གྲམ་ཐང་གཉིས་སུ་དབྱེ་ཡོད།

4_2 གནམ་གཤིས་ཁྱད་ཆོས།

ཡུས་ཧོན་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དེའི་ཁྱད་ཆོས་ནི་ལོ་འཁོར་མོར་དྲོད་འཇམ་ལྡན་ཞིང་བརླན་གཤེར་ཆེ་བ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་འདང་བ། སད་མེད་དུས་ཅུང་རིང་བ་བཅས་ཡིན།     ཡུས་ཧོན་གྲོང་ཁྱེར་གྱི་ལོ་མང་རིང་གི་ཆ་སྙོམས་དྲོད་ཚ་17.1℃དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད7.2℃དང་། ཐལ་དྲགས་པའི་དྲོད་ཚད་དམའ་ཤོས-4.5℃ཡིན། ཟླ་7པའི་ཆ་སྙོམས་དྲོད་ཚད27.6℃ཡིན་པ་དང་། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས་34.9℃ཡིན། ཆེས་དམའ་བའི་ཟླ་རེར་ཆ་སྙོམས་དྲོད་ཚད1.7℃དང་ཆེས་མཐོ་བའི་ཟླ་རེར་ཆ་སྙོམས་དྲོད་ཚད31.4℃ཡིན། ཆ་སྙོམས་དྲོད་ཚད་ལོ་རེར19.9℃ཡིན་པ་དང་། ཆེས་ཆེ་བར་ཉིན་རེར17.3℃ཡིན། སད་མེད་དུས་ལོ་རེར་ཆ་སྙོམས་སུ་ཉིན302ཡིན་པ་དང་། ཆེས་རིང་ན་ཉིན322ཡིན། ཆེས་ཐུང་ན་ཉིན281ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1850.5ཟིན་ཡོད། 0℃ཡན་གྱི་རྒྱུན་མཐུད་དུས་ཡུན་ཉིན361ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1350.2ཟིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཉིན154ཡིན་པ་དང་། མང་ཤོས་ཉིན186ཡིན་པ་རེད། ཉུང་ཤོས་ཉིན122ཡིན། ཐལ་ཆེ་བའི་ལོའི་ཆར་འབོར་ཆེ་ཤོས་ལ་ཧའོ་སྨི1844.8ཟིན་པ་དང་ཐལ་ཆེ་བའི་ལོའི་ཆར་འབོར་ཉུང་ཤོས་ལ་ཧའོ་སྨི859.5ཟིན་གྱི་ཡོད། ཆར་པ་འབབ་རྒྱུ་དེ་ལོ་རེའི་ཟླ3པ་ནས9པའི་བར་ཡིན།

4_3 ཆུ་དཔྱད།

ཡུས་ཧོན་གྲོང་ཁྱེར་ནང་ཁུལ་གྱི་ཆུ་བོ་མང་ཆེ་བ་གྲུ་ཁ་གཤོང་བ་ལས་གྲུབ་པ་ཞིག་ཡིན་པ་དང་རི་རྒྱུད་ལ་བརྟེན་ནས་ཆུ་རྒྱུད་ཆགས་པ་དང་། ཆུ་རྒྱུན་ཐུང་བ། ཆུ་ལམ་དོག་པ། ལོའི་ནང་གི་ཆུ་ལོག་དང་སྐམ་ཤས་ཆེ་བ་བཅས་ཡོད།

5 རང་བྱུང་ཐོན་ཁུངས།
5_1 གཏེར་རྫས་ཐོན་ཁུངས།    

ཡུས་ཧོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏེར་ཁའི་ཐོན་ཁུངས་གཙོ་བོ་ནི་ཨར་ལས་རྡོ་རྒྱུ་དང་། རྡོ་དཀར། ཀའོ་ལིན་ཐུའུ་སོགས་ཡིན།     ཆུ་ཐོན་ཐོན་ཁུངས།     ཡུས་ཧོན་གྲོང་ཁྱེར་ཕི་ཧྲན་ཉ་ར་ནི་ཐའེ་དབན་གྱི་དྲོད་རྒྱུན་དང་། ཀྲེ་ཅང་གི་འགྲམ་རྒྱུད་ཀྱི་ཆུ་རྒྱུན། སྐམ་ས་ཆེན་པོའི་བཞུར་རྒྱུན་བཅས་ཆུ་རྒྱུད་འདྲེས་མའི་ཁུལ་ཆེན་པོ་གསུམ་དུ་གནས་པ་དང་། ཆུ་དྲོད་འཚམ་པ། ཆུ་སྐྱེས་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ། ཉ་དང་། ཞ་སྨི། སྡིག་སྲིན་སོགས་ཆུ་ཐོན་དངོས་རིགས་ཀྱི་ཐོན་ཁུངས་ཁུལ་དུ་གནས་པ་དང་ཉ་རིགས་དང་། འགྲོན་བུའི་རིགས་སོགས་ཆུ་ཐོན་དངོས་རིགས400ལྷག་ཙམ་ཡོད་པ་དེ་དག་ནི་ཞིང་ཆེན་རིམ་པའི་ཉ་སེར་ཆེན་དང་ཉ་ལྕིབས་སྡིག་སྲིན་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ་ཡིན་པ་རེད།    

