ལིའོ་དབྱང་རྫོང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-03-25 10:55ལ་འགྲུབ།

ལིའོ་དབྱང་རྫོང་།

ལིའོ་དབྱང་རྫོང་།
ལིའོ་དབྱང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལིའོ་ཏུང་ཕྱེད་གླིང་གི་ཕྱི་ཕྱོགས་ལ་སྒོ་འབྱེད་ཡོད་པའི་རྫོང་གི་གྲས་ཤིག་ཡིན། དེ་ནི་ལིའོ་ཏུང་ཕྱེད་གླིང་གི་དབུས་ཁུལ་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2511ཡོད། དེའི་ཁོངས་སུ་ཤང་དང་གྲོང་རྡལ15(གྲོང་རྡལ12དང་། ཤང1མི་རིགས་ཤང2)ཡོད་པ་དང་། གྲོང་ཚོ199ཡོད་ཅིང་། ད་ལྟ་མི་གྲངས་ཁྲི50ཡོད། ལིའོ་དབྱང་རྫོང་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད7.1~9.5℃ཡིན་ལ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི730.6ཟིན་ཡོད། རྒྱལ་ཁབ་ཀྱི་ཚོང་འབྲུ་རྟེན་གཞིའི་རྫོང་དང་ཞིང་ཆེན་གྱི་ཚོང་ཉ་རྟེན་གཞིའི་རྫོང་ལ་གཏོགས། གཏེར་ཁ་ལ་རྡོ་སྣུམ་དང་ཟངས། ལྕགས། ཞ་ཉེ། བྱེ་ལྕགས། ཀུའེ་རྡོ། ཞི་ཐུའུ་སོགས་ཡོད། སྤྱི་ལོ2010ལོར་ལིའོ་དབྱང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར205.2ཟིན་ཡོད། མཛེས་ལྗོངས་ཁུལ་གཙོ་བོ་ལ་ཧུ་ཧོ་ཀོའུ་ཡི་རང་བྱུང་མཛེས་ལྗོངས་ཁུལ་དང་། པཱ་ཧུའེ་ཐུང་མིང་རི་བོའི་མཛེས་ལྗོངས་ཁུལ། ཞའོ་ཐུན་ཡེ་མའོ་བྲག་ཕུག་གི་མཛེས་ལྗོངས་ཁུལ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽阳县
ཕྱི་ཡིག་གི་མིང་།
Liaoyang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2700ཡོད།
​ཁོངས་གཏོགས་ས་ཁུལ། 
ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་གྲོང་ཁྱེར།
མི་འབོར།
ཁྲི57ཡོད། (སྤྱི་ལོ2010ལོ)
​ མངའ་ཁོངས།
ཞའོ་པེ་ཧུ་གྲོང་རྡལ་དང་། ཧྲོའུ་ཧྲན་གྲོང་རྡལ། ལིའུ་ཨེར་པའོ་གྲོང་རྡལ་བཅས་ཡོད།
ཡུལ་སྐད།
བྱང་ཤར་སྐད།
​མཛེས་ལྗོངས་གྲགས་ཅན།
ཐུང་མིང་རི་བོའི་མཛེས་ལྗོངས་ཁུལ་དང་ཧུ་ཧོ་ཀོའུ་མཛེས་ལྗོངས་ཁུལ་སོགས་ཡོད།
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
​སྲིད་གཞུང་གནས་ཡུལ།
ཧྲོའུ་ཧྲན་གྲོང་རྡལ་རེན་མིན་ལམ་དུ་གནས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0419
​མེ་འཁོར་འབབ་ཚུགས།
ལིའོ་དབྱང་འབབ་ཚུགས། ཧྲོའུ་ཧྲན་འབབ་ཚུགས།
རླངས་འཁོར་ཚབ་ཨང་། 
ལིའོ(辽)K
​སྦྲག་སྲིད་ཨང་རྟགས།
111200
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
211021
ཡུལ་ཐོན་ཁྱད་རྫས།
ཤིང་འབྲས་པན་ལི། ནན་ཀུའོ་ལི། ཞང་ཧྲུའེ་ལི།
གནས་ཡུལ། 
ལིའོ་དབྱང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད།
1 ངོ་སྤྲོད་མདོར་བསྡུས།

