ཧུའེ་མིན་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:47ལ་འགྲུབ།

ཧུའེ་མིན་རྫོང་།

ཧུའེ་མིན་རྫོང་།
ཧུའེ་མིན་རྫོང་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཀྱིས་ཐད་ཀར་དོ་དམ་བྱེད་ཀྱིན་ཡོད། ཧུའེ་མིན་རྫོང་ནི་ཧྲན་ཏུང་གི་ནུབ་བྱང་བདེ་ཐང་དུ་གནས་པ་དང་། བྱང་དུ་པིན་ཀྲོའུ་གྲོང་ཁྱེར་དབྱང་ཞིན་རྫོང་དང་འབྲེལ་ཞིང་། ཤར་དུ་པིན་ཀྲོའུ་གྲོང་ཁྱེར་པིན་ཁྲེང་ཆུས་དང་འབྲེལ་ཡོད་ལ། ལྷོ་རུ་རྨ་ཆུ་དང་ཙི་པོ་གྲོང་ཁྱེར་གྱི་ཀའོ་ཆིང་རྫོང་དང་། པིན་ཀྲོའུ་གྲོང་ཁྱེར་ཙོའུ་ཕིང་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཅི་ནན་གྲོང་ཁྱེར་གྱི་ཧྲང་ཧོ་རྫོང་དང་ཅི་དབྱང་རྫོང་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད། སྤྱི་ལོ2013ལོའི་ལོ་མཇུག་བར་དུ་ཧུའེ་མིན་རྫོང་གི་མངའ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ1357ཟིན་ལ། དེའི་མངའ་ཁོངས་སུ་གྲོང་རྡལ12དང་། ཁྲོམ་ལམ་དོན་གཅོད་ཁྲུའུ3 ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1 སྲིད་འཛིན་གྲོང་ཚོ1163བཅས་ཡོད་ལ། མི་འབོར་ཁྲི65ཡོད། སྤྱི་ལོ2016ལོར་ཧུའེ་མིན་རྫོང་གི་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར192.92ཟིན་ཡོད། ཧུའེ་མིན་རྫོང་ནི་ཀྲུང་གོའི་གནའ་རབས་ཀྱི་དམག་དོན་པ་གྲགས་ཅན་སུན་ཝུའུ་ཡི་ཕ་ཡུལ་ཡིན་ལ། ཁོངས་གཏོགས་སུ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཅིག་དངA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསུམ་ཡོད་ཅིང་། “ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན”དང་། “རྒྱལ་ཡོངས་ཀྱི་སྣོད་བཅུད་ཞིང་ལས་ཚན་རྩལ་དཔེ་སྟོན་རྫོང”“རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་རྫོང”“ཀྲུང་གོའི་ལྗང་མདོག་ཅན་གྱི་རྫོང་གྲགས་ཅན”“ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་རྫོང”“ཀྲུང་གོའི་ཐག་དྲའི་གྲོང་ཁྱེར་གྲགས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ། སྤྱི་ལོ2019ལོའི་ཟླ12པར“སྤྱི་ལོ2019ལོའི་རྒྱལ་ཁབ་སྐྱེད་ཚལ་གྱི་རྫོང་གྲོང”དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
惠民县
ཕྱི་ཡིག་གི་མིང་།
Hui Min County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
251700
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1357ཡོད།(སྤྱི་ལོ2013ལོ)
མི་འབོར།
མི་གྲངས640815ཡོད། (སྤྱི་ལོ2013ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུM (鲁M )
སྲིད་འཛིན་ཚབ་ཨང་།
371621
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2006ལོའི་ཟླ2པར། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུའེ་མིན་གྲོང་རྡལ་སུན་ཝུའུ་གྲོང་རྡལ་ཞེས་པར་བསྒྱུར།

སྤྱི་ལོ2010ལོར་ཞིང་ཆེན་སྲིད་གཞུང་དང་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧུའེ་མིན་རྫོང་གིས་སུན་ཝུའུ་གྲོང་རྡལ་མེད་པར་བཟོས་ནས་དེའི་དེ་སྔའི་སྲིད་འཛིན་ས་ཁོངས་དང་དེ་སྔའི་ཧོ་ཧྥང་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ཁག་གཅིག་ཏུ་སུན་ཝུའུ་ཁྲོམ་ལམ་དོན་གཅོད་ཁྲུའུ་དང་ཝུའུ་ཏིང་ཧྥུའུ་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས། ཧོ་ཧྥང་ཡུལ་ཚོ་དང་། ཞིན་ཏེན་ཡུལ་ཚོ། ཏ་ཉན་ཁྲེན་ཡུལ་ཚོ་བཅས་ཡུལ་ཚོ་གསུམ་གྱི་སྲིད་འཛིན་ས་ཁོངས་དེ་གྲོང་བརྡལ་དུ་བསྒྱུར།

