ཧན་ཁྲོན་གྲོང་ཁྱེར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-26 11:26ལ་འགྲུབ།

ཧན་ཁྲོན་གྲོང་ཁྱེར།

ཧན་ཁྲོན་གྲོང་ཁྱེར།
ཧན་ཁྲོན་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་གྱིས་ཚབ་གཉེར་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཧུའུ་པེ་ཞིང་ཆེན་གྱི་དབུས་རྒྱུད་དང་། ཅང་ཧན་བདེ་ཐང་གི་དབུས་ཁུལ། ཧན་ཅང་གཙང་པོའི་སྨད་རྒྱུད་བཅས་སུ་གནས་ཤིང་། ཧྭ་ཀྲུང་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཝུའུ་ཧན་དང་ཐག་ཉེ་བས་ཝུའུ་ཧན་གྲོང་ཁྱེར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ས་ཁོངས་ནང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་། ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་ཀྱི་མྱུར་བགྲོད་གཞུང་ལམ(ཝུའུ་ཧན་གྱི་སྐོར་ལམ་དྲུག)དང་། ཧྲང་ཧའེ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་གཞུང་ལམ(G42)ཧྲང་ཧའེ་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་གཞུང་ལམ(G50)རྒྱལ་ལམG348 ཧན་ཏན་ལྕགས་ལམ། ཧན་དབྱི་མྱུར་བགྲོད་ལྕགས་ལམ་བཅས་བརྒྱུད་ཡོད། ཧན་ཁྲོན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ14 ཤང6ཡོད་པ་དང་། ཞིང(གསོ་སྤེལ)ར4ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1663ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30ཡོད་པ་དང་། གྲོང་ཁྱེར་ཁུལ་དུ་མི་འབོར་ཁྲི30ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汉川
ཕྱི་ཡིག་གི་མིང་།
Hanchuan
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང2དང་གྲོང་རྡལ14 ཤང6 ཞིང(གསོ་སྤེལ)ར་བ4ཡོད།
སྲིད་གཞུང་གནས་ཡུལ།
ལྷ་མོ་རིའི་སྲང་ལམ་ཐང་ཆེན་ཤར་ལམ།
སྦྲག་སྲིད་ཨང་རྟགས།
431600
ས་ཁོངས་ཁ་པར་ཨང་རྟགས།
+86-712
གནས་ཡུལ།
ཅང་ཧན་བདེ་ཐང་གི་དཀྱིལ་དང་། ཧན་ཅང་གཙང་པོའི་སྨད་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1663ཡོད།
མི་གྲངས།
མི1078115(སྤྱི་ལོ2018ལོའི་ཐེམ་ཐོའི་མི་གྲངས)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐེན་ཡུས་མཚེའུ། ཡུས་ཚའོ་མཚེའུ་སོགས།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཧན་ཁྲོན་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)K
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར551.3(སྤྱི་ལོ2018ལོ)
མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར53135(སྤྱི་ལོ2018ལོར)
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
420984
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྲིད་དབང་དེ་ཧན་ཁྲོན་དུ་བཙུགས་རྗེས། ཧན་ཁྲོན་དུ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་སྲིད་དབང་མཉམ་གནས་ཀྱི་རྣམ་པ་ཐེངས་ཁ་ཤས་བྱུང་།

སྤྱི་ལོ1949ལོའི་ཟླ5པར་ཧན་ཁྲོན་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་། གོ་མིན་ཏང་ཧན་ཁྲོན་རྫོང་སྲིད་གཞུང་རྩ་མེད་དུ་བཏང་། ལོ་དེའི་ཟླ7པར་ཐེན་ཧན་དང་ཁྲོན་ཧན་རྫོང་གཉིས་ཀྱི་རྒྱལ་གཅེས་དམངས་གཙོའི་སྲིད་གཞུང་མེད་པར་བཟོས་པ་དང་། ཧན་ཁྲོན་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཧུའུ་པེའི་དབུས་ཁུལ་དུ་གཏོགས། ལོ་དེའི་ཟླ8པར་ཡུས་དབྱང་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1951ལོའི་ཟླ7པར། ཡུས་དབྱང་ཀྲོན་ཆུས་ཕྱིར་འཐེན་བྱས་ཏེ། ཞའོ་ཀན་ཁྲོན་ཆུས་སུ་གཏོགས།