ལིའོ་དབྱང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལིའོ་ཏུང་ཕྱེད་གླིང་གི་ཕྱི་ཕྱོགས་ལ་སྒོ་འབྱེད་ཡོད་པའི་རྫོང་གི་གྲས་ཤིག་ཡིན། དེ་ནི་ལིའོ་ཏུང་ཕྱེད་གླིང་གི་དབུས་ཁུལ་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2511ཡོད། དེའི་ཁོངས་སུ་ཤང་དང་གྲོང་རྡལ15(གྲོང་རྡལ12དང་། ཤང1མི་རིགས་ཤང2)ཡོད་པ་དང་། གྲོང་ཚོ199ཡོད་ཅིང་། ད་ལྟ་མི་གྲངས་ཁྲི50ཡོད།

ལིའོ་དབྱང་རྫོང་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད7.1~9.5℃ཡིན་ལ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི730.6ཟིན་ཡོད། རྒྱལ་ཁབ་ཀྱི་ཚོང་འབྲུ་རྟེན་གཞིའི་རྫོང་དང་ཞིང་ཆེན་གྱི་ཚོང་ཉ་རྟེན་གཞིའི་རྫོང་ལ་གཏོགས། གཏེར་ཁ་ལ་རྡོ་སྣུམ་དང་ཟངས། ལྕགས། ཞ་ཉེ། བྱེ་ལྕགས། ཀུའེ་རྡོ། ཞི་ཐུའུ་སོགས་ཡོད། ཁྲང་ཏཱ་ལྕགས་ལམ་དང་ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ་མཚམས་བརྒལ་བྱས་ཡོད།

སྤྱི་ལོ2010ལོར་ལིའོ་དབྱང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར205.2ཟིན་ཡོད། མཛེས་ལྗོངས་ཁུལ་གཙོ་བོ་ལ་ཧུ་ཧོ་ཀོའུ་ཡི་རང་བྱུང་མཛེས་ལྗོངས་ཁུལ་དང་། པཱ་ཧུའེ་ཐུང་མིང་རི་བོའི་མཛེས་ལྗོངས་ཁུལ། ཞའོ་ཐུན་ཡེ་མའོ་བྲག་ཕུག་གི་མཛེས་ལྗོངས་ཁུལ་བཅས་ཡོད།       

2 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་བཅོས་སྐྱོང་བྱས་ཤིང་། ལིའོ་ཏུང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1954ལོར་གྲོང་ཁྱེར་དང་རྫོང་ལིའོ་ཉིང་ཞིང་ཆེན་དུ་ཟླ་བསྒྲིལ་བཏང་བ་དང་ལིའོ་དབྱང་གྲོང་ཁྱེར་ནི་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་ཡིན།

སྤྱི་ལོ1956ལོར་ལིའོ་དབྱང་ཆེད་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1958ལོར་ཆེད་ཁུལ་ཕྱིར་འཐེན་བྱས།

སྤྱི་ལོ1959ལོར་ལིའོ་དབྱང་རྫོང་ལིའོ་དབྱང་གྲོང་ཁྱེར་དུ་ཟླ་བསྒྲིལ་བཏང་ནས་ཨན་ཧྲན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་ལིའོ་དབྱང་རྫོང་སླར་གསོ་བྱས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་བཅོས་སྐྱོང་བྱས་པས། ཨན་ཧྲན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1966ལོར་ལིའོ་དབྱང་རྫོང་དེ་ལིའོ་ནན་ཆེད་ཁུལ་གྱིས་འགོ་ཁྲིད་བྱས།

སྤྱི་ལོ1968ལོར་གྲོང་ཁྱེར་དང་རྫོང་ཟླ་བསྒྲིལ་བཏང་ནས་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1980ལོའི་ཟླ4བའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལིའོ་དབྱང་རྫོང་སླར་གསོ་བྱས། ད་ལྟའི་ལིའོ་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན།

སྤྱི་ལོ2000ལོར་ལིའོ་དབྱང་རྫོང་ཁོངས་སུ་གྲོང་རྡལ14དང་ཤང7ཡོད།

སྤྱི་ལོ2002ལོའི་ཟླ1ཚེས8ཉིན་ཧྲུའེ་ཆོན་མན་ཇུ་མི་རིགས་ཤང་དང་ཐེན་ཧྲུའེ་མན་ཇུ་རིགས་ཀྱི་ཤང་མེད་པར་བཟོས་ནས་ཐེན་ཧྲུའེ་མན་ཇུ་རིགས་ཀྱི་ཤང་དུ་ཟླ་བསྒྲིལ་བཏང་། ཐ་ཙི་ལིན་ཤང་དང་། ཅི་ཏུང་ཡུས་མན་ཇུ་རིགས་ཤང་། ཅི་ཏུང་ཡུས་མན་ཇུ་རིགས་ཤང་དུ་ཟླ་བསྒྲིལ་བཏང་ནས་ཅི་ཏུང་ཡུས་མན་ཇུ་རིགས་ཤང་བཙུགས། ཧྲང་མཱ་ཐུན་ཤང་དང་། ཧུ་ལེན་གྲོང་རྡལ་གཉིས་ཟླ་བསྒྲིལ་དུ་བཏང་ནས་ཧུ་ལེན་གྲོང་རྡལ་བཙུགས།

