ཀུང་ཨན་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-25 17:18ལ་འགྲུབ།

ཀུང་ཨན་རྫོང་།

ཀུང་ཨན་རྫོང་།
ཀུང་ཨན་རྫོང་ནི་ཀྲུང་གོའི་ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོའི་མཚམས་སུ་གནས་ཤིང་། ད་བར་ལོ་ངོ2200ལྷག་གི་ལོ་རྒྱུས་ཡོད།ཀུང་ཨན་ནི་སྤྱི་ལོའི་སྔོན་གྱི202ལོར་བཙུགས་པ་དང་། སྐབས་དེར་ཚན་ལིན་ཞེས་འབོད། རྫོང་དེ་ཡོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2258ཡོད་པ་དང་དེའི་ཁོངས་སུ་ཤང་གྲོང16དང་སྲིད་འཛིན་གྲོང་ཚོ321ཡོད། སྤྱིའི་མི་འབོར་ཁྲི107ཡོད་པ་རེད། ཀུང་ཨན་གྱི་ལོ་རྒྱུས་རིང་བ་དང་། རིག་གནས་གཏིང་ཟབ་པ། དེ་ནི་ཅིན་རྒྱལ་རབས་ཤར་མའི་ཁྲེ་ཕུའུ་དང་། མིང་རྒྱལ་རབས་དུས་མཇུག་གི་ཡོན་མིང་པའི་གཅེན་གཅུང་གསུམ། དེང་རབས་ཀྱི་གྲགས་ཅན་དངོས་ཁམས་རིག་པ་མཁས་ཅན་ཝང་ཀྲུའུ་ཤིས་སོགས་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣ་ཁག་གཅིག་གི་འཁྲུངས་ཡུལ་ཡིན་ལ་ཁྲུའུ་རིག་གནས་ཀྱི་འབྱུང་གནས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公安县
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཀྲུང་ཧུའུ་པེ།
མངའ་ཁོངས།
ཏའོ་ཧུའུ་ཐི་གྲོང་རྡལ་དང་། པུའུ་ཧོ་གྲོང་རྡལ། པན་ཀྲུའུ་ཡན་གྲོང་རྡལ་སོགས་ཤང་གྲོང16ཡོད།
སྲིད་གཞུང་གནས་ཡུལ།
ཏོའུ་ཧུའུ་ཐི་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0716
སྦྲག་སྲིད་ཨང་རྟགས།
434300
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོ་རྒྱུད། འབྲི་ཆུའི་དབུས་རྒྱུད། ཅིན་ཅང་གཙང་པོའི་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2258ཡོད།
མི་གྲངས།
ཁྲི107
ཡུལ་སྐད།
ལྷོ་ནུབ་གཞུང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིང་ཅང་ཧྥུན་ཧོང་ལས་གྲྭའི་ལྷོ་བྱང་ཆུ་སྒོ་དང་། ནན་ཕིང་ཝུན་ལྷ་ཁང་། ཅོན་ཆའོ་མཛེས་ལྗོངས་ཁུལ་ཧོང་ཧྲན་ཐོའུ་མཛེས་ལྗོངས་ཁུལ་སོགས་།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཅིན་ཀྲོའུ་ས་ཚིགས།
རླངས་འཁོར་རྟགས་ཚབ་ཨང་།
ཨོ(鄂)D
སྲིད་འཛིན་ཚབ་ཨང་།
421022
1 ངོ་སྤྲོད་མདོར་བསྡུས།