སྤྱི་ལོ2011ལོར་ཧོ་ཧྥང་གྲོང་རྡལ་མེད་པར་བཟོས་ནས་ཧོ་ཧྥང་ཁྲོམ་ལམ་བཙུགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2016ལོའི་བར་ཧུའེ་མིན་རྫོང་ཁོངས་གཏོགས་སུ་གྲོང་རྡལ12དང་ཁྲོམ་ལམ་དོན་གཅོད་ཁྲུའུ3ཡོད་པ་སྟེ། ཧྲི་མིའོ་གྲོང་རྡལ་དང་། སང་ལུའོ་ཤང་གྲོང་རྡལ། ཙི་ཅའོ་གྲོང་རྡལ། ཧུའུ་ཅི་གྲོང་རྡལ། ལི་ཀྲོང་གྲོང་རྡལ། མ་ཏན་གྲོང་རྡལ། ཝེ་ཅི་གྲོང་རྡལ། ཆིང་ཧོ་གྲོང་རྡལ། ཅང་ལོའུ་གྲོང་རྡལ། ཙོ་ཧུའུ་ལི་གྲོང་རྡལ། ཤིན་ཏན་གྲོང་རྡལ། ཏ་ཉན་ཁྲེན་གྲོང་རྡལ་དང་སུན་ཝུའུ་ཁྲོམ་ལམ། ཝུའུ་ཏིང་ཕུའུ་ཁྲོམ་ལམ། ཧོ་ཧྥང་ཁྲོམ་ལམ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧུའེ་མིན་རྫོང་ནི་ཤར་གྱི་གཞུང་ཐིག117°17′ནས117°49′བར་དང་། བྱང་གི་འཕྲེད་ཐིག37°6′ནས37°35′བར་དུ་གནས་ཡོད་ལ། ཧྲན་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། བྱང་དུ་པིན་ཀྲོའུ་གྲོང་ཁྱེར་དབྱང་ཤིན་རྫོང་དང་ས་མཚམས་འབྲེལ་ཞིང་། ཤར་དུ་པིན་ཀྲོའུ་གྲོང་ཁྱེར་པིན་ཁྲེང་ཆུས་དང་འབྲེལ་ཡོད་ལ། ལྷོ་རུ་རྨ་ཆུ་དང་ཙེ་པོ་གྲོང་ཁྱེར་ཀའོ་ཆིང་རྫོང་དང་པིན་ཀྲོའུ་གྲོང་ཁྱེར་ཙོའུ་ཕིང་རྫོང་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ངོས་ཅི་ནན་གྲོང་ཁྱེར་ཧྲང་ཧོ་རྫོང་དང་ཅི་དབྱང་རྫོང་དང་འབྲེལ་མཚམས་ཡིན། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ51དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ46.5ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1357ཡོད།

