ཧུང་ཙེ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-12 17:41ལ་འགྲུབ།

ཧུང་ཙེ་ཆུས།

ཧུང་ཙེ་ཆུས།
ཧུང་ཙེ་ཆུས་ནི་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་ཀྱི་གྲས་ཤིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། ཧུང་ཙེ་མཚེའུ་ཡི་ཤར་རྒྱུད་དུ་ཆགས་ཡོད། ཧོང་ཙེ་ཆུས་ཞེས་པའི་མིང་གི་ཐོགས་དོན་ནི་ཆུས་ཁོངས་སུ་ཧོང་ཙེ་མཚེའུ་ཡོད་པས་མིང་ཡང་དེ་ལྟར་ཐོགས་པ་རེད། ནུབ་ཀྱི་ཕྱོགས་སུ་ཧུང་ཙེ་མཚེའུ་ལ་གཏད་ཡོད་པ་དང་། སི་ཧུང་རྫོང་དང་སི་དབྱང་རྫོང་གཉིས་ལ་མཚེའུ་ཡིས་བར་བཅད་དེ་ཁ་གཏད་དུ་གནས། ཤར་གྱི་ཕྱོགས་སུ་པའེ་མ་མཚོ་ལ་གཏད་ནའ་ཧོའེ་ཨན་ཆུས་དང་པའོ་ཡིན་རྫོང་། ཅིན་ཧུའུ་རྫོང་བཅས་ཀྱི་བར་ལ་ཆུ་དང་སྐམ་སས་སྦྲེལ་གཏད་ཡོད། ལྷོ་ངོས་ཕྱོགས་སུ་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་དུ་ཞུས་ཡུས་རྫོང་དང་ཐག་ཉེ། བྱང་ངོས་ཕྱོགས་སུ་སུའུ་བྱང་རྒྱུད་ཀྱི་ཆུ་འདྲེན་པའི་ཡུར་བ་ལ་ཉེ་བ་དང་། ཧོའེ་དབྱིན་ཆུས་དང་ཆིང་ཅང་ཕུའུ་ཆུས་གཉིས་ལ་མཚམས་འབྲེལ་ཡོད། ཧུང་ཙེ་ཡི་མངའ་ཁོངས་སུ་མཚོ་མོ་གཉིས་ཡོད་པ་དང་ད་དུང་གཙང་བོ་མང་པོས་མཐའ་སྐོར་ནས་འབབ་ཀྱིན་ཡོད་པས།“ཧོའེ་ཐོག་གི་མུ་ཏིག”དང“ཉ་དང་འབྲས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་པ་དང་། མཚོ་འགྲམ་གྱི་གསར་དར་སྣོད་བཅུད་ཡུལ་སྐོར་གྲོང་ཁྱེར་ཞེས་བརྗོད་ཀྱིན་ཡོད། སྤྱི་ལོ2016ལོའི་ཟླ་10ཚེས་8ཉིན་བར་ཧུང་ཙེ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1394ཡོད་པའི་ནང་ཆུ་ཁོངས་ཀྱི་རྒྱ་ཁྱོན་གྱིས55%བཟུང་བ་དང་མི་འབོར་ཁྲི38.8ལ་སླེབས་ཡོད། སྤྱི་ལོ2015ལོའི་ཧུང་ཙེ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར230.81ལ་སླེབས་ཡོད་པ་རེད། སྤྱི་ལོ2017ལོའི་ཟླ11པར་ཧུང་ཙེ་ཆུས་ལ“སྤྱི་ལོ2017ལོའི་ལོ་འཁོར་གྱི་ཀྲུང་གོའི་སྤུས་ལེགས་སྤྲོ་གསེང་རྫོང་དང་གྲོང་ཁྱེར་བཅུའི་གྲས”ལ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧུང་ཙེ་ཆུས།
རྒྱ་ཡིག་གི་མིང་།
洪泽区
ཕྱི་ཡིག་གི་མིང་།
Hongze District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ6 ཁྲོམ་གཞུང3
སྲིད་གཞུང་སྡོད་གནས།
ཀའོ་ལང་ཅན་ཁྲོམ་གཞུང་ཏུང་ཅིའུ་ཏའོ་ཨང་རྟགས26པ།
ས་ཁོངས་ཁ་པར་ཨང་རྟགས།
0517
སྦྲག་སྲིད་ཚབ་ཨང་།
223100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1394
མི་གྲངས།
ཁྲི38.8
ནམ་ཟླ།
དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བརྒལ་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏H
སྲིད་འཛིན་ཚབ་ཨང་།
320813
GDP
དམངས་སྒོར་དུང་ཕྱུར230.87(སྤྱི་ལོ2015ལོ)
མེ་འཁོར་འབབ་ཚིགས།
ཧོའེ་ཨན་མེ་འཁོར་འབབ་ཚིགས།
གནམ་གྲུའི་ཐང་།
ཧུང་ཙེ་གནམ་གྲུའི་ཐང་། ཧོའེ་ཨན་ལེན་ཧྲུའེ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
1 ​ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་དུས་ནས་སྤྱི་ལོ1952ལོའི་ཟླ2པའི་བར་དུ། མངའ་ཁོངས་ཡོངས་སུ་སི་ཧུང་དང་། སི་དབྱང་། ཧོའེ་དབྱིན། ཧོའེ་པའོ་བཅས་རྫོང5ཡོད།