སྤྱི་ལོ2009ལོའི་ཟླ10ཚེས18ཉིན་ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གིས་ལིའོ་དབྱང་རྫོང་ལན་ཅཱ་གྲོང་རྡལ་དེ་ཧུང་ཝེ་ཆུས་དོ་དམ་བྱ་རྒྱུའི་མོས་མཐུན་བྱུང་པ་དང་ལན་ཅཱ་གྲོང་རྡལ་སྲིད་གཞུང་གནས་ཡུལ་ལན་ཅཱ་གྲོང་ཚོར་བཅའ་སྡོད་བྱས། དེ་སྔའི་ལན་ཅཱ་གྲོང་རྡལ་མཱ་ཅཱ་ཀྲོང་གྲོང་ཚོ་དང་མིང་ཧྲན་ཙི་གྲོང་ཚོ་གཉིས་ལིའོ་དབྱང་རྫོང་ཧྲོའུ་ཧྲན་གྲོང་རྡལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག ལིའོ་དབྱང་རྫོང་ཧྲོའུ་ཧྲན་གྲོང་རྡལ་ཞཱ་ཝ་ཙི་དང་། ཆན་ཀང་། ཧོའུ་ཀང་། ལང་ཨེར་ཐུན། ཞིན་ལུང་ཐའེ། ཏ་ཀྲའོ་ཐའེ། ཞའོ་ཀྲའོ་ཐའེ། ཧུང་ཀོང་། ཞཱ་ཅཱ་ཐའེ། ཆི་ཨེར་ཐའེ། ཝང་ལུའོ། ཀྲུའུ་ཅཱ་པའོ། ཡའོ་ལའོ་ཝའོ། ལི་ཁའེ་པའོ་བཅས་གྲོང་ཚོ14ལོགས་སུ་དབྱེ་ནས་ཤིང་ལུང་གྲོང་རྡལ་བཙུགས།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ལིའོ་དབྱང་རྫོང་གི་ཞའོ་ཐུན་གྲོང་རྡལ(ཀེང་ཅཱ་ཐུན་སོགས་སྲིད་འཛིན་གྲོང་ཚོ6ཕུད)ཝུན་ཧྲེང་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་དབྱེ་རྒྱུ་དང་། ཞའོ་ཐུན་གྲོང་རྡལ་གྱི་ཝང་པའོ་ཐའེ་དང་ཤུས་ཅཱ་སྲིད་འཛིན་གྱི་གྲོང་ཚོ2(སྟོང་སྨི་གྲུ་བཞི་མ30ཡོད)ཧུང་ཝེ་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུ་དང་། ཞའོ་ཐུན་གྲོང་རྡལ་གྱི་ཀེང་ཅཱ་ཐུན་སོགས་སྲིད་འཛིན་གྲོང་ཚོ4(སྟོང་སྨི་གྲུ་བཞི་མ43ཡོད)ཀུང་ཁྲང་ལིན་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག ལིའོ་ཉིང་རྫོང་གི་ཧྲ་ལིང་གྲོང་རྡལ་དེ་ཐའེ་ཙི་ཧུ་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ།