5_2  ཆུའི་ཐོན་ཁུངས།

ཡུས་ཧོན་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི16017ཟིན་པའི་ནང་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི13025དང་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི2992ཟིན་པ་དང་། ལོ་ཧྲིལ་པོར་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4819(ཆུ་བོ་དང་། ཆུ་མཛོད། རི་རྫིང་། ས་འོག་གི་ཆུ་བཅས་ཚུད་ཡོད།)

6 མི་འབོར་དང་མི་རིགས།
6_1 མི་འབོར།

སྤྱི་ལོ2017ལོའི་ཟླ11པའི་ཚེས30ཉིན་བར། གྲོང་ཁྱེར་ཡོངས་སུ་ཁྱོན་དུད་ཚང་ཁྲི་14.14ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི43.39ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་2056འཕར་ཡོད་པ་རེད། སྤྱིའི་མི་འབོར་ཁྲོད་སྐྱེས་པ་ཁྲི21.94ཡོད་པ་དང་བུད་མེད་ཁྲི21.45ཡོད་པ། མི་འབོར་གྱི་ཕོ་མོའི་བསྡུར་ཚད102.29:100ཡོད། ལོ་ཧྲིལ་པོར་མི་5110སྐྱེས་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་ལས་མི1004འཕར་བ་དང་མི་འབོར་སྐྱེ་ཚད11.81‰ཟིན་པ་རེད། མི་2767ཤི་བ་དང་མི410འཕར་བ། ཤི་ཚད6.39‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད5.41‰ཡིན་པ་དེ་ལོ་གོང་མ་ལས1.35‰འཕར་ཡོད། ཀྲེ་ཅང་ཞིང་ཆེན་གྱི་སྤྱི་ལོ2017ལོའི5‰ཡི་མི་འབོར་འགྱུར་ལྡོག་བརྟག་དཔྱད་བྱས་འབྲས་གཞིར་བཟུང་། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི62.7ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད67.2%ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས3.4མཐོ་རུ་ཕྱིན་ཡོད།

6_2 མི་རིགས།

སྤྱི་ལོ2013ལོའི་ཟླ7པའི་བར། ཡུས་ཧོན་གྲོང་ཁྱེར་དུ་ཕྱི་ནས་ཡོང་བའི་གྲངས་ཉུང་མི་རིགས་ཁྲི4ཙམ་ཡོད་པ་དང་གྲངས་ཉུང་མི་རིགས1000ལྷག་ཙམ་རྒྱུན་སྡོད་བྱེད་ཀྱི་ཡོད། ཡུས་ཧོན་གྲོང་ཁྱེར་ཁོངས་ཀྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། གཞན་ཡང་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། ཞི་པོ་རིགས། ཀའོ་ཧྲན་རིགས། ཧྲེ་རིགས། ཐུའུ་ཅ་རིགས། ཀྲོང་རིགས། དབའ་རིགས། ཁྲའོ་ཞན་རིགས། པུའུ་དབྱི་རིགས། མིའོ་རིགས། དབྱིས་རིགས། ལ་ཧུའུ་རིགས། ཡའོ་རིགས། ཏའེ་རིགས། ཏའེ་རིགས། ཀེ་ལའོ་རིགས། འཇང་རིགས། ལི་རིགས། ཧ་ཉི་རིགས་སོགས་གྲངས་ཉུང་མི་རིགས་ཡོད།

7 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཝུའུ་ཚའེ་ཕིང་།     

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།     གྲོང་ཨུའི་རྒྱུན་ལས་ཨུ་ཡོན། དབྱང་ལིའང་ཆང་དང་། ཁྲེན་ཀྲེང་ཧྥང་། ཀྲུའུ་ཡུན་ཧྥ། ཝང་ཀྲེང་ལེ། ཀྲེང་ཀྲི་ཡོན། ཁོ་ཧྲོའུ་ཅན། ཁྲེན་ཧྥང་ཡུའེ། སུན་ཆུན།    

ཧྲི་ཀྲང་། ཝུའུ་ཚའེ་ཕིན།     

ཧྲི་ཀྲང་གཞོན་པ། ཁོ་ཧྲོའུ་ཅན། ཕང་ཝེ་ཧྥེང་། ཀྲུའུ་ཞའོ་ཅུན། ཆན་ཀྲི་ཀུའེ། ཏུའུ་ཉན་ཧྲེང་། ཝང་ཁྲའོ། ལི་ཏན་ཅ། ཚའེ་མུའུ་ཀུའེ།

8 དཔལ་འབྱོར།

གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར529.83ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.0%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.2མཐོ་རུ་ཕྱིན་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར34.39ཟིན་ནས0.9%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར282.69ཟིན་ནས9.7%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར212.75ཟིན་ནས7.1%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་སྒྲིག་གཞིའི་བསྡུར་ཚད་ནི6.5:53.3:40.2ཡིན།     སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར122410ཡིན་པ་དེ་ལོ་གོང་མ་ལས7.6%འཕར་བ་དང་ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང6.7518ལྟར་ཕབ་རྩིས་བརྒྱབ་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར18130ཙམ་ཟིན་གྱི་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པའི་ཚེས8ཉིན། ཡུས་ཧོན་གྲོང་ཁྱེར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་གི་རྫོང་བརྒྱ”དང་། མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ། ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་རྫོང་གྲོང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱ། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་རྫོང་དང་གྲོང་ཁྱེར་བརྒྱ་རུ་བདམས་པ་རེད། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱ། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པར་ཚུད་པ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།