སྤྱི་ལོ1959ལོའི་ཟླ11པར། ཞའོ་ཀན་ཀྲོན་ཆུས་མེད་པར་བཟོས་ནས་ཝུའུ་ཧན་གྲོང་ཁྱེར་དུ་བགོས།

སྤྱི་ལོ1961ལོའི་ཟླ5པར་ད་དུང་ཞའོ་ཀན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1970ལོའི་རྗེས་སུ། ཧན་ཁྲོན་ནི་ཐོག་མཐའ་བར་གསུམ་དུ་ཞའོ་ཀན་ས་ཁུལ་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1997ལོའི་ཟླ3པའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧན་ཁྲོན་རྫོང་མེད་པར་བཟོས་ནས་ཧན་ཁྲོན་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་ཧན་ཁྲོན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཧན་ཁྲོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་ཞའོ་ཀན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར་ཧན་ཁྲོན་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ14 ཤང6 ཞིང(གསོ་སྤེལ)ར་བ4བཅས་ཡོད་པ་དང་། གྲོང་ཁྱེར་སྲིད་གཞུང་ནི་ལྷ་མོ་རི་བོའི་སྲང་ལམ་ཐང་ཆེན་ཤར་ལམ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧན་ཁྲོན་གྲོང་ཁྱེར་ནི་ཧན་ཅང་གཙང་པོའི་སྨད་རྒྱུད་དང་། ཅང་ཧན་བདེ་ཐང་གི་དཀྱིལ་དུ་གནས་ཡོད། ཤར་གྱི་གཞུང་ཐིག113°22′~113°57′དང་། བྱང་གི་འཕྲེད་ཐིག30°22′~30°51′བར་དུ་གནས་ཡོད། ཤར་ནི་ཝུའུ་ཧན་གྲོང་ཁྱེར་ཏུང་ཤིས་ཧུའུ་ཆུས་དང་ཚའེ་ཏན་ཆུས་དང་འབྲེལ་ཞིང་། ནུབ་ཏུ་ཐེན་མོན་དང་འབྲེལ། ལྷོ་རུ་ཞན་ཐའོ་དང་འབྲེལ་ཡོད། བྱང་དུ་དབྱིན་ཁྲེང་དང་། ཡུན་མོང་། ཞའོ་ཀན་བཅས་ཞའོ་ནན་ཆུས་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི55.6དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི53.03ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1663ཡོད།

3_2 ནམ་ཟླ།

ཧན་ཁྲོན་གྲོང་ཁྱེར་ནི་འཕྲེད་ཐིག་དཀྱིལ་མའི་ས་རྒྱུད་དུ་གནས་པ་དང་། དཔེ་མཚོན་ཅན་གྱི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ16.2དང་། ཐལ་སྐྱོད་ཀྱི་དྲོད་ཚད་མཐོ་ཤོས38.4དང་ཐལ་སྐྱོད་ཀྱི་དྲོད་ཚད་དམའ་ཤོས-14.3℃ཡིན། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན255དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1224.9ཡིན།

4 མི་འབོར་དང་མི་རིགས།
4_1 མི་འབོར།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཧན་ཁྲོན་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར(སྤྱི་བདེ་ཅུས་ཀྱི་ཐེམ་ཐོའི་མི་འབོར)1078115ཡོད་པའི་ནང་བུད་མེད503114དང་ཞིང་ལས་མིན་པའི་ཐེམ་ཐོའི་མི་འབོར་49956ཡོད་པ་རེད།

