ཙོའུ་ཕིངགྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:46ལ་འགྲུབ།

ཙོའུ་ཕིངགྲོང་ཁྱེར།

ཙོའུ་ཕིངགྲོང་ཁྱེར།
ཙོའུ་ཕིང་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། པིན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད། ཧྲན་ཏུང་ཞིང་ཆེན་གྱི་དབུས་ཁུལ་གྱི་བྱང་ཕྱོགས་སུ་གནས་པ་དང་། ནུབ་བྱང་དུ་རྨ་ཆུ་དང་ཉེ་ཞིང་། ལུའུ་ཀྲུང་ཐའེ་དབྱི་ཧྲན་ཆུས་དང་ལུའུ་པེ་ཧོང་ཀོང་བདེ་ཐང་གི་འབྲེལ་མཚམས་སུ་ཆགས་ཡོད་ལ། ས་བབ་ལྷོ་མཐོ་ཞིང་བྱང་དམའ་ལ། དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་ཟླ་ལ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི1250ཟིན་ཡོད། སྤྱི་ལོ2018ལོའི་བར་དུ་ཙོའུ་ཕིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ11དང་ཁྲོམ་ལམ5ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི80.83ཡོད། ཙོའུ་ཕིང་ནི་ལོ་རྒྱུས་ཐོག་གི་ཆི་ལུའུ་ཧྲང་རྫོང་དགུའི་ཡ་གྱལ་ཞིག་ཡིན་པ་དང་། ཞ་རྒྱལ་རབས་ཀྱིས་ཙོའུ་ཧོའུ་རྒྱལ་ཁབ་བཙུགས། ཧན་ནུབ་མའི་དུས་སུ་རྫོང་བཙུགས། ཙོའུ་ཕིང་ཤར་ངོས་སུ་ཙི་པོ་དང་འབྲེལ་ཞིང་། ནུབ་ངོས་ཅི་ནན་དང་འབྲེལ་ཡོད་ལ། ལྷོ་རུ་ཅའོ་ཅི་ལྕགས་ལམ་དང་། བྱང་དུ་རྨ་ཆུ། ཅི་ཆིང་མྱུར་བགྲོད་གཞུང་ལམ་བཅས་མངའ་ཁོངས་སུ་བརྒྱུད་ཡོད། མངའ་ཁོངས་ཡོངས་སུ་སྟོང་སྨི26ཡོད་པ་དང་། ཅི་ནན་ཡའོ་ཆིང་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྟོང་སྨི62ཡོད། ཆིང་ཏའོ་དང་བར་ཐག་སྟོང་སྨི240ཡོད། སྤྱི་ལོ1991ལོར་ལུང་ཧྲན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་གནའ་མཁར་རྗེས་ཤུལ་རྙེད་ནས་ཀྲུང་གོའི་ཡི་གེའི་ལོ་རྒྱུས་ལོ་ངོ800ལྷག་སྔོན་དུ་སྤོས། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཐང་ལི་ཨན། ཏིང་ཀུང་རྗེས་ཤུལ། ཝང་པོ་འོས་ལངས་རྗེས་ཤུལ། ཧྥན་ཀུང་མཚུན་ཁང་སོགས་མཛེས་ལྗོངས་ཁུལ80ལྷག་ཡོད། སྤྱི་ལོ2019ལོར་ཙོའུ་ཕིང་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར554.26ལ་ལེགས་སྒྲིག་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
邹平
ཕྱི་ཡིག་གི་མིང་།
Zouping
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
256200
གནས་ཡུལ།
ཧྲན་ཏུང་དབུས་ཁུལ་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1250ཡོད།
མི་འབོར།
མི་ཁྲི80.83ཡོད།(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུM(鲁M)
1 ངོ་སྤྲོད་མདོར་བསྡུས།

ཙོའུ་ཕིང་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། པིན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད། ཧྲན་ཏུང་ཞིང་ཆེན་གྱི་དབུས་ཁུལ་གྱི་བྱང་ཕྱོགས་སུ་གནས་པ་དང་། ནུབ་བྱང་དུ་རྨ་ཆུ་དང་ཉེ་ཞིང་། ལུའུ་ཀྲུང་ཐའེ་དབྱི་ཧྲན་ཆུས་དང་ལུའུ་པེ་ཧོང་ཀོང་བདེ་ཐང་གི་འབྲེལ་མཚམས་སུ་ཆགས་ཡོད་ལ། ས་བབ་ལྷོ་མཐོ་ཞིང་བྱང་དམའ་ལ། དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་ཟླ་ལ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི1250ཟིན་ཡོད། སྤྱི་ལོ2018ལོའི་བར་དུ་ཙོའུ་ཕིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ11དང་ཁྲོམ་ལམ5ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི80.83ཡོད།

