ཧྲི་ཧྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-03-25 10:13ལ་འགྲུབ།

ཧྲི་ཧྲོའུ་གྲོང་ཁྱེར།

ཧྲི་ཧྲོའུ་གྲོང་ཁྱེར།
ཧྲི་ཧྲོའུ་ནི་འབྲི་ཆུའི་བར་རྒྱུད་ཀྱི་འགྲམ་ངོགས་སུ་གནས་པ་དང་། མཚོ་གཉིས་བདེ་ཐང(ཅང་ཧན་བདེ་ཐང་དང་ཏུང་ཐིང་མཚེའུ་བདེ་ཐང)ས་ཁམས་ཀྱི་ལྟེ་གནས་ཡིན་ཞིང་། ཧུའུ་པེ་ཞིང་ཆེན་དཀྱིལ་ཐིག་གི་ལྷོ་སྣེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་གལ་ཆེན་བཅས་ཡིན། ལྷོ་ཧུའུ་ནན་གྱི་ཨན་ཞང་དང་། ཧྭ་རུང་། བྱང་ཅང་ལིན་དང་། ཤར་ངོས་ཞིང་ཆེན་དེ་གའི་ཅན་ལི། ནུབ་ངོས་སྤྱི་བདེ་བཅས་དང་འབྲེལ་ཡོད། སྤྱི་ལོ2010ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1427ཡོད་པ་དང་དེའི་ཁོངས་སུ་ཤང་དང་། གྲོང་རྡལ། དོན་གཅོད་ཁང་། དཔལ་འབྱོར་གསར་སྤེལ་ཁུལ་བཅས14ཡོད་པ་དང་སྤྱིའི་མི་འབོར་ཁྲི62.6ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石首
ཕྱི་ཡིག་གི་མིང་།
Shishou
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཅིང་ཀྲོའུ།
མངའ་ཁོངས།
ཞིག་ལིན་དང་། པི་ཅ་རི་བོ། ཀའོ་ཅི་ལྷ་ཁང་སོགས།
སྲིད་གཞུང་གནས་ཡུལ།
ཞིག་ལིན།
ས་ཁོངས་ཁ་པར་ཨང་རྟགས།
0716 (སྤྱི་ལོ2010ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
སྦྲག་སྲིད་ཨང་རྟགས།
434400 (སྤྱི་ལོ2013ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ལྷོ་རྒྱུད་དང་། འབྲི་ཆུའི་བར་རྒྱུད་ཀྱི་མཚོ་འགྲམ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1427ཡོད།
ཡུལ་སྐད།
ལྷོ་ནུབ་གཞུང་སྐད།
མི་གྲངས།
ཁྲི62ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐིན་ཨི་གླིང་དང་། ཁམ་བུའི་མེ་ཏོག་རི་བོ། ནན་ཡུའེ་རི་བོའི་ནགས་ཚལ་སྤྱི་གླིང་། ཏུང་ཡུའེ་དགོན་པ་སོགས།
མེ་འཁོར་འབབ་ཚུགས།
ཧྲི་ཧྲོའུ་ས་ཚིགས།ཅིན་ཀྲོའུ་ས་ཚིགས།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
རླངས་འཁོར་ཚབ་ཨང་།
ཨོ(鄂)D
སྲིད་འཛིན་ཚབ་ཨང་།
421081 (སྤྱི་ལོ2015ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ284ལོར་ཅིན་རྒྱལ་རབས་ནུབ་མའི་ཐའེ་ཁང་དུ་ལོ་ལྔའི་རིང་ཧྲི་ཧྲུའུ་རྫོང་བཙུགས་པ་དང་། ལོ་རྒྱུས་ཐོག་ཐོག་མར་ཧྲི་ཧྲོའུ་ཞེས་པའི་ཡིག་འབྲུ་གཉིས་བྱུང་།

སུང་རྒྱལ་རབས་ཀྱི་གོང་མ་ཆན་ཏེ་ཁྲི་ལོ་གཉིས་པར(སྤྱི་ལོ964ལོར)ཧྲི་ཧྲོའུ་རྫོང་གཉིས་སུ་ཕྱེ་ཡོད་པ་དང་། ནུབ་རྒྱུད་ནི་ཧྲི་ཧྲོའུ་རྫོང་ཡིན་པ་དང་། རྫོང་མཁར་ནི་ཞིའུ་ལིན་རི་བོ་ཡིན། ཤར་རྒྱུད་ཅན་ཉིང་རྫོང་ཡིན་པ་དང་། རྫོང་མཁར་ཡན་ཀང་རི་བོ་རུ་བཙུགས་ཡོད།