ཀུང་ཨན་རྫོང་ལ་ཞིང་ལས་ཀྱི་རྨང་གཞི་བརྟན་པོ་ཡོད། “འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉ་དང་འབྲས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་དང་སྲིང་བལ། སྣུམ། སྒོ་ཕྱུགས་དང་ཁྱིམ་བྱ། ཆུའི་ཐོན་རྫས་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་རེད། འབྲུ་རིགས་འདེབས་ཁྱོན་ལོ་འཁོར་མོར་མུའུ་ཁྲི110ཙམ་བརྟན་པོ་ཡོད་པ་དང་ལོ་རེར་ཐོན་འབོར་ཏུན་ཁྲི64ལྷག་ཡོད། སྲིང་བལ་འདེབས་ཁྱོན་མུའུ་ཁྲི36ཡས་མས་པ་དང་། ལོ་རེའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི4ཡས་མས་ཡིན། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི52ཡས་མས་ཡིན་པ་དང་ལོར་ཐོན་འབོར་ཏུན་ཁྲི10ལས་བརྒལ་བ། ཚྭ་མེད་ཆུའི་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི27ཡིན་པ་དང་ཆུའི་ཐོན་རྫས་ཀྱི་ལོའི་ཐོན་ཚད་ཏུན་ཁྲི12ཡིན། རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི7.2ཡིན་པ་དང་ལོ་རེར་རྒུན་འབྲུམ་ཏུན་ཁྲི10ཡན་ཐོན་གྱིན་ཡོད། ཁྱིམ་བྱ་གསོ་ཚགས་བྱེད་ཚད་དང་བྱ་སྒོང་ཉོ་སྒྲུབ་བྱེད་ཚད་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས55ཡོད་པ་དང་། ཆེད་ལས་མཉམ་ལས་ཁང527ཡོད། “སྤྱི་བདེའི་ཚགས་ཤ”དང་ཀྲང་ཐེན་དགོན་ཤང་གི་འབྲས་དེ“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས”ཐོན་རྫས་སུ་གཏན་འཁེལ་བྱས་ཡོད།

ཀུང་ཨན་རྫོང་ལ་བཟོ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ཡོད། གསར་སྤེལ་ཁུལ་བསྐྲུན་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ13ཟིན་ནས“ཁུལ་གཅིག་དང་གླིང་བཞི”(གསར་སྤེལ་ཁུལ་དང་། ཆིང་ཅི་བཟོ་ལས་གླིང་། ཁྲེ་ལིང་བཟོ་ལས་གླིང་། པད་རྫིང་བཟོ་ལས་གླིང་། ནན་ཕིང་བཟོ་ལས་གླིང་བཅས)འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། རྫོང་ཡོངས་སུ་ད་ལྟ་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི2000ཡན་ཟིན་པའི་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས140ཡོད་པའི་ནང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་གཞི་ཁྱོན་ཆེ་བའི་ཁེ་ལས58ཡོད་པ་དང་། རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་དང་། སྐྱེ་དངོས་རྫས་འགྱུར་བཟོ་ལས། འཁེལ་འཐག་གྱོན་ཆས། འགྱིག་ཤོག་རྒྱུ་གསར། ཐུམ་སྒྲིལ་ཤོག་བཟོ། ཞིང་ཞོར་ཐོན་རྫས་ལས་སྣོན་བཅས་ཀ་རྟེན་ཐོན་ལས་ཆེན་པོ་དྲུག་ཆགས་ཡོད། ཧུའུ་པེའི་འཁོར་ཟམ་དང་ཁའེ་ལེ་ཚན་རྩལ་ཀུང་སི་གཉིས་ཁྲོམ་རར་བཏོན་པ་དང་ཁའེ་ལེ་ཚན་རྩལ་དང་སློབ་ཁུངས་གསར་པའི་མཛོད་འཇུག་ཁྲལ་དངུལ་སྒོར་དུང་ཕྱུར་ལས་བརྒལ་ནས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་འཕར་མགྱོགས་ཤོས་ཀྱི་རྫོང་དང་གྲོང་ཁྱེར་གྱི་གྲས་ཤིག་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཁོངས་སུ་ཤང་གྲོང16དང་གྲོང་མིའི་ཨུ་ཡོན་ལྷན་ཁང59 སྡེ་མིའི་ཨུ་ཡོན་ལྷན་ཁང321ཡོད་པ་དང་། གྲོང་མིའི་ཚོ་ཆུང3337བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀུང་ཨན་རྫོང་ནི་ཤར་གྱི་གཞུང་ཐིག111º48′~111º25′དང་། བྱང་གི་འཕྲེད་ཐིག29º37′~30º19′བར་དུ་གནས་ཡོད། ཧུའུ་པེ་ཞིང་ཆེན་དབུས་ལྷོའི་མཚམས་དང་། འབྲི་ཆུའི་ཧྲང་ཅིང་གཙང་པོའི་ལྷོ་ངོགས་སུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ75དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ51ཡོད། ཀུང་ཨན་གྱི་བྱང་དང་ཅིང་ཀྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙང་པོའི་ཆོད་ཡོད།