4_2 མི་རིགས།     

ཧན་ཁྲོན་གྲོང་ཁྱེར་ཁོངས་ཀྱི་གྲངས་ཉུང་མི་རིགས་ཁ་འཐོར་དུ་གནས་བའི་ས་ཁུལ་དུ་ཐུའུ་ཅ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། སོག་རིགས། ཡའོ་རིགས། ཏའེ་རིགས། ལི་རིགས། ཏུང་རིགས། ཏུང་ཞང་རིགས། འཇང་རིགས། ཅིན་རིགས། ཧྲེ་རིགས། པུའུ་དབྱི་རིགས། པའེ་རིགས། དབྱིས་རིགས། ཞི་པོ་རིགས། ཏུའུ་ལུང་རིགས། བོད་རིགས། ཡུ་གུར་རིགས། དབའ་རིགས་སོགས་གྲངས་ཉུང་མི་རིགས21ཡོད།

5 དཔལ་འབྱོར།   

སྤྱི་ལོ2018ལོར་ཧན་ཁྲོན་གྲོང་ཁྱེར་གྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར(འཕར་ཐང་དང་ཐོན་རྫས་རིན་ཐང་གསལ་འགོད་བྱས་པ་ཕུད་ཚང་མ་ད་ལྟའི་རིན་གོང་ཡིན་པ)སྒོར་དུང་ཕྱུར551.30ཡིན་པ་དེ་ལོ་གོང་མ་ལས8.7%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་པ)འཕར་ཡོད། ཐོན་ལས་གསུམ་པ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར64.18ཡིན་པ་དང་ལོ་གོང་མ་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར323.85ཡིན་པ་དང་ལོ་གོང་མ་ལས8.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར163.27ཡིན་པ་དང་ལོ་གོང་མ་ལས10.7%འཕར་ཡོད། གྲུབ་ཆའི་གནས་ཚུལ་ལ་བལྟས་ན། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད་སྤྱི་ལོ2017ལོའི12.18:59.19:28.63ནས་སྤྱི་ལོ2018ལོའི11.64:58.74:29.62བར་ལེགས་སྒྲིག་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར53135ཡིན་པ་དང་ལོ་གོང་མ་ལས8.5%འཕར་བ་རེད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 ཚན་རིག་ལག་རྩལ།     

སྤྱི་ལོ2018ལོར་ཧན་ཁྲོན་གྲོང་ཁྱེར་དུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ41595ཡོད་པའི་ནང་འབྲིང་རིམ་གོ་མིང་ཡན་གྱི་མི11031ཡོད་པ་རེད། ཚན་རྩལ་ཁང1དང་ཚན་རིག་ཞིབ་འཇུག་ཁང4ཡོད། ཚན་རྩལ་རྣམ་གྲངས་གསུམ་ལ་མ་དངུལ་སྒོར་ཁྲི23516བཏང་ནས14.6%འཕར་ཡོད། ཆེད་ཁེ་ཐོབ་རེ་ཞུ་ཚད819ཡོད། ད་ཆ་མཐོ་གསར་ལག་རྩལ་ཁེ་ལས34དང་མཐོ་གསར་ལག་རྩལ་ཐོན་རྫས(རྣམ་གྲངས)222ཡོད།

6_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧན་ཁྲོན་གྲོང་ཁྱེར་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ61371དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ33445 མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ11217བཅས་ཡོད་པ་རེད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་ཐུབ་ཚད99.6%ཟིན་ཡོད།

6_3 རིག་གནས་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧན་ཁྲོན་གྲོང་ཁྱེར་དུ་རིག་གནས་ཁང1དང་། རིག་གནས་དོ་དམ་ཁང1 ཟློས་གར་ཁང1 སྤྱི་པའི་དཔེ་མཛོད་ཁང1བཅས་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱིས་ཆེད་དོན་རིག་རྩལ་འཁྲབ་སྟོན་ཐེངས204སྒྲིག་འཛུགས་བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི20ཡོད། སྒྱུ་རྩལ་འགྲེམས་སྟོན་ཐེངས8སྒྲིག་འཛུགས་བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི2ཡོད། སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི18.05ཉར་ཚགས་བྱས་པ་དང་ལོ་ཧྲིལ་པོར་དཔེ་དེབ་སྣ་ཚོགས་ཁྲི329འགྲེམས་སྤེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། གྲོང་ཁྱེར་ཡོངས་སུ་རླུང་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ལས་ཁུངས(ས་ཚིགས)1ཡོད། རླུང་འཕྲིན་དང་བརྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁྱབ་ཚད100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐུད་ཡོད་བརྙན་འཕྲིན་དུད་ཚང་ཁྲི19.88ཟིན་པ། གྲོང་ཁྱེར་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད86.4%ཟིན་པ་བཅས་རེད།