སུང་ཧྲེན་ཙུང་ཞི་ཉིང་ཁྲི་ལོ་དྲུག་པར(སྤྱི་ལོ1073ལོ)ལོར། ཅན་ཉིང་རྫོང་དེ་ཧྲི་ཧྲོའུ་རྫོང་དང་ཟླ་སྒྲིལ་བཏང་བ་དང་། རྫོང་མཁར་ནི་ཧུའེ་ཀང་ཧྲན་དུ་བཙུགས་ཡོད།

སུང་ཀྲེ་ཙུང་ཡོན་ཁྲི་ལོ་དང་པོར(སྤྱི་ལོ1086ལོར)ཧྲི་ཧྲུའུ་རྫོང་ཁག་གཉིས་སུ་གྱེས་པ་དང་། ཤར་དུ་ཅན་ཉིང་རྫོང་དང་། ནུབ་ཏུ་ཧྲི་ཧྲོའུ་རྫོང་ཡིན། ཧྲི་ཧྲོའུ་རྫོང་གྲོང་བསྐྱར་དུ་ཞིག་ལིན་ཧྲན་ལ་སྤོས། ཅན་ཉིང་རྫོང་སྔར་བཞིན་ཡུས་ཀང་ཧྲན་དུ་བསྡད།

སུང་ཧུའེ་ཙུང་ཁྲུང་ཉིན་ཁྲི་ལོ་ལྔ་པར(སྤྱི་ལོ1106ལོར)ཅན་ཉིན་རྫོང་བསྐྱར་དུ་ཧྲི་ཧྲོའུ་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1949ལོར་དབྱིན་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1951ལོར་ཅིན་ཀྲོའུ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1986ལོའི་ཟླ5པའི་ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲི་ཧྲོའུ་རྫོང་མེད་པར་བཟོས་ནས་ཧྲི་ཧྲོའུ་གྲོང་ཁྱེར(རྫོང་རིམ་པ)འཛུགས་རྒྱུའི་ཆོག་མཆན་བཀོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2005ལོའི་ཟླ12པའི་ཚེས31ཉིན་བར་ཧྲི་ཧྲོའུ་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ11ཤང1བཅས་ཡོད། ཁྱོན་གྲོང་མི་ཨུ་ལྷན29དང་གྲོང་ཚོ་ཨུ་ལྷན274ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཞིག་ལིན་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས།
3_1 གནས་ཡུལ།

ཧྲི་ཧྲོའུ་ནི་འབྲི་ཆུའི་བར་རྒྱུད་ཀྱི་འགྲམ་ངོགས་སུ་གནས་པ་དང་། མཚོ་གཉིས་བདེ་ཐང(ཅང་ཧན་བདེ་ཐང་དང་ཏུང་ཐིང་མཚེའུ་བདེ་ཐང)ས་ཁམས་ཀྱི་ལྟེ་གནས་ཡིན་ཞིང་། ཧུའུ་པེ་ཞིང་ཆེན་དཀྱིལ་ཐིག་གི་ལྷོ་སྣེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་གལ་ཆེན་བཅས་ཡིན། ལྷོ་ཧུའུ་ནན་གྱི་ཨན་ཞང་དང་། ཧྭ་རུང་། བྱང་ཅང་ལིན་དང་། ཤར་ངོས་ཞིང་ཆེན་དེ་གའི་ཅན་ལི། ནུབ་ངོས་སྤྱི་བདེ་བཅས་དང་འབྲེལ་ཡོད། སྤྱི་ལོ2010ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1427ཡོད།