3_2 ནམ་ཟླ།     

ཀུང་ཨན་གྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་བ་དང་། སད་རྒྱག་པའི་དུས་ཡུན་ཐུང་བ། ཉི་འོད་ཕོག་རིང་བ། ཆར་པ་འབབ་ཚད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དཔྱིད་དུས་ཀྱི་དྲོ་གྲང་ལ་འགྱུར་ལྡོག་ཆེ་བ་དང་། དྲོད་ཚད་འཕར་མགྱོགས་པ། ཆར་ཚད་རིམ་བཞིན་འཕར་བ། དབྱར་དུས་ཚ་བ་ཆེ་ཞིང་བཞའ་ཚན་ཆེ་བ། ཆར་ཚད་མི་སྙོམས་པ། སྟོན་ཁར་ཉི་མ་དྲོ་ཞིང་མཚན་མོ་བསིལ་ལ་ཆར་པ་འབབ་ཚད་ཉུང་དུ་འགྲོ་བ། དགུན་དུས་གྲང་ཞིང་སྐམ་ཤས་ཆེ་བ་དང་། དྲོད་ཚད་དམའ་ཞིང་ཆར་ཆུ་ཉུང་། ཚ་བ་ཆེ་བ་དང་སད་མེད་དུས་རིང་བ། དྲོད་ཚད་དམའ་བའི་འཁྱགས་སྐྱོན་ཐེངས་གྲངས་ཅུང་ཉུང་བ། འབྲུ་རིགས་དང་སྲིང་བལ། སྣུམ། ནགས་ཚལ། ཁྱད་ཆོས་སོགས་སྐྱེ་དངོས་སྣ་མང་སྐྱེས་པར་འཚམ་པ། ཚ་ཁུལ་ཕལ་བའི་ཤིང་ཏོག་དང་ཁྱད་ཐོན་ཐོན་རྫས་སོགས་དཔལ་འབྱོར་སྣ་མང་གི་ཆུའི་ཐོན་ཁུངས་ཡོད། རྒྱུན་ལྡན་དུ་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་0ཡིན་པ་དེ་དཔྱིད་དུས་ཀྱི་འགོ་ཚུགས་ཉིན་མོ་ཡིན་པ་དང་། 22℃ལས་ཆེ་བ་ནི་དབྱར་དུས་ཀྱི་འགོ་ཚུགས་ཉིན་མོ་ཡིན་པ། 10℃ལས་ཆུང་བ་ནི་དགུན་དུས་ཀྱི་འགོ་ཚུགས་ཉིན་མོ་ཡིན་པ། 10℃ནས22℃བར་ནི་དཔྱིད་ཀ་དང་སྟོན་ཀའི་དུས་ཚིགས་ཡིན།