3 སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ5པའི་བར་ལིའོ་དབྱང་རྫོང་ཁོངས་གཏོགས་སུ་གྲོང་རྡལ12དང་། ཤང1མི་རིགས་ཤང2བཅས་ཡོད་པ་སྟེ། དེ་དག་ནི་ཧྲོའུ་ཧྲན་གྲོང་རྡལ་དང་། མུའུ་ཅཱ་གྲོང་རྡལ། ཤིན་ལུང་གྲོང་རྡལ། ལིའུ་ཝུའུ་གྲོང་རྡལ། པཱ་ཧུའེ་གྲོང་རྡལ། ཐང་མཱ་ཀྲའེ་གྲོང་རྡལ། ཧན་ལིང་གྲོང་རྡལ། ཧོ་ཕིང་གྲོང་རྡལ། ཞའོ་པེ་ཧོ་གྲོང་རྡལ། ལིའུ་ཨེར་པའོ་གྲོང་རྡལ། ཧོང་ཉི་ཝ་གྲོང་རྡལ། ལུང་ཁྲང་གྲོང་རྡལ། ཞཱ་ཏཱ་ཧུ་ཤང་། ཐན་ཧྲུའེ་མན་ཇུ་རིགས་ཤང་། ཅི་ཏུང་ཡུས་མན་ཇུ་རིགས་ཤང་བཅས་ཡིན། ཁྱོན་བསྡོམས་གྲོང་ཚོ235ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ལིའོ་དབྱང་རྫོང་ནི་ལིའོ་དབྱང་གྲོང་ཁྱེར་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་སུ་གནས་པའི་གཞུང་ཐིག122°35′04″-123°41′00″དང་། འཕྲེད་ཐིག་བྱང་མ40°42′19″-41°25′22″ཡི་བར་དུ་གནས་ཡོད། ཤར་ནི་པུན་ཞི་དང་ཧྥེང་ཁྲེང་དང་འབྲེལ་ཡོད། ལྷོ་ཕྱོགས་ཀྱི་ཞིའུ་ཡན་དང་། ཨན་ཧྲན། ཧའེ་ཁྲེང་བཅས་ཀྱི་ཉེ་འགྲམ་དུ་གནས་ཡོད། ནུབ་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་ལིའོ་ཀྲུང་ཆུས་དང་ཨན་ཧྲན་གྲོང་ཁྱེར་གྱི་ཐའེ་ཨན་རྫོང་དང་བརྟེན་ནས་གནས་ཡོད། བྱང་ཕྱོགས་སུ་ལིའོ་དབྱང་གྲོང་ཁྱེར་དང་ཏེང་ཐཱ་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ79ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ92.2ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2822བཅས་ཡོད། ལིའོ་ཉིན་རྫོང་མི་དམངས་སྲིད་གཞུང་གྲོང་ཁྱེར་གྱི་དཀྱིལ་སྙིང་དང་བར་ཐག་སྤྱི་ལེ8ཡོད་པའི་མཚམས་སུ་གནས་ཡོད།

4_2 ནམ་ཟླ།

ལིའོ་དབྱང་རྫོང་ཁོངས་བྱང་དྲོད་ཁུལ་དུ་གནས་ཡོད་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་རྣམ་པའི་ནམ་ཟླའི་ཁུལ་དུ་གཏོགས་ཤིང་། དུས་བཞི་གསལ་བ་དང་། དཔྱིད་དུས་དང་སྟོན་དུས་གཉིས་སུ་ཤར་ལྷོ་རླུང་དང་ནུབ་བྱང་རླུང་མང་ཙམ་ལྡང་། ཆར་ཆུ་ཅུང་ཉུང་ལ། དབྱར་དུས་སུ་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་པས། དྲོད་ཚད་འཇམ་ལ་ཆར་ཆུ་མང་། དགུན་དུས་སུ་ཞི་པོ་ལི་ཡའི་གྲང་རྒྱུན་གྱིས་གནོད་འཚེ་ཐེབས་པས། གྲང་ངར་ཆེ་ཞིང་སྐམ་ཤས་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད7.6℃ཡིན་པ་དང་ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི644.5ཟིན་པ་དང་ཆར་པ་འབབ་ཚད་སྤྱིར་ན་ཤར་རྒྱུད་ཅུང་ཉུང་བ་དང་ནུབ་རྒྱུད་དུ་ཅུང་མང་བ་ཡོད། ལོ་རེའི་རླངས་པར་འགྱུར་ཚད་ནི་ཧའོ་སྨི1627ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན164ཡིན། ཆེས་ཆེ་བའི་འཁྱགས་རེངས་བང་རིམ་གྱི་གཏིང་ཚད་སྨི1.1ཡིན། དཔྱིད་གྲང་དང་། ཆུ་སྐྱོན། རླུང་སྐྱོན། བ་མོ། ཐན་པ། སེར་བ་སོགས་སྐབས་འགར་འབྱུང་བཞིན་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2010ལོར་ལིའོ་དབྱང་རྫོང་གི་སྤྱིའི་མི་འབོར570566ཡོད།