སྤྱི་ལོ1950ལོའི་ཟླ2པ་ནས་སྤྱི་ལོ1956ལོའི་ཟླ5པའི་བར་རྫོང་མ་བཙུགས་སྔོན་ལ། མངའ་ཁོངས་ཡོངས་རྫོགས་སི་ཧུང་དང་། ཞུས་དབྱི། སི་དབྱང་། ཧོའེ་དབྱིན་བཅས་རྫོང4ལ་གཏོགས།     

སྤྱི་ལོ1956ལོའི་ཟླ5པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧུང་ཙེ་རྫོང་བསྐྱར་འཛུགས་བྱས་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཧོའེ་དབྱིན་ཀྲོན་ཡིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1983ལོར་གྲོང་ཁྱེར་གྱིས་རྫོང་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། ཧོའེ་དབྱིན་ཀྲོན་ཆུས་དེ་ཧོའེ་དབྱིན་གྲོང་ཁྱེར་དུ་བསྒྱུར་བ་དང་། ཧུང་ཙེ་རྫོང་ཁོངས་ཧོའེ་དབྱིན་གྲོང་ཁྱེར་དུ་གཏོགས།     

སྤྱི་ལོ1985ལོའི་ཟླ12པར། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུང་ཙེ་རྫོང་གི་སྲིད་འཛིན་ས་ཁོངས་ཡང་བསྐྱར་ལེགས་སྒྲིག་བྱས་པ་དང་། ཧུང་ཙེ་མཚེའུ་ཡི་ཆུ་ངོས་ཁག་ཅིག་དང་ཧོའེ་ཧོ་ཆུ་བོ་དང་། ལིན་ཧོ་ཆུ་བོ། པན་ཁྲེང་། ཁྲེང་ཧོ་ཆུ་བོ་སོགས་ཤང་དང་གྲོང་རྡལ་ནས་ལོགས་སུ་ཕྱེ་བ་དང་། ཞུས་དབྱི་རྫོང་དང་ཧོའེ་དབྱིན་རྫོང་གི་གྲོང་ཚོ་ཁག་ཅིག་ལོགས་སུ་བཅུག་ཅིང་། རྫོང་ཡོངས་སྔར་བཞིན་ཅང་སུའུ་ཞིང་ཆེན་གྱི་ཧོའེ་དབྱིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།     

སྤྱི་ལོ2001ལོའི་ཟླ2པར། ཧོའེ་དབྱིན་གྲོང་ཁྱེར་གྱི་མིང་དེ་ཧོའེ་ཨན་གྲོང་ཁྱེར་ཞེས་པར་བསྒྱུར་རྗེས། ཧུང་ཙེ་རྫོང་གི་ཁོངས་གཏོགས་ཧོའེ་ཨན་གྲོང་ཁྱེར་གྱི་རྒྱུན་བསྐྱངས་ནས་ད་ལྟའི་བར་དུ་སོང་།      