3_2 ནམ་ཟླ།

ཧུའེ་མིན་རྫོང་གི་ཆར་ཆུ་འབབ་པའི་ཁྱད་ཆོས་ནི། ལོ་རེའི་ཆར་ཆུ་འབབ་ཚུལ་ལ་འགྱུར་ལྡོག་ཆེ་བ་དང་བགོ་བཤའ་དོ་སྙོམས་མེད་པ་དེ་ཡིན། ཧུའེ་མིན་རྫོང་གནམ་གཤིས་ཅུས་ཀྱི་བསྡོམས་རྩིས་དཔྱད་ཡིག་ལ་གཞིགས་ན། ལོ་མང་རིང་ཆ་སྙོམས་ཆར་ཆུ་འབབ་ཚད593.1mmཡིན་པ་དང་། དེའི་ནང་ཆུ་བྲུ་པའི་དུས་སྐབས་ཟླ7པ་དང་ཟླ8པ། ཟླ9པ་བཅས་ཡིན། ཆར་ཆུ་འབབ་ཚད373.7mmཡིན་པ་དེས་ལོ་རེའི་ཆར་ཆུ་འབབ་ཚད་ཀྱིས63%བཟུང་ཡོད། ཞིང་ཆུ་གཏོང་བའི་དུས་ཚད་ནི་ཟླ3པ་དང་ཟླ4པ། ཟླ5པ། ཟླ6པ། ཟླ11པ་བཅས་ཡིན་ལ། ཆར་ཆུ་འབབ་ཚད119.4mmཡིན་ལ། དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི27%བཟུང་ཡོད། ཆར་ཆུ་འབབ་ཚད་མེས་མང་དུས1078mm(སྤྱི་ལོ1964ལོ)ཡིན་ལ། ཆར་ཆུ་འབབ་ཚད་ཆེས་ཉུང་དུས276.2mm(སྤྱི་ལོ1989ལོ)ཡིན། ཆར་ཆུ་འབབ་ཚད་ཆེས་མང་བའི་ལོ་ནི་ཆར་ཆུ་འབབ་ཚད་ཆེས་ཉུང་བའི་ལོའི་ཆར་ཆུ་འབབ་ཚད་ཀྱི་ལྡབ3.9ཡིན། ཆར་ཆུ་འབབ་ཚད་ཅུང་མང་།

4 མི་གྲངས་དང་མི་རིགས།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཧུའེ་མིན་རྫོང་གི་མི་འབོར་བསྡོམས་གྲངས་ཁྲི64.18ཟིན་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.29ཟིན་ཡོད་ཅིང་། མི་འབོར་སྐྱེ་ཚད11.42‰ཡིན་ལ། ཤི་ཚད5.81‰ཡིན་ཞིང་། རང་བྱུང་འཕར་ཚད5.81‰ཡིན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧུའེ་མིན་རྫོང་གི་མི་འབོར་བསྡོམས་གྲངས་ཁྲི64.07ཟིན་པའི་ནང་དུ་ཞིང་ལས་མིན་པའི་མི་འབོར་ཁྲི12.25ཡོད་ལ། མི་འབོར་སྐྱེ་ཚད12.4‰ཡིན་ལ། ཤི་ཚད7.0‰ཡིན། རང་བྱུང་འཕར་ཚད5.4‰ཡིན།

སྤྱི་ལོ2013ལོར་ཧུའེ་མིན་རྫོང་གི་ཁྱིམ་ཐོའི་མི་གྲངས་བསྡོམས་འབོར640815ཟིན་ཡོད་ལ། དེའི་ནང་དུ་སྐྱེས་པའི་མི་འབོར323389ཟིན་པ་དེས་སྤྱིའི་མི་འབོར་གྱི50.47%བཟུང་ཡོད་ལ། བུད་མེད་ཀྱི་མི་འབོར317426ཡོད་པ་དེས་སྤྱིའི་མི་འབོར་གྱི49.53%བཟུང་ཡོད། ཕོ་མོའི་བསྡུར་ཚད་ནི102:100ཡིན་ཞིང་། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར7133དང་རྐྱེན་ལམ་དུ་ཤོར་བའི་མི་འབོར3404ཟིན་ཡོད་ལ། ལོ་སྔོན་མ་ལས་མི་འབོར128འཕར་ཡོད། མི་འབོར་སྐྱེ་ཚད11.1‰ཡིན་ལ། ཤི་ཚད5.3‰ཡིན་ཞིང་། རང་བྱུང་འཕར་ཚད5.8‰ཡིན།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཧུའེ་མིན་རྫོང་གི་མི་འབོར་བསྡོམས་གྲངས་ཁྲི64.18ཡོད་པ་དང་། གྲངས་ཉུང་མི་རིགས19ཡོད་ལ། མི་འབོར1200ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧུའེ་མིན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི64.07ཟིན་པ་དང་། གྲངས་ཉུང་མི་རིགས19ཡོད་ལ། མི་འབོར1200ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་ཧུའེ་མིན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར192.92ཟིན་པ་དེ་ལོ་སྔོན་མ་ལས7.6%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར34.10ཟིན་ནས་ལོ་སྔོན་མ་ལས3.8%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར72.15ཟིན་ནས་ལོ་སྔོན་མ་ལས7.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར86.67ཟིན་ནས་ལོ་སྔོན་མ་ལས9.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ་ལོ་གོང་མའི18.2:38.9:42.9ནས17.7:37.4:44.9བར་ལེགས་སྒྲིག་བྱས་ཡོད། ཞབས་ཞུའི་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི2མཐོ་རུ་ཕྱིན་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར31216ཟིན་ནས་བརྒྱ་ཆའི7.1འཕར་ཡོད།