6_4 ལུས་རྩལ་བྱ་གཞག     

སྤྱི་ལོ2018ལོར་ཧན་ཁྲོན་གྲོང་ཁྱེར་གྱིས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་རྒྱུར་དམིགས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་ཤུགས་ཆེན་སྤེལ་ཏེ་ལོ་ཧྲིལ་པོར་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་ཆེ་གྲས་ཐེངས60སྤེལ་བ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི2.5ཡན་ཡོད། 

6_5 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཧན་ཁྲོན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི49དང་འཕྲོད་བསྟེན་ལག་རྩལ་མི་སྣ4405ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ1245དང་ལས་གཉེར་ལས་རོགས་སྨན་པ321ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི83.7ཡོད་པ་དང་མི་སྒེར་གྱིས་སྨན་བཅོས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར1.5གོང་འབུལ་བྱས་ཡོད། འཕྲོད་བསྟེན་རིམས་འགོག་དང་མ་བུ་བདེ་སྲུང་བྱ་བར་མཐོང་ཆེན་བྱས། འཕྲོད་བསྟེན་རིམས་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རིམས་ནད་ཚབས་ཆེན་ཐོན་མེད། འགོས་ནད་ཕོག་ཚད་མི་ཁྲི10ནང་མི215.24ཡོད། ཁྲག་འཇིབ་འབུ་འགོག་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལོ་ཧྲིལ་པོར་ཁྲག་འཇིབ་འབུ་མི་ཐེངས་ཁྲི18.5ལ་ཡོངས་བཤེར་བྱས་པའི་ནང་མི284ཡོད་པ་དང་། དུང་དཀར་གསོད་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི2386ཡིན་པ་དང་གྲོང་གསེབ་ཏུ་ཆུ་བསྒྱུར་བཅོས་བྱས་པར་རིམ་རྩིས་བྱས་ན་ཕན་པ་ཐོབ་ཚད་81.08%ཟིན་ཡོད།

6_6 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2018ལོར་ཧན་ཁྲོན་གྲོང་ཁྱེར་གྱིས་ལས་སྒྱུར་དང་། ལས་སྒྱུར་གསོ་སྦྱོང་མི560ཡོད་པ་དང་། ལས་ཞུགས་མ་བྱས་གོང་གི་མི3860ལ་གསོ་སྦྱོང་བྱས། ལས་བྲལ་ལས་བཟོ་པ་ལོ་དེའི་ནང་ལས་ཞུགས་བསྐྱར་མ་མི་གྲངས2691བྱུང་བ་དང་། ལས་ཞུགས་མི་གྲངས10346འཕར་སྣོན་བྱུང་། ངལ་ནུས་ཕྱིར་གཏོང་མི220སྒྲིག་འཛུགས་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.73%ཟིན། གྲོང་ཁྱེར་དེ་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ192636ཡོད་པ་དང་རྒན་གསོའི་དངུལ་སྒོར་ཁྲི207244སྤྲད་པ་རེད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི890688ཡོད་པ་དང་སྨན་བཅོས་འགན་བཅོལ་འགྲོ་གྲོན་སྒོར་ཁྲི74011བཏང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི39000ཡོད་པ་དང་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི783སྤྲད་པ་རེད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི25806དང་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི54105ཡོད།

7 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཐད་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གློག་བརྙན་གྱི་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བདམས་པ་རེད།

《སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་བརྒྱའི》ཨང17པ།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྟོབས་ལྡན་རྫོང་བརྒྱའི་གྲས།

སྤྱི་ལོ2019ལོའི་ཟླ12པའི་ཚེས28ཉིན“སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱའི་ནང་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ས་ཁུལ།