ཅན་ལི་རྫོང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-25 15:02ལ་འགྲུབ།

ཅན་ལི་རྫོང་།

ཅན་ལི་རྫོང་།
ཅན་ལི་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོ་དང་། ཅང་ཧན་བདེ་ཐང་གི་ལྷོ་སྣེ། ཏུང་ཐིང་མཚེའུ་བཅས་ཀྱི་བྱང་ངོས་སུ་ཆགས་ཡོད། ལྷོ་ནས་འབྲི་ཆུ་དང་། བྱང་ནས་ནང་ཧྲུའེ། ཤར་ནས་ཧོང་ཧུའུ། ནུབ་ནས་ཅང་ལིན་དང་ཧྲི་ཧྲོའུ། ཧུའུ་ནན་གྱི་ཡུའེ་དབྱང་གྲོང་ཁྱེར་བཅས་དང་གཙང་པོས་ཆོད་ཡོད། ཅན་ལི་རྫོང་སྲིད་གཞུང་ནི་རོང་ཁྲེང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3460ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཅན་ལི་རྫོང་ཁོངས་སུ་ཤང3དང་། གྲོང་རྡལ18 དོ་དམ་ཁུལ2 དཔལ་འབྱོར་གསར་སྤེལ་ཁུལ1 སྡེ་ཁུལ་གྱི་གྲོང་ལྷན67སྒྲིག་ཚུད་གྲོང་ཚོ323བཅས་ཡོད་པ་དང་། མི་འབོར་བསྡོམས་འབོར་ཁྲི156.6ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར282.8ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 
监利县
ཕྱི་ཡིག་གི་མིང་།
Jianli County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཞང3དང་། གྲོང་རྡལ18 དོ་དམ་ཁུལ2
སྲིད་གཞུང་གནས་ཡུལ།
རུང་ཁྲེང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0716
སྦྲག་སྲིད་ཨང་རྟགས།
433300
གནས་ཡུལ།
ཧུའུ་པེ་ཞིང་ཆེན་དབུས་ལྷོ་རྒྱུད། འབྲི་ཆུའི་བྱང་ངོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3460
མི་གྲངས།
ཁྲི156.6(སྤྱི་ལོ2018ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དང་ཤང་ཨེ་ཤིས་གསར་བརྗེའི་ལོ་རྒྱུས་དྲན་གསོ་ཁང་།
རླངས་འཁོར་ཚབ་ཨང་།
ཨོ(鄂)D
སྲིད་འཛིན་ཚབ་ཨང་།
421023
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1930ལོའི་ཟླ9པར། ཅན་ལི་ལས་ཧུའུ་ནན་དང་ཧུའོ་པེའི་ནུབ་ཀྱི་སུའུ་ཝེ་ཨེད་མཉམ་འབྲེལ་རྫོང་སྲིད་གཞུང་བཙུགས།

སྤྱི་ལོ1931ལོའི་ཟླ12པར་ཅན་ལི་རྫོང་ཀྲོའུ་ལའོ་ཙུའེ་རུ་ཧུའུ་ནན་དང་ཧུའོ་པེའི་ནུབ་ཀྱི་ཞིང་ཆེན་སུའུ་ཝེ་ཨེད་སྲིད་གཞུང་བཙུགས།

སྤྱི་ལོ1943ལོ་ནས་སྤྱི་ལོ1946ལོའི་བར་ཅན་ལི་ནུབ་བྱང་ས་ཁུལ་དུ་ཅན་ལི་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། རྫོང་བྱང་ཤར་ས་ཁུལ་དུ་ལྟ་སྐུལ་ལག་བསྟར་ཨུ་ཡོན་ལྷན་ཁང་བཙུགས་པ་ཚང་མ་ཞང་ནན་སྲིད་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་རེད།

སྤྱི་ལོ1947ལོ་ནས་སྤྱི་ལོ1949ལོའི་བར་རྫོང་གི་བྱང་རྒྱུད་དེ་བཅིངས་འགྲོལ་ས་ཁུལ་དུ་གྱུར་པ་དང་། རྫོང་གི་དམངས་གཙོའི་སྲིད་གཞུང་གི་མངའ་འོག་ཏུ་བཅུག་པ་རེད།

སྤྱི་ལོ1949ལོའི་ཟླ4པར་ཅན་ལི་རྫོང་བཅིངས་འགྲོལ་བཏང་ཞིང་། མིན་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ5པར་ཅན་ལི་རྫོང་གི་མི་དམངས་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་རྫོང་སྲིད་གཞུང་ཀྲོའུ་ལའོ་ཙུའེ་རུ་བཅའ་སྡོད་བྱས་ཤིང་། ཟླ7པར་རུང་ཁྲེང་དུ་སྤོས།