5_2 མི་རིགས།

སྤྱི་ལོ2009ལོའི་ཟླ02བར་ལིའོ་དབྱང་རྫོང་གི་རྒྱ་རིགས་ཕུད་མན་ཇུ་རིགས་དང་། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཀྲོང་རིགས། ཞི་པོ་རིགས། མིའོ་རིགས། པུའུ་དབྱི་རིགས། ཏུང་རིགས། ཡའོ་རིགས། ཀའོ་ཧྲན་རིགས་སོགས་གྲངས་ཉུང་མི་རིགས11ཡོད་པའི་ནང་མན་ཇུ་རིགས་ཀྱི་མི་འབོར་མང་བ་དང་མང་ཆེ་བ་ཅི་ཏུང་ཡུས་དང་། ཐེན་ཧྲུའེ། ཧྲུའེ་ཆོན་བཅས་མན་ཇུ་རིགས་ཀྱི་ཤང་གསུམ་ལ་ཁྱབ་ཡོད།

6 སྤྱི་ཚོགས།
6_1 ཚན་རྩལ།

སྤྱི་ལོ1988ལོར་ལིའོ་དབྱང་རྫོང་དུ་ཚན་རིག་ཞིབ་འཇུག་ལས་ཁུངས་གཉིས་ཡོད་པ་དང་། ཚན་རྩལ་མི་སྣ4917ཡོད་པའི་ནང་མཐོ་རིམ་བཟོ་བཀོད་པ་དང་དེ་མཚུངས་ཀྱི་གོ་མིང་ཡོད་མཁན86ཡོད། སྤྱི་ལོ1980ལོ་ནས་སྤྱི་ལོ1988ལོའི་བར་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ཚན་རྩལ་གྲུབ་འབྲས་ཁྱོན་བསྡོམས122ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་གྲངས་ལྔ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས19 གྲོང་ཁྱེར་རིམ་པའི་རྣམ་གྲངས39ཡོད། རྫོང་རིམ་པའི་རྣམ་གྲངས59བཅས་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་ལ་ལིའོ་དབྱང་རྫོང་གི་ཚན་རྩལ་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱོགས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་རྩལ་འཆར་གཞི་ཁག55ལག་བསྟར་བྱས་པ་དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས1སྐྱེད་སྲིང་བྱས། རྒྱལ་ཁབ་ཚན་རྩལ་པུས་རྒྱལ་ཡོངས་ཀྱི“ཚན་རྩལ་ཆེད་མངགས་པའི་དཔེ་སྟོན་བཟོ་སྐྲུན”ཚོད་ལྟའི་རྫོང་དུ་གཏན་འཁེལ་བྱས།

6_2 སློབ་གསོ།

སྤྱི་ལོ1988ལོའི་ལོ་མཇུག་ཏུ་ལིའོ་དབྱང་དུ་རིགས་ཁག་གི་སློབ་གྲྭ363ཡོད་པའི་ནང་དགེ་རྒན་ཟབ་སྦྱོང་སློབ་གྲྭ་དང་། རླུང་འཕྲིན་བརྙན་འཕྲིན་འབྲིང་རིམ་ཆེད་ལས་སློབ་གྲྭ། ཞིང་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་འོན་ལྐུགས་སློབ་གྲྭ་བཅས་ཡོད། ལས་རིགས་མཐོ་རིམ་སློབ་འབྲིང་དང་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གཉིས། དམའ་རིམ་སློབ་འབྲིང37སློབ་ཆུང318བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ108391ཡོད་པ་དེ་བཅིངས་འགྲོལ་མ་བཏང་གོང་གི་ལྡབ3.6ཡིན།

“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་ལིའོ་དབྱང་རྫོང་གིས་མ་དངུལ་སྒོར་ཁྲི3700བཏང་ནས་སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི4ལྷག་ཙམ་གསར་སྐྲུན་དང་ཉམས་གསོ་བྱས་ཡོད། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ11བར་འཕེལ་རྒྱས་བྱུང་བ་དེ་སྤྱི་ལོ2005ལོ་ལས8འཕར་ཡོད། མ་དངུལ་སྒོར་ཁྲི1400བཏང་ནས་གསར་དུ་བཙུགས་པའི་རྫོང་གི་མཐོ་རིམ་སློབ་འབྲིང་དང་པོའི་ལུས་རྩལ་ཐང་དང་། རྫོང་གི་མཐོ་རིམ་སློབ་འབྲིང་གཉིས་པ་དང་གསུམ་པའི་སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། སློབ་མའི་ཟ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད98%ཡན་བརྟན་པོ་བྱུང་ཡོད། རྫོང་ལས་རིགས་སློབ་གསོའི་ལྟེ་གནས་ཀྱིས་ལོ་མང་བསྟུད་མར་སློབ་གྲྭ་ཐོན་ཚད་དང་། ལས་ཞུགས་ཐུབ་ཚད། སློབ་རིམ་འཕར་ཚད་བཅས100%ཟིན་པ་དང་འབྲེལ་ཞིང་ཆེན་ལས་རིགས་སློབ་གསོའི་ལྟེ་གནས་ཀྱི་གཙོ་གནད་ཆེད་ལས་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་བྱས།