2 ལོ་རྒྱུས་འཕེལ་རིམ།                                                             

མིན་གོ་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ2པར་ཧྥུ་དང་ཀྲོའུ་མེད་པར་བཟོས་ནས་ཏའོ་ཡི་ལམ་ལུགས་ལག་བསྟར་བྱས། ཙོའུ་ཕིན་རྫོང་དང་། ཁྲང་ཧྲན་རྫོང་། ཆི་ཏུང་རྫོང་བཅས་ཏའེ་པེ་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་གསུམ་པ(སྤྱི་ལོ1914ལོ)ཟླ6པའི་ཚེས3ཉིན་ཡོན་ཧྲི་ཁའེ་ཡིས་ཞིང་ཆེན་ཁག་གི་ས་ཁོངས་སོ་སོའི་མིང་ཁྱབ་བསྒྲགས་བྱས་པ་དང་། ཙོའུ་ཕིང་རྫོང་དང་། ཁྲང་ཧྲན་རྫོང་། ཆི་ཏུང་རྫོང་བཅས་ཚང་མ་ཅི་ནན་ཏའོ(ལི་ཁྲེང་དུ་བཅའ་སྡོད་བྱས་ཡོད)ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོ)ཏའོ་མེད་པར་བཟོས་ཤིང་། ཞིང་ཆེན་དང་རྫོང་རིམ་པ་གཉིས་སོར་འཇིག་བྱས། གོང་གི་རྫོང་གསུམ་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་སུ་བསྡུས། མིན་གོ་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)ཙོའུ་ཕིང་རྫོང་དང་ཁྲང་ཧྲན་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ལྔ་པའི་ཁོངས་སུ་གཏོགས། ལུའུ་ཀོའུ་ཟམ་པའི་དུས་འགྱུར་བྱུང་བའི་རྐྱེན་གྱིས་ཀྲོན་ཡོན་ཀུང་ཧྲུའུ7ལས་བཙུགས་མེད་ལ། མིན་གོ་སྲིད་ལོ་ཉེར་བདུན་པ(སྤྱི་ལོ1938ལོ)ནས་མིན་གོ་སྲིད་ལོ་སོ་གཅིག་པའི(སྤྱི་ལོ1942ལོ)བར་དུ་ཙོའུ་ཕིན་རྫོང་དང་ཁྲང་ཧྲན་རྫོང་སྲིད་འཛིན་ལྟ་ཞིབ་བཅུ་པའི་ཁོངས་སུ་གཏོགས་པ་དང་ཆི་ཏུང་རྫོང་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གཉིས་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་གཉིས་པའི(སྤྱི་ལོ1943ལོ)ཟླ9པར་པེཙོའུ་ཀྲང་དེ་ཙོའུ་ཕིན་རྫོང་དུ་བསྒྱུར་བ་དང་། ནན་ཙོའུ་ཀྲང་དེ་ཡའོ་ནན་རྫོང་དུ་བསྒྱུར། དེ་དག་ཚང་མ་ཆིང་ཧོ་སྲིད་འཛིན་ཁུལ་གྱི་ཆིང་ཞི་ཀྲོན་ཧྲུའུ་ཆུས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པའི་(སྤྱི་ལོ1944ལོ)ལོ་འགོར་ཙོའུ་ཕིན་རྫོང་དང་། ཡའོ་ནན་རྫོང་། ཆི་ཏུང་རྫོང་བཅས་ཀྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)ཙོའུ་ཕིན་རྫོང་དང་ཁྲང་ཧྲན་རྫོང་ཁོངས་ཀྱི་དོན་གཅོད་ཁྲུའུ་དང་པོ(ལུའུ་པེ་དོན་གཅོད་ཁྲུའུ)སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་པའི་ཁོངས་སུ་གཏོགས། ཆི་ཏུང་རྫོང་ཁོངས་ཀྱི་དོན་གཅོད་ཁང་ལྔ་པ(ལུའུ་ཀྲུང་དོན་གཅོད་ཁྲུའུ)སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གཉིས་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ8པའི་ཚེས13ཉིན་ཙོའུ་ཕིན་རྫོང་དང་ཡའོ་ནན་རྫོང་ལི་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས། ཆི་ཏུང་རྫོང་ལི་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཧྲུའུ་གཉིས་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པ(སྤྱི་ལོ1945ལོ)ནས་མིན་གོ་སྲིད་ལོ་སོ་ལྔ་པའི་བར་དུ(སྤྱི་ལོ1946ལོ)ཙོའུ་ཕིན་རྫོང་དང་། ཡའོ་ནན་རྫོང་། ཆི་ཏུང་རྫོང་སོགས་ལི་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་གསུམ་པའི་(ཆིང་ཧོ་ཀྲོན་ཆུས་ཀྱང་ཟེར)ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོ)ཟླ3པ་ནས་ཟླ8པའི་བར་དུ། ཙོའུ་ཕིན་རྫོང་དང་། ཁྲང་ཧྲན་རྫོང་། ཆི་ཏུང་རྫོང་སོགས་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་པར་གཏོགས།