4 མི་འབོར་དང་འཕྲོད་བསྟེན།     

སྤྱི་ལོ2015ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་དུད་ཚང་ཁྲི33ཡོད་པ་དང་མི་འབོར་བསྡོམས་འབོར་ཁྲི107ཡོད། སྤྱི་ལོ2015ལོར་རྫོང་ཡོངས་སུ་མི9080སྐྱེས་པ་དང་། སྐྱེས་པའི་སྲིད་ཇུས་དང་མཐུན་ཚད96.64%ཟིན་ཡོད་པ་རེད། རྫོང་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྒྲིག་གཞི28ཡོད་པའི་ནང་རྫོང་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཚན་པ12དང་། ཤང་གྲོང་འཕྲོད་བསྟེན་ཁང15(ལྟེ་བའི་འཕྲོད་བསྟེན་ཁང4) སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1བཅས་ཡོད་པ་རེད། ཉལ་ཁྲི3651ཡོད་པ་དང་། འཕྲོད་བསྟེན་མི་སྣ3763ཡོད། དེའི་ནང་ལས་ཐོག་འཕྲོད་བསྟེན་ལག་རྩལ་མི་སྣ3715ཡོད་པ་དང་། སྒྲིག་ཁོངས་སུ་ཡོད་པའི་མི2675ཡོད། མཐོ་རིམ་ལག་རྩལ་གོ་མིང་ཡོད་པའི་མི167(མཐོ་རིམ་རྒན་པའི་མི23དང་། མཐོ་རིམ་གཞོན་པའི་མི144)ཡོད་པ། འབྲིང་རིམ་ལག་རྩལ་གོ་མིང་ཡོད་པའི་མི1581ཡོད། གྲོང་ཚོའི་འཕྲོད་བསྟེན་ཁང356དང་གྲོང་གསེབ་ཀྱི་སྨན་པ725ཡོད།

5 དཔལ་འབྱོར།

སྤྱི་ལོ2014ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར194.89ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས10.1%འཕར་ཡོད། ཐོན་ལས་གསུམ་པའི་ཁྲོད་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར59.15ཡོད་པ་དང་ལོ་གོང་མ་ལས5.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར83.99ཡོད་པ་དང་ལོ་གོང་མ་ལས11.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར51.75ཡིན་པ་དང་སྔ་ལོ་ལས13.0%འཕར་ཡོད། ཐོན་ལས་ཀྱི་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་ནི30.3:43.1:26.6ཡིན་པའི་ནང་ཐོན་ལས་དང་པོའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.6ཆག་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.1ཆག། ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.7འཕར་བ་བཅས་རེད།

6 སྤྱི་ཚོགས་ཀྱི་ལས་དོན།   
6_1  དམངས་སྲིད་ལས་དོན།     

སྤྱི་ལོ2014ལོར་རྫོང་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང9395དང་མི16208ཡོད་པ་དང་སྒོར་ཁྲི3760སྤྲད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱེད་མཁན་དུད་ཚང22218དང་མི་གྲངས32724ཡོད་པ་དང་དངུལ་འབོར་སྒོར་ཁྲི3678སྤྲད། གྲོང་གསེབ་ཀྱི་འགན་བཅོལ་ལྔའི་ལམ་ལུགས་ལོངས་སྤྱོད་བྱེད་མཁན2972(དེའི་ནང་མི1304དང་མི1668ལ་གཅིག་སྡུད་བྱས་པ)སྤྲད་པའི་དངུལ་འབོར་སྒོར་ཁྲི857ཡིན། སྨན་བཅོས་རོགས་སྐྱོབ་མི་ཐེངས25284ལོངས་སྤྱོད་བྱས་པ་དང་དངུལ་འབོར་སྒོར་ཁྲི1170སྤྲད། སྐབས་འཕྲལ་རོགས་སྐྱོབ་མི་ཐེངས6600བྱས་པ་དང་དངུལ་འབོར་སྒོར་ཁྲི343སྤྲད་པ་རེད།     སྤྱི་ལོ2014ལོར་རྫོང་ཡོངས་སུ་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་མི7693ཡོད་པ་དང་འཆི་གོད་གྱོང་གསབ་རོགས་དངུལ་སྒོར་ཁྲི4151སྤྲད་ཡོད། འོས་འགན་དམག་མི776བསྡུ་ལེན་བྱས་པ་དང་གཟིགས་སྐྱོང་དངུལ་སྒོར་ཁྲི873སྤྲད་པ་རེད།     སྤྱི་ལོ2014ལོར་དྭ་ཕྲུག336ཐོ་འགོད་བྱས་པ་དང་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགྲོ་གྲོན་སྒོར་ཁྲི270.78སྤྲད་པ་རེད།