སྤྱི་ལོ016ལོའི་ཟླ7པར་ཧུང་ཙེ་རྫོང་མེད་པ་བཟོས་ནས་ཧོའེ་ཨན་གྲོང་ཁྱེར་ཧུང་ཙེ་ཆུས་བཙུགས་ཏེ་དེ་སྔའི་ཧུང་ཙེ་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཧུང་ཙེ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན།     

སྤྱི་ལོ2016ལོའི་ཟླ10པའི་ཚེས8ཉིན་ཧོའེ་ཨན་གྲོང་ཁྱེར་ཧུང་ཙེ་ཆུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་ཟླ10པའི་བར་ཧོའེ་ཨན་གྲོང་ཁྱེར་ཧུང་ཙེ་ཆུས་ཁོངས་ཀྱི་གྲོང་རྡལ6དང་། ཁྲོམ་གཞུང3 ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་ཞིག་བཅས་དང་། ཧུང་ཙེ་ཆུས་མི་དམངས་སྲིད་གཞུང་ནི་ཀའོ་ལང་ཅན་ཁྲོམ་གཞུང་ཅིའུ་ཏའོ་ཨང་རྟགས26པར་བཅའ་སྡོད་བྱས་ཡོད།

3 མི་འབོར་གནས་ཚུལ།

སྤྱི་ལོ2016ལོའི་ཟླ10པའི་ཚེས8ཉིན་བར་ཧུང་ཙེ་ཆུས་ཀྱི་ཁོངས་སུ་མི་འབོར་ཁྲི38.8ཡོད་པ་དང་།      སྤྱི་ལོ2015ལོར་མི་འབོར་སྐྱེ་ཚད9.04‰ལ་སླེབས་ནས0.81‰མར་ཆག་པ་དང་། ཤི་ཚད6.99‰ལ་སླེབས་ནས1.26‰འཕར། མི་འབོར་རང་ཤུགས་སུ་འཕར་ཚད2.05‰ལ་སླེབས། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི39.65ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས་མི་ཁྲི0.56འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི33.76ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས་མི་ཁྲི0.09ཡིས་ཇེ་མང་དུ་ཕྱིན་ཡོད།

4 གྲུབ་འབྲས་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར་ཧུང་ཙེ་ཆུས་ལ“སྤྱི་ལོ2017ལོའི་ལོ་འཁོར་གྱི་ཀྲུང་གོའི་སྤུས་ཚད་ལེགས་པའི་སྤྲོ་གསེང་རྫོང་དང་གྲོང་ཁྱེར”བཅུ་ཡི་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ11པར་ཧུང་ཙེ་ཆུས་ལ“2019ལོའི་ལོ་འཁོར་གྱི་ཀྲུང་གོའི་ཁྱད་ལྡན་སྤྲོ་གསེང་རྫོང་དང་གྲོང་ཁྱེར་བཅུར”བདམས་པ་རེད།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2015ལོར་ཧུང་ཙེ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར230.81ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2014ལོ་ལས10.8%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར31.58ལ་སླེབས་ནས2.7%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར95.46ལ་སླེབས་ནས11.8%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར81.49ལ་སླེབས་ནས11.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར103.77ལ་སླེབས་ནས12.2%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར68368ལ་སླེབས་ནས10.6%འཕར་ཡོད། དཔལ་འབྱོར་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་། ཐོན་ལས་ཐེངས་གསུམ་གྱི་རིན་ཐང་འཕར་མའི་བསྡུར་ཚད13.7:41.4:44.9བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་རིན་ཐང་འཕར་མསGDPནང་བཟུང་བའི་བསྡུར་ཚད86.3%ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས0.5%མཐོ་རུ་ཕྱིན་ཡོད། ཆུས་ཡོངས་སུ་སྒེར་གཉེར་ཁེ་ལས4487ཡོད་པ་དེ་སྤྱི་ལོ2014ལོ་ལས་ཁེ་ལས702མང་དུ་ཕྱིན། སྒེར་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་རྩ་སྒོར་དུང་ཕྱུར187ཡིན་པས10.5%འཕར། ཁེར་གཉེར་དུད་ཚང22759ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས་དུད་ཚང1402འཕར། ཁེར་སྒེར་གཉེར་སྐྱོང་དུད་ཚང་གི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར22.33ལ་སླེབས་ནས5.2%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.29%ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི7355གསར་དུ་ལས་ཞུགས། ལས་བྲལ་ལས་ཤོར་མི་སྣ2311བསྐྱར་དུ་ལས་ཞུགས་ཐུབ་པ་བཅས་རེད།

