ཀྲུང་ཧྭ་མིན་གོའི་དུས་སུ། སྤྱི་ལོ1912ལོར་ཆིང་གི་ལམ་ལུགས་རྒྱུན་འཛིན་བྱས།
སྤྱི་ལོ1913ལོར་ཧུའུ་པེ་ཞིང་ཆེན་ཅང་ཧན་ཏའོ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1928ལོར་ཨན་ལུའུ་ནི་ཧུའུ་པེ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་ཡིན།
སྤྱི་ལོ1932ལོར་ཧུའུ་པེ་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཁུལ་ལྔ་པའི་ཁོངས་སུ་གཏོགས།
སྤྱི་ལོ1936ལོར་སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པར་བསྒྱུར།
སྤྱི་ལོ1938ལོར་རྫོང་མཁར་འཇར་པན་བཙན་འཛུལ་དམག་གི་ལག་ཏུ་ཤོར། གོ་མིན་ཏང་རྫོང་སྲིད་གཞུང་གིས་སན་ལི་ཏེན་ནུབ་བྱང་གི་ལིན་ཧྲི་མཆོད་ཁང་དུ་གནས་སྤར་བ་དང་། ཕྱིས་སུ་ལུང་ཝོ་དགོན་དུ་སྤོས།
སྤྱི་ལོ1942ལོའི་རྗེས་སུ། ཧྥུ་ཧོ་ཆུ་བོ་ས་མཚམས་བྱས་ཏེ། གཙང་ཤར་ཨན་ལུའུ་རྫོང་གི་ཁོངས་སུ་གཏོགས་པ་དང་། གཙང་ནུབ་ཅིང་ཨན་རྫོང་གི་ཁོངས་སུ་གཏོགས། ཚང་མ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་གཉིས་པའི་མངའ་ཁོངས་ཡིན།
སྤྱི་ལོ1945ལོའི་དགུན་ཁ་ནས་ཨན་ལུའུ་བཅིངས་འགྲོལ་མ་བཏང་བར་རྫོང་མཁར་དུ་གནས་སྤོས། འཇར་འགོག་དམག་འཁྲུག་གི་དུས་འགོར། ཨན་ལུའུ་བྱང་རྒྱུད་ནི་ཀྲུང་གུང་ཨན་པེ་བྱ་བའི་ཨུ་ཡོན་ལྷན་ཁང་ཡིན་པ་དང་། ནུབ་རྒྱུད་ནི་ཀྲུང་གུང་ཨན་ལུའུ་རྫོང་བྱ་བའི་ཨུ་ཡོན་ལྷན་ཁང་གི་མངའ་འོག་ཏུ་གཏོགས།
སྤྱི་ལོ1949ལོར་ཨན་ལུའུ་བཅིངས་འགྲོལ་བཏང་ནས་ཨན་ལུའུ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་ཞའོ་ཀན་ཀྲོའི་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1959ལོར་ཞའོ་ཀན་ཀྲོན་ཧྲུའུ་དང་ཝུའུ་ཧན་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་ཨན་ལུའུ་རྫོང་ཁོངས་ཝུའུ་ཧན་གྲོང་ཁྱེར་དུ་གཏོགས།
སྤྱི་ལོ1960ལོའི་ཟླ8པར་ཡུན་མེང་རྫོང་ཨན་ལུའུ་རྫོང་དུ་ཟླ་སྒྲིལ་བཏང་ནས་ཨན་ལུའུ་རྫོང་བཙུགས་པ་རེད།
སྤྱི་ལོ1961ལོའི་ཟླ6པར་ཞའོ་ཀན་ཀྲོན་ཧྲུའུ་དང་ཝུའུ་ཧན་གྲོང་ཁྱེར་ལོགས་སུ་སྐྱོང་རྒྱུ་དང་ཨན་ལུའུ་ཞའོ་ཀན་ཀྲོན་ཧྲོའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1961ལོའི་ཟླ11པར། ཨན་ལུའུ་དང་ཡུན་མེང་སོ་སོར་བཅོས་སྐྱོང་བྱས་ཤིང་། སྔར་བཞིན་ཞའོ་ཀན་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1987ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨན་ལུའུ་རྫོང་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད་པ་དང་། སྤྱི་ལོ1988ལོའི་ཟླ1པོ་ནས་བཟུང་གྲོང་ཁྱེར་གྱི་སྒྲིག་གཞིའི་འགན་ནུས་ལག་བསྟར་བྱས།
སྤྱི་ལོ2016ལོའི་བར་ཨན་ལུའུ་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ9 ཤང4 གསར་སྤེལ་ཁུལ1བཅས་ཡོད་པ་རེད། བསྡོམས་པས་གྲོང་མིའི་ཨུ་ཡོན་ལྷན་ཁང446ཡོད།