3_2 ནམ་ཟླ།

ཧྲི་ཧྲོའུ་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན། འོད་འདང་བ་དང་། དྲོད་ཚད་ཕུན་སུམ་ཚོགས་པ། སད་མེད་དུས་རིང་བ། གྲོང་ཁྱེར་དེ་ཡོངས་ཀྱི་ཉི་མའི་ལོ་རེའི་རྩིབས་འཕྲོའི་སྤྱི་འབོར་ནི་ལི་སྨི་གྲུ་བཞི་མ་རེར་སྟོང་ཁཱ104-110ཡིན་པ་དང་། ལོ་རེའི་ཉི་འོད་ཕོག་ཡུན་ཆུ་ཚོད1800-2000ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད15.9℃-16.6℃ཡིན། ལོ་རེར་དྲོད་ཚད་གསོག་ཚད10℃ལས་ཆེ་བ་ཡིན་པ་དང་། ལོ་རེར་སད་མེད་དུས་ཉིན242-263ཡིན། ལོ་རེར་ཆར་པ་འབབ་ཚད་ཧའོ་སྨི1100ནས1300བར་ཡིན། གནམ་གཤིས་ཀྱི་ཐོན་ཁུངས་འདང་ངེས་ཤིག་གིས་ལོ་ཏོག་སྐྱེས་སུ་འཇུག་པ་ཡིན། ཟླ4པ་ནས10པའི་བར་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི80%བཟུང་བ་དང་ཉི་མའི་ཁྱབ་འགྱེད་བྱེད་ཚད་ཀྱིས་ལོ་ཧྲིལ་པོའི་5%བཟུང་ཡོད།

4 མི་གྲངས་དང་མི་རིགས། 

སྤྱི་ལོ1997ལོར་ཧྲི་ཧྲོའུ་གྲོང་ཁྱེར་དུ་སྤྱིའི་མི་གྲངས་ཁྲི63.73ཡོད། སྐྱེ་ཚད་སྟོང་ཆའི11.5དང་ཤི་ཚད་སྟོང་ཆའི4.1ཡིན་ལ། རང་བྱུང་འཕར་ཚད་སྟོང་ཆའི7.4ཡིན། རྒྱ་རིགས་མི་འབོར་ཁྲི63.62ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི99.83%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི0.11ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི0.17%བཟུང་ཡོད། ཞིང་ལས་མི་འབོར་ཁྲི49.26དང་། ཞིང་ལས་མིན་པའི་མི་འབོར་ཁྲི14.47ཡོད། སྐྱེས་པའི་མི་འབོར་ཁྲི32.93ཡོད་པ་དང་། བུད་མེད་ཀྱི་མི་འབོར་ཁྲི30.80ཡོད། མི་འབོར་འདུས་ཚད་ནི་སྤྱི་ལེ་གྲུ་བཞི་མ་རེར་མི447ཡིན།     སྤྱི་ལོ2010ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་ཐོག་ནས་མངོན་པར་གཞིགས་ན། ཧྲི་ཧྲོའུ་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར577022ཡོད་པ་རེད།

5 སྤྱི་ཚོགས་ཀྱི་ལས་དོན།     
5_1 སློབ་གསོ།     

སྤྱི་ལོ2002ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་ད་ཆ་རིགས་ཁག་གི་སློབ་གྲྭ256ཡོད་པ་དང་། ཆེད་ལས་དགེ་རྒན6319ཡོད། ལོ་མཇུག་ཏུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི10.3ཡོད་པ་དང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.52%ཡོད། དམའ་རིམ་སློབ་འབྲིང་དུ་སློབ་རིམ་འཕར་ཚད90.3%ཟིན་པ་དང་། མཐོ་རྒྱུགས་སུ་ཞུགས་མཁན1300ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད98.4%ཟིན། དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པ་སློབ་གྲྭར་ཞུགས་ཚད92.1%ཟིན་པ་དང་། སློབ་གྲྭ་འབྲིང་ཆུང་དུ་སློབ་མཚམས་འཇོག་ཚད1.1%ཟིན། སློབ་ཆུང་སློབ་མ་སྤྱིར་ན་སློབ་མཚམས་ཆད་མེད་པ་ཡིན། ལོ15ལ་སླེབས་པའི་མི་འབོར་ཁྲོད་དམའ་རིམ་སློབ་གསོ་ལེགས་གྲུབ་ཐུབ་ཚད80%ཟིན་པ་རེད། “རྫོང་གཙོ་བོར་བྱེད་པའི”སློབ་གསོའི་དོ་དམ་སྒྲིག་སྲོལ་གཞི་རྩའི་ཆ་ནས་གཏན་ལ་ཕབ་པ་དང་། དགེ་རྒན་གྱི་གཞི་རྩའི་གླ་ཕོགས་བཞི་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་གཅིག་གྱུར་ཐོག་སྤྲོད་རྒྱུ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད99%དང95%སོ་སོར་ཟིན་པ་དང་། སྤྱི་ལོ2003ལོར་མཐོ་རྒྱུགས་ཀྱི་དྲ་ཞུགས་སློབ་མ2273དང་སློབ་མ2380བསྡུས་པ། སློབ་མ་བསྡུ་ཚད104.7%ཟིན་ཡོད། ལོ་འཁོར་གྱི་དཔྱད་ཞིབ་ནང་ཅིང་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་པོ311དང་། དམིགས་བསལ་སློབ་གསོའི་སློབ་གྲྭ1 སློབ་གྲྭ་འབྲིང་ཆུང་གི་སློབ་མ91816 ཆེད་འགན་འཁུར་བའི་དགེ་རྒན4524བཅས་ཡོད་པ་རེད།