5_1 ཐོན་ལས་དང་པོ།།

སྤྱི་ལོ2016ལོར་ཧུའེ་མིན་རྫོང་གི་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་རིན་ཐང་འཕར་མས་སྒོར་དུང་ཕྱུར27.34ཟིན་པ་དང་། ནགས་ལས་ཀྱི་རིན་ཐང་འཕར་མས་སྒོར་དུང་ཕྱུར0.86ཟིན་ལ། འབྲོག་ལས་ཀྱི་རིན་ཐང་འཕར་མས་སྒོར་དུང་ཕྱུར5.22ཟིན་ཞིང་། ཉ་ལས་ཀྱི་རིན་ཐང་འཕར་མས་སྒོར་དུང་ཕྱུར0.68ཟིན་ཡོད། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མས་སྒོར་དུང་ཕྱུར3.25ཟིན་ནས་སོ་སོར3.93%དང་། 7.22% 2.71% 3.79% 16.68%འཕར་ཡོད།

ཞིང་ལས་ཐོན་སྐྱེད་བརྟན་ཞིང་ལེགས་པོ་བྱུང་ཡོད་ལ། འབྲུ་རིགས་འདེབས་འཛུགས་ཁྱོན་མུའུ་ཁྲི159.95ཟིན་ནས་ལོ་སྔོན་མ་ལས12.38%འཕར་ཞིང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི81.11ཟིན་ནས་ལོ་སྔོན་མ་ལས24%འཕར་ཡོད། སྲིང་བལ་འདེབས་འཛུགས་ཁྱོན་མུའུ་ཁྲི14.88ཟིན་ནས་ལོ་སྔོན་མ་ལས17.7%ཉུང་དུ་ཕྱིན་ཡོད། ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.17ཟིན་ནས་ལོ་སྔོན་མ་ལས8.6%མར་ཆག མུའུ་རེའི་ཐོན་ཚད་སྤྱི་རྒྱ78.6ཟིན་ནས་ལོ་སྔོན་མ་ལས11.1%འཕར་ཡོད། སྔོ་ཚལ་འདེབས་འཛུགས་ཁྱོན་མུའུ་ཁྲི53.28ཟིན་ནས་ལོ་སྔོན་མ་ལས0.2%འཕར་ཡོད། ཐོན་ཚད་བསྡོམས་འབོར་ཏུན་ཁྲི180.97ཟིན་ནས་ལོ་སྔོན་མ་ལས1.9%མར་ཆག་ཡོད། ཤིང་ཏོག་ཐོན་ཚད་ཏུན་ཁྲི18.52ཟིན་ནས་ལོ་སྔོན་མ་ལས41.1%འཕར་ཡོད།

ནགས་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། ལོ་ཧྲིལ་པོར་རྫོང་ཡོངས་སུ་ཚད་ལྡན་ནགས་འཛུགས་རྒྱ་ཁྱོན་མུའུ23500ཡོད་ལ། དེའི་ནང་དུ་འགོག་སྲུང་ནགས་ཚལ་མུའུ18900དང་། དཔལ་འབྱོར་ནགས་ཚལ་མུའུ4600 ཞིང་ཁའི་ནགས་དྲ་མུའུ24000གསར་དུ་བསྐྲུན། འདམ་ར་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྫོང་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང2947.63ཟིན་པ་དེས་རྒྱལ་ཁོངས་ཀྱི་རྒྱ་ཁྱོན་བསྡོམས་འབོར་གྱི2.6%བཟུང་ཡོད་ལ། དེའི་ནང་དུ་ཆུ་བོའི་འདམ་ར་སྤྱི་ཆིང1832.21དང་མིས་བཟོས་འདམ་ར་སྤྱི་ཆིང1115.42ཡོད།