སྤྱི་ལོ1950ལོའི་ཟླ3པར་ཅན་ལི་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར་ཞིང་། ཐོག་མར་ཡན་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ཅན་ལི་རྫོང་གི་པ་ཧྲན་ཝན་དང་སན་ཧོ་ཆོན། ཀོང་ཧྲན་ཡོན། ཝུའུ་ཧའོ་ཡོན། ཇེམ་ཏའོ་ཁྲུ་སོགས་ཀྱི་ས་ཁོངས་དང་། ཧོང་ཧྲུའེ་ཀང་ཐད་གཏོགས་ཀ་བ་དང་ཕུའུ་ཧྥེང་ལེན། ལུའུ་ཞི་ཝན། པའོ་ཨན་སོགས་ས་ཁུལ་ཁག་ཅིག་ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱང་རྫོང་གི་ཁོངས་སུ་གཏོགས། ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱང་རྫོང་གི་ཧྥུ་ཞིན་ཝན་དང་སན་དབྱི་ཞང་། ཧྲི་ཧོ་ཆོན། ཆིའུ་ཅང་། ཁེ་ཁྲེང་། ཀྲུང་ཀྲོའུ། ཞུང་ཅ་ཆོན། དེ་བཞིན་ཡུང་ཀུའུ་དང་། ཞིན་ཡུང་། ཀུའུ་ཁྲེང་ཧྥུ་བཅས་ཀྱི་ས་ཁུལ་ཁག་གཅིག་ཧུའུ་པེ་ཞིང་ཆེན་གྱི་ཆན་ལི་རྫོང(སྤྱི་ལོ1950ལོའི་ཟླ7པར)ཁོངས་སུ་བཅུག་ཡོད།

སྤྱི་ལོ1951ལོའི་ཟླ2པར་ཅིན་ཀྲོའུ་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1994ལོའི་ཟླ10པར་ཅིན་ཧྲ་དང་མཉམ་དུ་ཅིན་ཧྲ་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1996ལོའི་ཟླ12པར་ཅིན་ཧྲ་གྲོང་ཁྱེར་ཞེས་པར་བསྒྱུར། ཅིན་ཀྲོའུ་གྲོང་ཁྱེར་ནི་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1996ལོར་ཅན་ལི་རྫོང་གི་རྒྱ་ཁྱོན་སྟོང་ལ་སྨི་གྲུ་བཞི་མ350ཡོད་པ་དང་། མི་འབོར་ཁྲི136.5ཙམ་ཡོད་ཅིང་། ཁོངས་གཏོགས་སུ་གྲོང་རྡལ18དང་ཞང6ཡོད། རྫོང་སྲིད་གཞུང་ནི་རོང་ཁྲེང་དུ་བཅའ་སྡོད་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཅན་ལི་རྫོང་ཁོངས་སུ་ཤང3དང་། གྲོང་རྡལ18དོ་དམ་ཁུལ2 དཔལ་འབྱོར་གསར་སྤེལ་ཁུལ1 སྡེ་ཁུལ་གྱི་གྲོང་ལྷན67 སྒྲིག་ཚུད་གྲོང་ཚོ323བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཅན་ལི་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་དབུས་ལྷོ་དང་། ཅང་ཧན་བདེ་ཐང་གི་ལྷོ་སྣེ། ཏུང་ཐིང་མཚེའུ་བཅས་ཀྱི་བྱང་ངོས་སུ་ཆགས་ཡོད། ལྷོ་ནས་འབྲི་ཆུ་དང་། བྱང་ནས་ནང་ཧྲུའེ། ཤར་ནས་ཧོང་ཧུའུ། ནུབ་ནས་ཅང་ལིན་དང་ཧྲི་ཧྲོའུ། ཧུའུ་ནན་གྱི་ཡུའེ་དབྱང་གྲོང་ཁྱེར་བཅས་དང་གཙང་པོས་ཆོད་ཡོད། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3460ཡོད།

3_2 ནམ་ཟླ།     

ཅན་ལི་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཁུལ་དུ་གཏོགས། འོད་འདང་བ། དྲོད་ཚད་ཕུན་སུམ་ཚོགས་པ། སད་མེད་དུས་རིང་བ། གྲོང་ཁྱེར་དེ་ཡོངས་ཀྱི་ཉི་མའི་ལོ་རེའི་རྩིབས་འཕྲོའི་བསྡོམས་འབོར་ནིལི་སྨི་གྲུ་བཞི་མ་རེར་སྟོང་ཁཱ104-110བར་དང་། ལོ་རེའི་ཉི་འོད་ཕོག་ཡུན་ཆུ་ཚོད1800-2000ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད15.9℃-16.6℃དང་། ལོ་རེའི་སད་མེད་དུས་ཉིན242-263ཡིན།