སྤྱི་ལོ2014ལོར་ཧུང་ཙེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར207.35ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས11.2%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར29.44ལ་སླེབས་ནས་4.1%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་88.32ལ་སླེབས་ནས11.4%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར74.97ལ་སླེབས་ནས12.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར89.59ལ་སླེབས་ནས13.6%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར61583ལ་སླེབས་ནས13.3%འཕར་ཡོད། ཐོན་ལས་ཐེངས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད14.2:42.6:43.2བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་རིན་ཐང་འཕར་མསGDPནང་བཟུང་བའི་བསྡུར་ཚད85.8%ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས1.2%འཕར་ཡོད། ཆུས་ཡོངས་སུ་སྒེར་གཉེར་ཁེ་ལས3785ཡོད་པ་དེ་སྤྱི་ལོ2014ལོ་ལས961མང་དུ་ཕྱིན། སྒེར་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་རྩ་སྒོར་དུང་ཕྱུར169.09ལ་སླེབས་ནས11.9%འཕར་ཡོད། ཁེར་གཉེར་དུད་ཚང2135ཡོད་པ་དེ་སྤྱི་ལོ2014ལོ་ལས་དུད་ཚང3916མང་དུ་ཕྱིན། ཁེར་གཉེར་སྐྱོང་དུད་ཚང་གི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར19.18ལ་སླེབས་ནས26.7%འཕར་ཡོད། སྒེར་གཉེར་ཁེར་གཉེར་ལས་གཉེར་མི་སྣ108894ཡོད་པའི་ནང་གྲོང་གསེབ་ཀྱི་སྒེར་གཉེར་ཁེར་གཉེར་ལས་གཉེར་མི་སྣ55215དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེར་གཉེར་ལས་གཉེར་མི་སྣ53679ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ2188ཡོད་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.50%ལ་སླེབས་ཡོད།     

5_1 ཐོན་ལས་དང་པོ།

སྤྱི་ལོ2016ལོའི་ཟླ10པའི་བར་ཧུང་ཙེ་ཆུས་ཀྱི་ཞིང་ལས་ཐོན་རྫས28དང་། ཆུ་ཐོན་དངོས་རྫས30 འབྲོག་ལས་ཐོན་རྫས7བཅས་ལ་སྐྱེ་ལྡན་དང་། ལྗང་མདོག སྤྱི་གནོད་མེད་པའི་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ཐོབ།