ཕྱུགས་ལས་དང་ཉ་ལས་ཐོན་སྐྱེད་རྒྱུན་མཐུད་ངང་ལེགས་སྒྲིག་བྱས་ཤིང་། ལོ་ཧྲིལ་བོའི་ནང་ཤའི་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི8.57ཡིན་ཞིང་། ལོ་སྔོན་མ་ལས45.8%འཕར་སྣོན་བྱུང་ཡོད། བྱ་སྒོང་ཐོན་ཚད་ཏུན་ཁྲི4.10ཟིན་ནས་ལོ་སྔོན་མ་ལས42.07%ཆག་ཡོད། འོ་མའི་ཐོན་ཚད་ཏུན་ཁྲི0.33ཟིན་ནས་ལོ་སྔོན་མ་ལས55.5%ཆག་ཡོད། ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི1.30ཟིན་ནས་ལོ་སྔོན་མ་ལས1.8%འཕར་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས2ཉིན། ཧུའེ་མིན་རྫོང་རྒྱལ་ཡོངས་ཀྱི་ཁག་བཞི་པའི་སྔོན་ལ་ཞིང་ལས་ལོ་ཏོག་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་ཚུད།

5_2 ཐོན་ལས་གཉིས་པ།

བཟོ་ལས་ཁེ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས(ལོ་རེའི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000དང་དེ་ཡན་གྱི་བཟོ་ལས་ཁྲིམས་མིའི་ཁེ་ལས)202ཡོད། དེའི་ནང་དུ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར10ལས་བརྒལ་བའི་ཁེ་ལས6ཡོད་པ་དེ་ལོ་གོང་མ་ལས་ཁེ་ལས1མང་དུ་ཕྱིན་ཡོད།

5_3 ཐོན་ལས་གསུམ་པ།

འགྲིམ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་ལ། ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ3200.7ཟིན་པ་དེ་ལོ་སྔོན་མ་ལས4.8%འཕར་ཡོད་ལ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ཡོད། མ་དངུལ་སྒོར་ཁྲི5000ལྷག་ཙམ་བཏང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ45.378གསར་སྐྲུན་བྱས་ཤིང་། རྫོང་རིམ་པའི་གཞུང་ལམ་ཆེ་འབྲིང་སྤྱི་ལེ15.8ཉམས་བཟོ་བྱས་ཡོད།

སྦྲག་སྲིད་ལས་སྒོའི་ཡོང་འབབ་སྒོར་ཁྲི4024ཟིན་ནས་ལོ་སྔོན་མ་ལས32.1%འཕར་ཡོད་ལ། གློག་འཕྲིན་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར12.94བྱུང་ནས་ལོ་སྔོན་མ་ལས6.89%འཕར་ཡོད། ལོ་མཇུག་ཏུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི7.03དང་སྤོར་འགུལ་ཁ་པར་སྤྱོད་མཁན་དུད་ཚང་ཁྲི57.86ཟིན་ཡོད། འབྲེལ་དྲའི་ཡངས་ལམ་སྤྱོད་མཁན་དུད་ཚང་ཁྲི11.7ཟིན་ནས་ལོ་སྔོན་མ་ལས21.53%འཕར་ཡོད།

ལོ་ཧྲིལ་པོར་རྫོང་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་མི་གྲངས་ཁྲི113.5ཟིན་ཡོད་ལ། ཡུལ་སྐོར་གྱི་ཐད་ཀའི་ཡོང་འབབ་སྒོར་ཁྲི1254.3ཟིན་ཡོད་ལ། ལོ་སྔོན་མ་ལས་སོ་སོར44%དང37%འཕར་ཡོད།

6 གཟི་བརྗིད་མཚན་སྙན།

ཧུའེ་མིན་རྫོང་ནི་ཀྲུང་གོའི་གནའ་རབས་ཀྱི་དམག་དོན་པ་གྲགས་ཅན་སུན་ཝུའུ་ཡི་ཕ་ཡུལ་ཡིན་ལ། ཁོངས་གཏོགས་སུ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཅིག་དངA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསུམ་ཡོད་ཅིང་། “ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན”དང་། “རྒྱལ་ཡོངས་ཀྱི་སྣོད་བཅུད་ཞིང་ལས་ཚན་རྩལ་དཔེ་སྟོན་རྫོང”“རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་རྫོང”“ཀྲུང་གོའི་ལྗང་མདོག་ཅན་གྱི་རྫོང་གྲགས་ཅན”“ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་རྫོང”“ཀྲུང་གོའི་ཐག་དྲའི་གྲོང་ཁྱེར་གྲགས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ། སྤྱི་ལོ2019ལོའི་ཟླ12པར“སྤྱི་ལོ2019ལོའི་རྒྱལ་ཁབ་སྐྱེད་ཚལ་གྱི་རྫོང་གྲོང”དུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།