6_3 རིག་གནས།

རྡོ་ཆས་གསར་པའི་དུས་སྐབས་སུ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་གྱིས་མེ་སོན་སྦར་ཡོད། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་དུས་རབས་བཅུ་བདུན་པའི་བར་ཤར་བྱང་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། རྫོང་མཁར་གྱི་ཧྲོའུ་ཧྲན་རི་རྒྱུད་ནི་བྱང་ཤར་གྱི་རི་བོ་གྲགས་ཅན་སྟོང་གི་མགོ་ཁུངས་ཡིན་པ་དང་། ཐའེ་ཙི་གཙང་བོ་རྫོང་གི་མངའ་ཁོངས་བརྒྱུད་ནས་བཞིན་གྱིན་ཡོད། ཡན་རྒྱལ་སྲས་ཏན་གྱི་ངག་རྒྱུན་ལྟར་ན་ཐང་རྒྱལ་རབས་ཀྱི་རྒྱལ་པོ་གནས་འདིར་བཞུགས་མྱོང་བའི་མཚན་སྙན་གང་སར་ཁྱབ་ཡོད། དུས་རབས་ཀྱི་ཤེས་ལྡན་མི་སྣ་ཝང་ཨེར་ལེ་ས་གཞི་འདིའི་སྟེང་དུ་སྐྱེས་པ་དང་། ལོ་ངོ་སྟོང་ཕྲག་ལ་བརྒྱུད་པའི“མུའུ་ཡུའུ་ཧྲི་ཡི་ངག་རྒྱུན”ཡོད།

6_4 འཕྲོད་བསྟེན།

རྒྱལ་ཁབ་བཙུགས་པའི་དུས་འགོར། ལིའོ་དབྱང་རྫོང་དུ་འཕྲོད་བསྟེན་ཁང18དང་སྨན་དོན་མི་སྣ250ཡོད། སྤྱི་ལོ1958ལོའི་རྗེས་དང་ལྷག་པར་དུ་ལོ་རབས60པ་ནས70པའི་བར་གྲོང་གསེབ་ཏུ་སྨན་པ་དཀོན་པ་དང་སྨན་ཉུང་བའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཤུགས་ཆེན་བཏང་བ་དང་། མཉམ་ལས་སྨན་བཅོས་ལམ་ལུགས་འཕེལ་རྒྱས་བཏང་། སྨན་བཅོས་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སྨན་བཅོས་ཆུ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། སྤྱི་ལོ1988ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་ཡོངས་སུ་རིགས་ཁག་གི་སྨན་བཅོས་ཚན་པ590ཡོད་པའི་ནང་རྫོང་རིམ་པ་དང་ས་ཁུལ་རིམ་པ་དང་ཤང་རིམ་པའི་སྨན་བཅོས་ཚན་པ29དང་ཉལ་ཁྲི927ཡོད་པ་དང་ཆ་སྙོམས་བྱས་ན་མི་ཁྲི་རེ་ལ་ཉལ་ཁྲི15.4ཡོད། སྨན་དོན་མི་སྣ1239ཡོད་པའི་ནང་སྨན་པ402ཡོད།

སྤྱི་ལོ2010ལོར་ལིའོ་དབྱང་རྫོང་གི་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས685ཟིན་ཡོད་པ་དང་། རྫོང་ལྟེ་བའི་སྨན་ཁང་གིས་མ་དངུལ་སྒོར་ཁྲི2100བཏང་ནས་གསར་དུ་བསྐྲུན་པའི་སྨི་གྲུ་བཞི་མ་ཁྲི་1.2ཡོད་པའི་ནད་ཁང་ཐོག་ཁང་སྤྱོད་འགོ་ཚུགས། རྫོང་ཀྲུང་ལུགས་སྨན་ཁང་གིས་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཕྱོགས་ཡོངས་ནས་བཙུགས་ཡོད་ལ། རིམ་རྩིས་བརྒྱབ་ན་རྒན་གསོ་ཁང13བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།