4 མི་གྲངས་དང་མི་རིགས།    
4_1 མི་གྲངས།     

སྤྱི་ལོ2017ལོའི་ལོ་མཇུག་བར་ཅན་ལི་རྫོང་དུ་རྒྱུན་སྡོད་མི་འབོར་ཁྲི104.73ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི45.62ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད43.56%ཟིན་ཡོད།     

4_2 མི་རིགས།     

ཅན་ལི་རྫོང་གི་རྒྱུན་སྡོད་མི་རིགས་ཁྲོད་རྒྱ་རིགས་ཀྱིས99%ཡན་ཟིན་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་། ཀྲོང་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། སོག་རིགས་སོགས་མི་རིགས13ཡོད་ཅིང་། ཁྱོན་བསྡོམས་མི་གྲངས700ལྷག་ཙམ་ཡོད་པ་དང་། ཧུའེ་རིགས་མང་ཤོས་ཡིན།

5 དཔལ་འབྱོར།     

སྤྱི་ལོ2013ལོར་ཅན་ལི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར194.87ཡིན་པ་དེ་སྤྱི་ལོ2012ལོ་ལས10%འཕར་བ་དང་། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར145.48བཏང་བ་དེ་སྤྱི་ལོ2012ལོ་ལས29.7%འཕར་བ་རེད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.67ཡིན་པ་དེ་སྤྱི་ལོ2012ལོ་ལས32.5%འཕར་བ་དེའི་ནང་ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.69ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས31.1%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར92.8ཡིན་པ་དེ་སྤྱི་ལོ2012ལོ་ལས12.7%འཕར་ཡོད། ཅན་ལི་རྫོང་གི་དངུལ་རྩའི་སྒྲིག་གཞི་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར220.84ཡིན་པ་དེ་སྤྱི་ལོ2013ལོའི་ལོ་སྟོད་ལས36.67%འཕར་བ་དང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར89.84ཡིན་པ་དེ་སྤྱི་ལོ2013ལོའི་ལོ་སྟོད་ལས18.73%འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 རིག་གནས།     

སྤྱི་ལོ2017ལོར་ཅན་ལི་རྫོང་དུ་རིག་གནས་བྱ་གཞག་སྒྲིག་གཞི7ཡོད་པའི་ནང་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1 རྟེན་རྫས་བཤམས་མཛོད་ཁང1 སྒྱུ་རྩལ་ཞིབ་འཇུག་ཁང1 རིག་དངོས་དོ་དམ་ཁང1 ཤང་གྲོང་རིག་གནས་ས་ཚིགས21བཅས་ཡོད་པ་རེད། 《ཀྲུང་གོའི་བརྙན་པར་ཧྥང་ཀྲའོ·ཅན་ལིའི་ལེའུ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སུ་བསྟན་པ་དང་། གསར་རྩོམ་ཞབས་བྲོ《ཞིང་གླུ་མཛེས་སྡུག་ལྡན་པའི་གློག་བརྙན》ལ་ཞིང་ཆེན་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་དེང་རབས་ཅིང་ཀྲོའུ་ཡི་ཧྭ་ཀུའུ་ཟློས་གར《ཞ་སྨིའི་ཟློས་གར་གྱི་འབྲས་བུ》ཞེས་པ་ཅིན་ཁྲུའུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོར་བྱ་དགའ་ཐོབ་པ་རེད། ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས“རིག་གནས་དམངས་ཕན་དང་ཟློས་གར་གྲོང་གསེབ་ཏུ་སྐྱེལ་བ”དང“གནད་སྨིན་དབུལ་སྐྱོར·རིག་གནས་རོགས་འདེགས”སོགས་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁེ་ཕན་གནམ་སྔོན་འོག་གི“དུད་ཚང་ཁྲི་ཡི་གཏུམ་དྲག་མེད་པའི”ཁྲོད་ཧྥུང་ཧོང་དྲ་བའི“ལོ་འཁོར་གྱི་སྤྱི་ཕན་རྣམ་གྲངས་བཅུའི”དཔྱད་འདེམས་ཐོབ་པ། “གྲོང་ཁྱེར་ཆུང་ངུའི་གཅེས་སེམས་ཆེན་པོའི”སྤྱི་ཕན་དང་བླངས་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

6_2 འཕྲོད་བསྟེན།     

སྤྱི་ལོ2017ལོར་ཅན་ལི་རྫོང་གི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་བསྣན་གྲུབ་ཕྱོགས་ཡོངས་ནས་མེད་པ་བཟོས་པ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་གཟུགས་འཛུགས་སྐྲུན། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་བཅས་དངོས་སུ་སྤེལ་འགོ་ཚུགས། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་པ་དང་། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད་ལོ་རེ་བཞིན་དམའ་རུ་ཕྱིན། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་གྲོང་དུ་བསྐྱར་ཞིབ་དང་ཞིང་ཆེན་རིམ་པའི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། ཤང་དང་གྲོང་རྡལ13གྱི་དོ་དམ་ཁུལ་གྱི་ཁྲག་ནད་སྔོན་འགོག་དང་བརྒྱུད་ཚད་ལོན་ནས་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་བཅས་རེད། རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི853ཡོད་པའི་ནང་རྫོང་དང་རྫོང་ཡན་གྱི་སྨན་ཁང9ཡོད་པ་དང་། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི4444ཡོད་པ། འཕྲོད་བསྟེན་ལག་རྩལ་མི་སྣ3688ཡོད་པ་དང་། མི་སྟོང་རེར་སྨན་ཁང་གི་ཉལ་ཁྲི2.77ཡོད།