སྤྱི་ལོ2015ལོར་ཧུང་ཙེ་ཆུས་ཀྱིས་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར63.81ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས6.42%འཕར་ཡོད། དེའི་ནང་ཞིང་ལས་ལ་སྒོར་དུང་ཕྱུར32.95ལ་སླེབས་ནས6.73%འཕར། ནགས་ལས་སྒོར་དུང་ཕྱུར3.83ལ་སླེབས་ནས4.77%འཕར། འབྲོག་ལས་སྒོར་དུང་ཕྱུར15.96ལ་སླེབས་ནས7.6%འཕར། ཉ་ལས་སྒོར་དུང་ཕྱུར9.96ལ་སླེབས་ནས4.8%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི86.6ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས3.64%མར་ཆག་པ་དང་སྤྱིའི་ཐོན་འབོར་ཏུན་ཁྲི43.99ལ་སླེབས་ནས3.13%མར་ཆག དེའི་ནང་གྲོ་འདེབས་ཁྱོན་མུའུ་ཁྲི41.09ལ་སླེབས་པ་དང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི16.44ལ་སླེབས་པ་དང་། ཆུ་འབྲས་འདེབས་ཁྱོན་མུའུ་ཁྲི་43.65ལ་སླེབས་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི27ལ་སླེབས་ཡོད། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི1.65ལ་སླེབས་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི0.32ལ་སླེབས་ཡོད། ལོ་ཧྲིལ་པོར་ནགས་སའི་རྒྱ་ཁྱོན་མུའུ4846འཕར་ནས16.4%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2015ལོར་ཧུང་ཙེ་ཆུས་ཀྱིས་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར98ལ་སླེབས་ནས11.5%འཕར་བའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར83ལ་སླེབས་ནས12.5%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱིས་སྤ་སེ་བཟོས་ནས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར230ལ་སླེབས་ནས16.7%འཕར། མཛོད་འཇུག་ཁྲལ་དངུལ་སྒོར་དུང་ཕྱུར5.8བཏང་ནས8%འཕར། གཏན་འཇགས་རྒྱུ་ནོར་ཉོ་སྒྲུབ་ཀྱི་ཡོང་འབབ་འཐེན་འཕྲིའི་དཔྱ་ཁྲལ་སྒོར་དུང་ཕྱུར1ཡིན་པས10%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར83ཡིན་པས12.5%འཕར། བཟོ་ལས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར13.8ལ་སླེབས་ནས3%འཕར། ཚད་ལོན་ཡན་གྱི་བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར115བཏང་ནས26%འཕར་ཡོད། ལག་རྩལ་བསྒྱུར་བཀོད་རྣམ་གྲངས101ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར83.2བཏང་བའི་ནང་སྒོར་ཁྲི3000ཡན་གྱི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས82ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར53.5བཏང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར160ལ་སླེབས་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་གི་བསྡུར་ཚད་ཀྱི25%བཟུང་།

སྤྱི་ལོ2014ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར541.46ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2013ལོ་ལས22.1%འཕར་ཡོད། ལོ་ཧྲིལ་པོར་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར17.0ལ་སླེབས་ནས2.4%འཕར་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར14.07ལ་སླེབས་ནས3.9%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར532.31བྱུང་བ་དེ་སྤྱི་ལོ2013ལོ་ལས22.7%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར57.40ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས23.2%འཕར་ཡོད། ལོ་ཧྲིལ་པོར་འོས་ཐོབ་ཡན་གྱི་ཨར་ལས་ཁེ་ལས་ཀྱིས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར62.66ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས3.1%མར་ཆག ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི479.27ལ་སླེབས་པ་དེ་སྤྱི་ལོ2014ལོ་ལས2.05%མར་ཆག་ཡོད།  

5_3 ཐོན་ལས་གསུམ་པ།

སྤྱི་ལོ2015ལོར་ཧུང་ཙེ་ཆུས་ཀྱིས་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར97ལེགས་སྒྲུབ་བྱས་ནས11%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར85ལ་སླེབས་ནས13%འཕར། ཁེར་རྐྱང་བཟོ་ཚོང་དུད་ཚང3880དང་སྒེར་གཉེར་ཁེ་ལས1272གསར་དུ་འཕེལ་རྒྱས་བཏང་། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སོ་སོར་སྒོར་དུང་ཕྱུར169.6དང་སྒོར་དུང་ཕྱུར132.4ལ་སླེབས་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར34.2དང་སྒོར་དུང་ཕྱུར17.8གཙང་འཕར་བྱུང་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི213ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར26.4ལ་སླེབས་ཡོད་པ་རེད། ཆུས་ཡོངས་ཀྱི་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི46.29ལ་སླེབས་ནས16.6%འཕར་བ་དེའི་ནང་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི37.25ལ་སླེབས་ནས11.1%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར18.25ལ་སླེབས་ནས17.4%འཕར་བ་དེའི་ནང་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར12.89ལ་སླེབས་ནས3.0%འཕར།

སྤྱི་ལོ2014ལོར་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར132.98བཏང་བ་དེ་དུས་མཚུངས་ལས25.9%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་འཇོག་སྒོར་དུང་ཕྱུར91.16ལེགས་གྲུབ་བྱུང་བ་དེ27.1%འཕར་ཡོད།

སྤྱི་ལོ2013ལོར་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི158.7ལ་སླེབས་ནས15.0%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར15.52ལ་སླེབས་ནས14.1%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།