སྤྱི་ལོ1949ལོའི་ཟླ3པར། ཙོའུ་ཕིང་རྫོང་དང་ཡའོ་ནན་རྫོང་། ཆི་ཏུང་རྫོང་སོགས་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཆིང་ཧོ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། རྒྱལ་ཁབ་བཙུགས་པའི་དུས་འགོར། ཙོའུ་ཕིང་རྫོང་དང་། ཡའོ་ནན་རྫོང་། ཆི་ཏུང་རྫོང་བཅས་ནི་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཆུས་གསུམ་པའི་ཁོངས་གཏོགས་ཡིན། སྤྱི་ལོ1950ལོའི་ཟླ4པར། ཙོའུ་ཕིང་རྫོང(ད་ལྟའི་ཙོའུ་ཕིང་གྲོང་རྡལ)དང་ཡའོ་ནན་རྫོང(ད་ལྟའི་ཁྲང་ཧྲན་གྲོང་རྡལ)གཉིས་ཀ་ཙི་པོ་ཀྲོན་ཆུས་སུ་དགོས། ཡའོ་ནན་རྫོང་གི་མིང་ཁྲང་ཧྲན་རྫོང་དུ་བསྒྱུར། སྤྱི་ལོ1953ལོའི་ཟླ6པར། ཙོའུ་ཕིང་དང་ཁྲང་ཧྲན་རྫོང་གཉིས་ཧུའུ་མེན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1956ལོའི་ཟླ3པར་ཙོའུ་ཕིང་རྫོང་དང་ཁྲང་ཧྲན་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཙོའུ་ཕིང་རྫོང་བཙུགས། ཆི་ལེ་རྫོང་དང་ཀའོ་ཆིང་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཆི་ཏུང་རྫོང་བཙུགས། དེ་གཉིས་ཀ་ཧུའུ་མེན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ11པར་ཆི་ཏུང་རྫོང་མི་དགོས་པར་བཟོས་ཤིང་། དེའི་ཁོངས་གཏོསག་ཀྱི་ཀུང་ཧྲེ6ཙོའུ་ཕིང་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཙི་པོ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1961ལོར་ཧུའུ་མེན་ཀྲོན་ཆུས་སླར་གསོ་བྱས། ཟླ10པར་ཀའོ་ཆིང་རྫོང་བསྐྱར་དུ་བཙུགས་པ་དང་། ཙོའུ་ཕིང་གི་ཆིང་ཁྲེང་དང་། ཧྭ་ཀུའུ། ཧེ་ལི་ཀྲའེ་བཅས་ས་ཁོངས3ཀའོ་ཆིང་རྫོང་དུ་བགོས། ཙིའུ་ཕིང་རྫོང་ཧུའུ་མེན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1967ལོའི་ཟླ2པར། ཀྲོན་ཧྲུའུ་མེད་པར་བཟོས་ཤིང་། “ཧུའུ་མེན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང”བཙུགས། སྤྱི་ལོ1978ལོར་ཧུའུ་མེན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར་ཞིང་། ཙོའུ་ཕིན་རྫོང་སྔར་བཞིན་དེའི་ཁོངས་སུ་གཏོགས། སྤྱི་ལོ1978ལོའི་ཟླ7པའི་ཚེས10ཉིན། ཧུའུ་མེན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཧུའུ་མེན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1992ལོའི་ཟླ3པར་ཧུའུ་མེན་ས་ཁུལ་པིན་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར་ཞིང་། ཙོའུ་ཕིང་སྔར་བཞིན་དེའི་ཁོངས་སུ་གཏོགས། སྤྱི་ལོ2000ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པིན་ཀྲོའུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ཏེ་པིན་ཀྲོའུ་གྲོང་ཁྱེར་བཙུགས། ལོ་དེའི་ཟླ12པའི་ཚེས16ཉིན་ཀྲུང་གུང་པིན་ཀྲོའུ་གྲོང་ཁྱེར་ཏང་ཨུ་བཙུགས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས། སྤྱི་ལོ2001ལོའི་ཟླ1པོའི་ཚེས16ཉིན་པིན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒོ་བྱང་བཀལ་བ་དང་། ཙོའུ་ཕིང་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ2018ལོའི་ཟླ7པའི་ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་རྗེས་དམངས་སྲིད་པུའུ་ཡིས་ཧྲན་ཏུང་ཞིང་ཆེན་ལ་མཆན་བཀོད་བཀའ་ལན་གནང་སྟེ་ཙའུ་ཕིང་རྫོང་མེད་པ་བཟོས་ཏེ་ཙའུ་ཕིང་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དང་པིན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་ལོ་མཇུག་བར་སུ་ཙོའུ་ཕིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ5དང་གྲོང་རྡལ11ཡོད་ལ། དེ་དག་ནི་ཏའེ་ཤིས་ཁྲོམ་ལམ་དང་། ཧོང་ཧྲན་ཁྲོམ་ལམ། ཀའོ་ཤིན་ཁྲོམ་ལམ། ཧའོ་ཧྲེང་ཁྲོམ་ལམ། ཤིས་ཏུང་ཁྲོམ་ལམ། ཁྲང་ཧྲན་གྲོང་རྡལ། ཝུའེ་ཆའོ་གྲོང་རྡལ། ལིན་ཁྲི་གྲོང་རྡལ། ཅའོ་ཆའོ་གྲོང་རྡལ། ཧན་ཏན་གྲོང་རྡལ། སུན་གྲོང་རྡལ། ཅིའུ་ཚང་གྲོང་རྡལ། ཆིང་དབྱང་གྲོང་རྡལ། མིང་ཅི་གྲོང་རྡལ། ཐའེ་ཙི་གྲོང་རྡལ། མཱ་ཐོའུ་གྲོང་རྡལ་བཅས་ཡིན། ཙིག་ལེང་ཕིང་གྲོང་ཁྱེར་སྲིད་གཞུང་ཧོང་ཧྲན་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ་ཙོའུ་ཕིང་གྲོང་ཁྱེར་གྱི་གསར་སྐྱེས་མི་འབོར11640ཡོད་པ་དང་སྐྱེས་ཚད15.6‰ཟིན་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་མི་འབོར4259ཡོད་ལ། ཤི་ཚད5.7‰ཟིན་ཡོད། རང་ཤུགས་སུ་འཕར་ཚད་སྟོང་ཆའི9.9ཡིན། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི80.82དང་ཁྱིམ་ཐོའི་མི་འབོར་ཁྲི74.2ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཙོའུ་ཕིང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར910.3མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས3.6%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར43.1ཟིན་ནས་ལོ་སྔོན་མ་ལས4.1%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར528.1ཟིན་ནས་ལོ་སྔོན་མ་ལས3.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར339.0ཟིན་ནས་ལོ་སྔོན་མ་ལས4.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ་ལོ་གོང་མའི4.7:59.2:36.1ནས4.7:58.1:37.2བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར112704ཟིན་ནས་ལོ་སྔོན་མ་ལས3.1%འཕར་ཞིང་། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལྟར་ཨ་སྒོར16693ལ་ཕབ་རྩིས་བརྒྱབ་ཡོད།