ཨན་ལུའུ་ནི་ཧུའུ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག113º10′─113º57′བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག31º04′─31º29′བར་ཡིན། དེ་ནི་ཐུང་པའེ་རི་བོ་དང་ཏ་ཧུང་རི་རྒྱུད་ཀྱི་རི་མ་ཐང་དང་ཅང་ཧན་བདེ་ཐང་གི་བྱང་ཕྱོགས་འབྲེལ་མཚམས་སུ་ཆགས་ཡོད། དེའི་ནང་རྒྱལ་ལམ316དང་། ཧན་ཧྲེ་མྱུར་ལམ། ཧན་ཏན་ལྕགས་ལམ་བཅས་ལྷོ་བྱང་དུ་གནས་པ་དང་། རྒྱལ་ལམ107དང་། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལམ་ཐིག་དང་སྦྲེལ་ཡོད། ཝུའུ་ཧན་དང་བར་ཐག་སྤྱི་ལེ80ཡོད་པ་དང་། ཝུའུ་ཧན་དང་ཤང་ཧྥན་གྲོང་ཁྱེར་ཆེ་གྲས་གཉིས་ཀྱི་དཔལ་འབྱོར་ཁུལ་འབྲེལ་མཚམས་སུ་གནས་ཡོད།
ཨན་ལུའུ་ནི་ཅང་ཧན་བདེ་ཐང་གི་བྱང་ཕྱོགས་དང་། ཏ་ཧུང་ཧྲན། ཐུང་པའེ་རི་བོ་བཅས་སུ་མཆེད་པའི་རི་མ་ཐང་དམའ་བའི་འབྲེལ་མཚམས་སུ་གནས་ཡོད། ས་བབ་བྱང་ནས་ལྷོ་རུ་གསེག་ཅིང་། རིམ་གྱིས་ཁོད་སྙོམས་པ། ས་བབ་སྐས་རིམ་གསུམ་དུ་ཆགས་ཡོད། ཤར་རྒྱུད་ནི་དེའུ་འབུར་འབར་འབུར་དང་། ལྷོ་རྒྱུད་ནི་ཁོད་སྙོམས་ཞིང་། ནུབ་རྒྱུད་ནི་བྲག་རོང་གཏིང་ཟབ་པ་དང་། ནུབ་བྱང་དང་བྱང་ཤར་རྒྱུད་ནི་རི་མཐོའི་རི་མ་ཐང་གི་ས་ཁུལ་ཡིན། དབུས་རྒྱུད་དང་ཤར་རྒྱུད་ནི་རི་འབུར་ཁུལ་ཡིན། ལྷོ་རྒྱུད་ནི་ཧྥུ་ཧོ་ཆུ་བོའི་གཤོང་གསོག་བདེ་ཐང་ཡིན།
ཨན་ལུའུ་ནི་བྱང་རྒྱུད་ཀྱི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དེའི་ཁྱད་ཆོས་ནི་དུས་བཞིའི་གསལ་བ་དང་། དཔྱིད་སྟོན་གྱི་དུས་ཚིགས་ཐུང་བ། སོ་སོར་ཉིན་60ཙམ་ཡོད་པ། གནམ་གཤིས་དྲོ་འཇམ་ལྡན་པ་བཅས་ཡིན། དབྱར་དགུན་གྱི་དུས་ཚིགས་རིང་བ་དང་། སོ་སོར་ཉིན120ཙམ་ཡོད། དབྱར་དུས་ཚ་བ་ཆེ་བ་དང་། ཆར་ཆུ་འབེལ་བ། ཤར་ལྷོ་རླུང་མང་བ། དགུན་དུས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་དུ་དུད་ཚང་བསྡོམས་འབོར་ཁྲི20.17ཡོད་པ་དང་ཐེམ་ཐོ་མི་འབོར་ཁྲི61.71(གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི14.35དང་གྲོང་གསེབ་ཀྱི་མི་ཁྲི47.36)ཡོད་པ་རེད། དེའི་ནང་སྐྱེས་པ་ཁྲི31.82དང་བུད་མེད་ཁྲི29.89ཡོད། ལོ17དང་དེའི་མན་གྱི་མི་ཁྲི10.05དང་ལོ60ཡན་གྱི་མི་ཁྲི10.95ལ་སླེབས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི58.33ཡོད་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད52.63%ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར7983(སྐྱེས་པ4143དང་བུད་མེད3840)ཡོད་པའི་ནང་ཕྲུ་གུ་གཉིས་པ3979ཡོད་པ་དང་མི་འབོར་སྐྱེ་ཚད་སྟོང་ཆའི12.32ཡིན། ལོ་ཧྲིལ་པོར་མི2643རྐྱེན་ལམ་དུ་ཤོར་བ་དང་། མི་འབོར་འཆི་ཚད་སྟོང་ཆའི4.08ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི8.24ཟིན་ཡོད།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར213.21ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར39.42ཡིན་པ་དང་ལོ་གོང་མ་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར89.47ཡིན་པ་དང་ལོ་གོང་མ་ལས7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར84.32ཡིན་པ་དང་ལོ་གོང་མ་ལས10%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་ལོ་གོང་མའི20.1:40.7:39.2ནས18.5:42.0:39.5བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་ཐེངས་གསུམ་གྱིསGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད9.4%དང་། 40.1% 50.5%བཅས་སོ་སོར་ཟིན་པ་དངGDPབརྒྱ་ཆའི་གྲངས0.7དང་། 3.0 3.8བཅས་སོ་སོར་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་དུ་སློབ་གྲྭ་འབྲིང་ཆུང151དང་ཆེད་བསྐོས་དགེ་རྒན4797ཡོད་པ་དང་། སློབ་མ19101བསྡུས་པ་དང་སློབ་མ16564སློབ་མཐར་ཕྱིན། སློབ་གྲྭར་ཡོད་པའི་སློབ་མ67000ཡོད་པ་རེད། དེའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ4དང་ཆེད་བསྐོས་དགེ་རྒན704དང་། སློབ་མ་456བསྡུས་བ། སློབ་མ་537སློབ་གྲྭ་ནས་ཐོན་པ། སློབ་གྲྭར་ཡོད་པའི་སློབ་མ7599བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ3དང་ཆེད་བསྐོས་དགེ་རྒན155ཡོད་པ་དང་། སློབ་མ1091བསྡུས་པ། སློབ་མ1631སློབ་གྲྭ་ནས་ཐོན་པ། སློབ་གྲྭར་ཡོད་པའི་སློབ་མ3235ཡོད། སྤྱིར་བཏང་གི་དམའ་རིམ་སློབ་འབྲིང21ལ་ཆེད་བསྐོས་དགེ་རྒན1435ཡོད་པ་དང་། སློབ་མ4550བསྡུས་པ། སློབ་མ4126སློབ་གྲྭ་ནས་ཐོན་པ། སློབ་གྲྭར་ཡོད་པའི་སློབ་མ12824ཡོད། སློབ་ཆུང56གི་ཆེད་བསྐོས་དགེ་རྒན1938ཡོད་པ་དང་། སློབ་མ5098བསྡུས་པ། སློབ་མ4526སློབ་གྲྭ་ནས་ཐོན་པ། སློབ་གྲྭར་ཡོད་པའི་སློབ་མ28376ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་། ཆེད་བསྐོས་དགེ་རྒན15སློབ་མ5བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ76བཅས་ཡོད། ཁྱོན་བུ་བཅོལ་ཁང66ཡོད་པའི་ནང་གཞུང་བཙུགས་སློབ་གྲྭ24དང་། དམངས་གཉེར་སློབ་གྲྭ42 ཆེད་བསྐོས་དགེ་རྒན550 སློབ་མ5901བཅས་ཡོད་པ་དང་། སློབ་མ3744སློབ་གྲྭ་ནས་ཐོན། བྱིས་པ14890ཡོད་པ་རེད།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་དུ་སྤྱི་པའི་དཔེ་མཛོད་ཁང1(སྤྱི་ཁྱབ་དཔེ་དེབ་ཁྲི18.8ཡོད་པའི་ནང་གློག་རྡུལ་དཔེ་དེབ་ཁྲི8.5དང་། རྟེན་རྫས་བཤམས་མཛོད་ཁང2(ལི་པའེ་དྲན་གསོ་ཁང་ཚུད་པ)རིག་གནས་ཁང1 ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས16 “ཁང་གསུམ་ས་ཚིགས”ལ་ཁྱབ་ཚད1.35%ཟིན་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་རིག་རྩལ་ཚོགས་པ144(གྲོང་ཁྱེར་དང་གྲོང་རྡལ་དུ་དཔུང་ཁག66དང་ཤང་གྲོང78)བསྡུ་རུབ་བྱས་པའི་ནངIརིགས་ཚོགས་པ4དང་། IIརིགས་ཚོགས་པ12 IIIརིགས་ཚོགས་པ12བཅས་ཡོད་པ་རེད། ལོ་ཧྲིལ་པོར“ཟློས་གར་སློབ་གྲྭར་ཁྱབ་གདལ་གཏོང་བའི”རིམ་སྤེལ་བྱེད་སྒོ113སྤེལ་ནས་དགེ་སློབ་ལ་ཁྱབ་ཚད70%ཟིན་པ་དང་། གྲོང་གསེབ་ཏུ་སྤྱི་ཕན་གློག་བརྙན་སྟོན་ཐེངས3972བྱས་པ་དང་། སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་སྟོན་ཐེངས25བྱས་ཡོད།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི232(གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྨན་བཅོས་ཁང་ཚུད་པ)ཡོད་པ་རེད། དེའི་ནང་སྨན་ཁང7དང་། འཕྲོད་བསྟེན་ཁང13 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)9 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(སོའོ་དང་ས་ཚིགས)1 ཆེད་ཚན་ནད་ཡམས་འགོག་བཅོས་ཁང(སོའོ་དང་ས་ཚིགས)1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་ཁང(ལྟེ་གནས)1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྱོན3118ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ1194དང་ཐོ་འགོད་བྱས་པའི་སྨན་གཡོག1343ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ཉལ་ཁྲི2742ཡོད་པའི་ནང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཉལ་ཁྲི718ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི“ཅན་བཞིའི”ཤང་རིམ་པའི་འཕྲོད་བསྟེན་ཁང་གི་ཚད་གཞི་ལོན་ཚད71%ཟིན་པ་དང་། “ཅན་ལྔའི”གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་ཚད་གཞི་ལོན་ཚད100%ཟིན། གྲོང་ཚོའི་འཕྲོད་བསྟེན་ཁང་ཁྱབ་ཚད100%ཟིན་པ་དང་། བྱིས་པའི“འགོག་སྨན་ལྔའི”བརྒྱུད་རིམ་ཧྲིལ་པོར་མཐུད་ཚད97.1%ཟིན་ཡོད་པ་རེད།
སྤྱི་ལོ2017ལོར་ཨན་ལུའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོར་རྒྱུན་སྡོད་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21498ཡིན་པ་དང་ལོ་གོང་མ་ལས8.59%འཕར་ཡོད། རྒྱུན་སྡོད་ཁུལ་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29892ཡིན་པ་དང་ལོ་གོང་མ་ལས8.58%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14844ཡིན་པ་དང་ལོ་གོང་མ་ལས8.61%འཕར་ཡོད།
སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཐད་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གློག་བརྙན་གྱི་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བདམས་པ་རེད།
སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས་པ་རེད།