6_2 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2015ལོར་ཀུང་ཨན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ8026གསར་དུ་འཕར་བ་དང་། ལས་བྲལ་ལས་ཤོར་མི་སྣ2560བསྐྱར་དུ་ལས་ཞུགས་ཐུབ་པ་རེད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ4769སྤོ་སྒྱུར་ལས་ཞུགས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི4.1ནང་ཚུན་དུ་ཚོད་འཛིན་བྱས་ཡོད། རྫོང་དེ་ཡོངས་སུ་མི676ལས་གཏོད་ལ་རོགས་སྐྱོར་བྱས་པ་དང་མི2769ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། གྲངས་ཉུང་དངུལ་བུན་ཁག676བཏང་བ་དང་དངུལ་བུན་བསྡོམས་འབོར་སྒོར་ཁྲི4232ཡིན་པ་དང་གསོ་སྦྱོང་མི་སྣ3752ཡོད་པ་རེད།    ཀུང་ཨན་རྫོང་གིས་རིམ་རྩིས་བྱས་ན་འགན་བཅོལ་ནང་ཞུགས་མཁན་ཚན་པ808ཞིབ་བཤེར་གཏན་འཁེལ་བྱས་པ་དང་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི41(འགན་བཅོལ་ལྔ)ཟིན། རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར7.5བསྡུ་ལེན་བྱས་ཡོད། རིམ་རྩིས་བྱས་ན་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཁག་སྒོར་དུང་ཕྱུར10སྤྲད། སྤྱི་ལོ2015ལོར་འགན་བཅོལ་ནང་ཞུགས་མཁན་ཁྱོན་ལས་འཁྱུར་ངལ་གསོ་རྒྱག་མཁན2013བདག་སྤྲོད་བྱས་པ་རེད།    ཀུང་ཨན་རྫོང་གི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ17840ཡོད་པ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ334ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན6དང་། ཞིང་ཆེན་གྱི་དམིགས་བསལ་ལེགས་སྐྱེས་ཕུལ་མཁན་ན་གཞོན་རིགས་གཅིག་མཁས་ཅན1 ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཕོགས་སྣོན་ཐོབ་མཁན3 ཞིང་ཆེན་གྲོང་གསེབ་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ3 གྲོང་ཁྱེར་སྲིད་གཞུང་གི་ཕོགས་སྣོན་ལེན་མཁན6བཅས་ཡོད།

6_3 སློབ་གསོ།     

ཀུང་ཨན་རྫོང་ལ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ194ཡོད་པའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་ལས་རིགས་ལག་རྩལ་སློབ་གྲྭ1དང་། ཞིང་ཆེན་རིམ་པའི་དཔེ་སྟོན་སློབ་གྲྭ4གྲོང་ཁྱེར་རིམ་པའི་དཔེ་སྟོན་སློབ་གྲྭ10བཅས་ཡོད་པས་རྫོང་དེ་ཡོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་རྒྱུ་ཧུའུ་པེ་ཞིང་ཆེན་གྱི་སྔོན་ཐོན་གྲས་སུ་སླེབས་ཡོད།     ཀུང་ཨན་གསར་པའི་སློབ་འབྲིང་དང་པོའི་ཉེ་བའི་ལོ་ཤས་རིང་། སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཤུགས་ཆེན་བྱས་པར་མ་དངུལ་སྒོར་དུང་ཕྱུར6.83བཏང་བ་དང་། སློབ་གྲྭའི་བདེ་འཇགས་འདུ་འགོད་དང་ཕྱོགས་ཡོངས་ནས་ཉམས་ཞན་སྒྱུར་བཀོད་སོགས་ལས་གྲྭ་ཆེན་པོ་བཅུ་གཅིག་འཛུགས་སྐྲུན་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱས་པ། རྫོང་གི་ཚོད་ལྟའི་སློབ་ཆུང་བཤིག་ནས་བསྐྱར་སྐྲུན་དང་། རྫོང་གི་སློབ་འབྲིང་དང་པོ། རྫོང་གི་དམིགས་བསལ་སློབ་གྲྭ་གནས་སྤོ་འཛུགས་སྐྲུན་སོགས་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ལེགས་གྲུབ་ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གཉེར་ཆ་རྐྱེན་སྤྱི་ཡོངས་ནས་རིམ་སྤོར་དང་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ས་ཁོངས།