6_3 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26730ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས8.6%འཕར་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15520ཡིན་པ་དང་དུས་མཚུངས་ལས8.8%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི16.15ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི131.15ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི3.86ཡོད་པ་དང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི54.6ཡོད་པ་དེ་ལོ་གོང་མ་ལས་མི་ཁྲི0.2འཕར་ཡོད། ལོ་ཧྲིལ་པོར་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི15594.1སྤྲད་པ་དང་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ54321ལོངས་སྤྱོད་བྱས་པ་དེའི་ནང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ42228དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ9469 འགན་ལེན་ལྔའི་འགན་ལེན་བྱ་ཡུལ2624བཅས་ཡོད་པ་རེད།

6_4 སློབ་གསོ།     

སྤྱི་ལོ2017ལོ་བར་ཅན་ལི་རྫོང་དུ་སློབ་འབྲིང་དཀྱུས་མ52ཡོད་པ་དང་། ཆེད་བསྐོས་དགེ་རྒན3788ཡོད། སློབ་མ20062བསྡུས་པ་དང་། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ57846ཡོད། སློབ་ཐོན་སློབ་མ18282ཡོད་པ་བཅས་རེད། དེའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ18985དང་སློབ་ཐོན་སློབ་མ6805ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ38861དང་སློབ་ཐོན་སློབ་མ11477ཡོད། རྫོང་ཡོངས་སུ་ཁྱོན་སློབ་ཆུང113དང་ཆེད་བསྐོས་དགེ་རྒན4048ཡོད་པ་དང་། སློབ་མ14531བསྡུས་པ། སློབ་གྲྭར་ཡོད་པའི་སློབ་མ92715ཡོད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད་པ་རེད། བུ་བཅོལ་ཁང139དང་ཆེད་བསྐོས་དགེ་རྒན1393ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ40434ཡོད་པ་རེད། དམིགས་བསལ་སློབ་གསོའི་སློབ་གྲྭ1ཆེད་བསྐོས་དགེ་རྒན23སློབ་གྲྭར་ཡོད་པའི་སློབ་མ92ཡོད།

7 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2013ལོའི་ཟླ12པར་ཧུའུ་པེ་ཞིང་ཆེན་རིག་གནས་ཐིང་གིས“ཧུའུ་པེ་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་སྤྲད་པ་རེད།

སྤྱི་ལོ2014ལོའི་ཟླ9པར་ཧུའུ་པེ་ཞིང་ཆེན་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་ཅན་ལི་ལ“ཧུའུ་པེ་ཞིང་ཆེན་པར་ལེན་ཕ་ཡུལ”གྱི་མཚན་སྙན་སྤྲད་པ་རེད།

སྤྱི་ལོ2015ལོའི་ཟླ6པར་ཅན་ལི་ལ་ཧུའུ་པེ་ཞིང་ཆེན་གྱི“ཤེས་དཔལ་རྫོང་གྲོང”གི་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2016ལོའི་ཟླ3པར“རྒྱལ་ཡོངས་ཀྱི་དང་བླངས་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ། ཟླ་བདུན་པར“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང”གི་མཚན་སྙན་ཐོབ་པ་དང་། ཟླ9པར་ཅན་ལི་ལ“ཧུའུ་པེའི་ཡིག་གཟུགས་འབྲི་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་པ།

སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་དུ་མིང་བཏགས།

སྤྱི་ལོ2018ལོའི་ཟླ6པའི་ཚེས28ཉིན་ཅན་ལི་རྫོང་ལ“ཀྲུང་གོའི་ཆ་ཡིག་རིག་གནས་རྫོང་ཡག་ཤོས”ཀྱི་མཚན་སྙན་ཐོབ་ཡོད།

སྤྱི་ལོ2018ལོའི་ཟླ2པའི་ཚེས9ཉིན་ཀྲུང་གོ་འབྲུ་སྣུམ་སློབ་ཚོགས་ཀྱིས“ཀྲུང་གོའི་གྲོ་ཞིབ་དགེ་རྒན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་སྤྲད་ཡོད།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཐད་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གློག་བརྙན་བེད་སྤྱོད་རྫོང་གི་མིང་ཐོའི་ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།