5_2 སྤྱི་ཚོགས།     

རྒྱལ་ཁབ་བཙུགས་པའི་སྔོན་ལ། ཧྲི་ཧྲོའུ་ལ་ཚན་རྩལ་གྱི་ཟིན་ཐོ་བཀོད་མེད། རྒྱལ་ཁབ་དབུ་བརྙེས་པའི་དུས་འགོར། མང་ཚོགས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་བྱ་འགུལ་ཐོག་མར་དར་བ་དང་། དེ་རྗེས་བཟོ་གྲྭ་མང་པོ་ཞིག་གིས་ལག་ཆ་དང་བཀོལ་སྤྱོད་བྱེད་ཐབས་ལེགས་བཅོས་བྱེད་པ་ནང་དོན་བྱས་པའི་ལག་རྩལ་གསར་བཅོས་ལས་འགུལ་སྤེལ། སྤྱི་ལོ1978ལོའི་རྗེས་སུ། ཚན་རྩལ་འཕེལ་རྒྱས་དེ་ཞིང་ལས་གཙོ་བོ་ཡིན་པ་ནས་བཟོ་ལས་དང་འགྲིམ་འགྲུལ། འཛུགས་སྐྲུན་སོགས་ཕྱོགས་སོ་སོར་རྒྱ་བསྐྱེད་པ་དང་། སྤྱི་ལོ1986ལོའི་རྗེས་སུ་ཧྲི་ཧྲོའུ་ཡི་ཚན་རིག་ལག་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས། 1991ལོའི་ཟླ4བར། “ཚན་རྩལ་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འབེབས་བྱས་ཤིང་། སྤྱི་ལོ1994ལོར《ཚན་སློབ་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ཆོད་དོན》བཞག་པ་དང་། སྤྱི་ལོ1996ལོར་ཡང《ཚན་རྩལ་ཡར་ཐོན་ཇེ་མགྱོགས་སུ་གཏོང་བའི་ཆོད་དོན》བཞག་སྟེ། སྤྱི་ལོ1998ལོ་བར། གྲོང་ཁྱེར་དེ་ཡོངས་སུ་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ལྷན་དང་ཤང་དང་གྲོང་རྡལ་གྱི་ཚན་རྩལ་གཞུང་དོན་ཁང16གིས་གཙོ་བོར་བྱས་པའི་གྲོང་རྡལ(ཤང)རིམ་པ་གཉིས་ཀྱི་ཚན་རྩལ་དོ་དམ་དྲ་རྒྱ་ཆགས་ནས་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ8289ཡོད་པའི་ནང་མཐོ་རིམ་གོ་མིང་ཡོད་མཁན474ཡོད་པ་དང་། སྤྱི་ལོ1986ལོ་ནས་སྤྱི་ལོ1998ལོ་བར་རིགས་ཁག་གི་ཚན་རྩལ་གྲུབ་འབྲས78ཐོབ་པའི་ནང་བྱ་དགའ་ཐོབ་པའི་གྲུབ་འབྲས28ཡོད་པ་རེད།