སྤྱི་ལོ2017ལོར་ཙོའུ་ཕིང་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར110.3ཟིན་ནས་ལོ་སྔོན་མ་ལས8.3%འཕར་ཡོད་ལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར67.8ཟིན་ནས་ལོ་སྔོན་མ་ལས6.7%འཕར་ཡོད། དེའི་ནང་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར53.8ཟིན་ནས་ལོ་སྔོན་མ་ལས6.7%འཕར་ཡོད་ལ། དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་བསྡུར་ཚད་ཀྱིས79.3%བཟུང་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར67.4ཡིན་ལ་ལོ་སྔོན་མ་ལས6.2%འཕར་ཡོད། དེའི་ནང་དུ་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སྒོ11.9%འཕར་ཡོད་ལ། སྡོད་ཁང་འགན་སྲུང་གི་འགྲོ་སྒོ20.2%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱའི་འགྲོ་སྒོ11.6%འཕར་ཡོད།

སྤྱི་ལོ2017ལོར་ཙོའུ་ཕིང་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར33557བྱུང་བ་དེ་ལོ་གོང་མ་ལས7.5%འཕར་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་སྒོ་སྒོར21085ཟིན་ནས་ལོ་སྔོན་མ་ལས7.0%འཕར་ཡོད། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར17168ཟིན་ནས་ལོ་སྔོན་མ་ལས8.7%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་སྒོ་སྒོར11181ཟིན་ནས་བརྒྱ་ཆའི8.3འཕར་ཡོད། ལོ་མཇུག་ཏུ་དམངས་སྤྱོད་རླངས་འཁོར་ཁྲི18.3ཟིན་ནས་ལོ་སྔོན་མ་ལས8.2%འཕར་ཡོད། དེའི་ནང་དུ་མི་སྒེར་གྱི་རླངས་འཁོར་ཁྲི9.4ཟིན་ནས་ལོ་སྔོན་མ་ལས11.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།