5_3 ཚན་རིག་ལག་རྩལ།

སྤྱི་ལོ1970ལོ་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་བརྩོན་ལེན་བྱེད་འགོ་བརྩམས་པ་མ་ཟད། འཆར་འགོད་ཨུ་ཡོན་ལྷན་ཁང་བརྒྱུད་ནས་རྒྱལ་དམངས་དཔལ་འབྱོར་གྱི་འཆར་གཞི་བཟོ་འགོད་བྱས་ཏེ། འབྲེལ་ཡོད་ལས་ཁུངས་ལ་ཚན་རིག་ཞིབ་འཇུག་རྣམ་གྲངས10ནས20བར་གཤམ་སྤྲོད་བྱས་པ་དང་། དུས་མཚུངས་སྟོབས་ཤུགས་རྩ་འཛུགས་བྱས་ནས་གཙོ་གནད་རྣམ་གྲངས་ལ་འགག་སྒྲོལ་བྱས། སྤྱི་ལོ1986ལོ་ནས་བཟུང་ལས་རིགས་དང་ཐོན་ལས་ཀྱི་གཙོ་གནད་ལ་དམིགས་ནས་ཚན་རྩལ་འགག་སྒྲོལ་བྱ་རྒྱུ་དེ“དམིགས་འབེན་སྔར་ལས་མཐོ་བ་དང་། ལག་རྩལ་སྔར་ལས་གསར་པ། རྣམ་གྲངས་སྔར་ལས་ཆེ་བ”བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། སྤྱི་ལོ1986ལོ་ནས་སྤྱི་ལོ1998ལོའི་བར་གྲོང་ཁྱེར་ཡོངས་སུ་ཁྱོན་བསྡོམས་ཚན་རྩལ་འགག་སྒྲོལ་རྣམ་གྲངས207ལག་ལེན་བསྟར་བའི་ནང་ཞིང་ཆེན་རིམ་པའི་འགག་སྒྲོལ་རྣམ་གྲངས27ཡོད། སྤྱི་ལོ1998ལོར་གྲོང་ཁྱེར་ཁྲུའུ་ཡོན་ཚོགས་པས་འགན་འཁུར་བའི“ཞུ་རྫས་གསར་པ་དང་འགྱུར་སྐུལ་རྫས་སྤྱད་དེ་མདོག་ཧྥེནAS-PH”ཐོན་སྐྱེད་བྱ་རྒྱུ་དེ་ཞིང་ཆེན་རིམ་པའི་གཙོ་གནད་ཚན་རྩལ་འགག་སྒྲོལ་འཆར་གཞིར་གཏོགས་ཡོད།

6 གྲོང་ཁྱེར་གྱི་མཚན་སྙན།

ཀྲུང་གོའི་འཛུགས་སྐྲུན་ཆུ་འགོག་ཕ་ཡུལ།

ཀྲུང་གོའི་ཤྭ་བ་རྔ་རིང་གི་ཕ་ཡུལ།

ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་དམིགས་ས།

རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ལས་དོན་གྱི་དཔེ་སྟོན་རྫོང་དང་གྲོང་ཁྱེར།

རྒྱལ་ཡོངས་ཚན་རྩལ་ཡར་ཐོན་སྔོན་ཐོན་གྲོང་ཁྱེར།

རྒྱལ་ཡོངས་རིག་གནས་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་དམངས་སྲིད་ལས་དོན་སྔོན་ཐོན་གྲོང་ཁྱེར།

ལྔ་སྲུང་སྐར་སྐྱིད་ལས་གྲྭ་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཞིང་པའི་ཡོང་འབབ་འཕར་བའི་སྔོན་ཐོན་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཞིང་ལས་ཐོན་ལས་ཅན་གྱི་སྔོན་ཐོན་ལས་ཁུངས།

ཧུའུ་པེ་ཞིང་ཆེན་དངུལ་རྩའི་ཡིད་རྟོན་ཆེས་བཟང་བའི་རྫོང་དང་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་ཤེས་དཔལ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར།

ཧུའུ་པེ་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔོན་ཐོན་ལས་ཁུངས།

ཧུའུ་པེ་ཞིང་ཆེན་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་གི་སྔོན་ཐོན་ཚན་པ་ཡག་ཤོས།

ཧུའུ་པེ་ཞིང་ཆེན་རྒན་རྒོན་ལས་དོན་སྔོན་ཐོན་གྲོང་ཁྱེར།

སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ཞེས་མིང་བཏགས།

སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཐད་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁོངས།