ཀྲན་ཧྭ་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:46ལ་འགྲུབ།

ཀྲན་ཧྭ་ཆུས།

ཀྲན་ཧྭ་ཆུས།
ཀྲན་ཧྭ་ཆུས་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཤིག་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དང་པོ་ཧའེ་མཚོ་ཁུག་གི་ལྷོ་ངོགས། རྨ་ཆུའི་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དུ་ཆགས་ཡོད། ཤར་རྒྱུད་ནི་ཏུང་ཡིང་གྲོང་ཁྱེར་གྱི་ཧོ་ཁོའུ་ཆུས་དང་ལི་ཅིན་རྫོང་དང་འབྲེལ་ཞིང་། ལྷོ་རྒྱུད་པིན་ཁྲེང་ཆུས་དང་འབྲེལ་ཡོད་ལ། ནུབ་རྒྱུད་ཝུའུ་ཏི་རྫོང་དང་འབྲེལ་ཡོད། སྤྱི་ལོ2014ལོར་ཀྲན་ཧྭཆུ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2215ཡོད་པ་དང་དེའི་ཁོངས་སུ་གྲོང་རྡལ7དང་། ཡུལ་ཚོ2 ཁྲོམ་ལམ2 མཚོ་སྲུང་དོན་གཅོད་ཁྲུའུ1 སྲིད་འཛིན་གྲོང་ཚོ438བཅས་ཡོད་ལ། སྤྱིའི་མི་འབོར་ཁྲི39.06ཡོད། སུང་རྒྱལ་རབས་བྱང་མའི་ཆིན་ལི་ཁྲི་ལོ་གཉིས་པར(སྤྱི་ལོ1042ལོ)ཀྲའོ་ཨན་གྲོང་རྡལ་ནས་རྫོང་དུ་འཕར་བ་དང་། ཅིན་ཁྲའོ་ཅིན་མིང་ཁྲང་ཁྲི་ལོ་དྲུག་པར(སྤྱི་ལོ1195ལོ)ཀྲའོ་ཨན་རྫོང་ཀྲན་ཧྭ་རྫོང་དུ་བསྒྱུར། མངའ་ཁོངས་ཧྲན་ཏུང་བྱང་རྒྱུད་ཀྱི་རྨ་ཆུའི་གཤོང་གསོག་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། ས་བབ་ཀྱི་ལྷོ་ནུབ་མཐོ་ཞིང་། བྱང་ཤར་དམའ་ལ། དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། སྐམ་སའི་རང་བཞིན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ལ། དུས་བཞིའི་ཁྱད་པར་མངོན་གསལ་དོད་ལ། ལོ་རེའི་ཆ་སྙོམས་དྲོད་ཚད12℃ཡིན། “ཀྲུང་གོའི་དགུན་གྱི་ཁ་སུར་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་ལ། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོའི་སྔོན་ཐོན་རྫོང(ཆུས)དང་། “རྒྱལ་ཡོངས་ཀྱི་ལྗང་མདོག་ཞིང་ལས་དཔེ་སྟོན་ཆུས། ”“རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་གྱི་དཔེ་སྟོན་རྫོང(ཆུས)”“ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་བཟང་ཆ་ལྡན་པའི་ཆུས”སོགས་ཀྱི་མཚན་སྙན་ཐོབ་མྱོང་ལ། སྤྱི་ལོ2018ལོའི་ཟླ12པའི་ཚེས13ཉིན་ཀྲན་ཧྭ་ཆུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལེགས་ཆའི་ཆུས་ཀྱི་མིང་ཐོའི་ནང་ཚུད་ཡོད་ལ། ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་དང་། སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沾化区
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0543
སྦྲག་སྲིད་ཨང་རྟགས།
256800
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་བྱང་རྒྱུད། པོ་ཧའེ་མཚོ་ཁུག་གི་ལྷོ་འགྲམ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2215ཡོད།
མི་འབོར།
མི་ཁྲི39.6ཡོད།(སྤྱི་ལོ2014ལོ)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུM(鲁M )
སྲིད་འཛིན་ཚབ་ཨང་།
371603
1 ​ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཧྥུ་མེད་པར་བཟོས་ཏེ་ཏའོ་བཙུགས་ཤིང་། ཀྲན་ཧྭ་ཏེ་པེ་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཏེ་པེ་ཏའོ་ཅི་ནན་ཏའོ་རུ་བསྒྱུར། མིན་གོ་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོར)ཝུའུ་ཏིང་ཏའོ་བཙུགས་ཤིང་། ཀྲན་ཧྭ་ཝུའུ་ཏིང་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཏའོ་མེད་པར་བཟོས་ཤིང་། རྫོང་སོ་སོ་ཞིང་ཆེན་གྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོ)འཇར་འགོག་དམག་འཁྲུག་ལངས་རྗེས། གོ་མིན་ཏང་གི་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་ལུའུ་པེ་སྲིད་འཛིན་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། འཇར་འགོག་དམངས་གཙོའི་སྲིད་གཞུང་གིས་ཀྲན་ཧྭ་ཡིའུ་ལུའུ་པིན་ཆུས་ཀྱི་ཁོངས་སུ་བགོས། མིན་གོ་སྲིད་ལོ་སུམ་ཅུ་པའི་ཟླ་བའི(སྤྱི་ལོ1941ལོའི་ཟླ10པ)རྗེས་སུ་ཆིང་ཧོ་ཆུས་ཀྱི་མངའ་ཁོངས་སུ་བསྡུས། མིན་གོ་སྲིད་ལོ་སུམ་ཅུ་སོ་གསུམ་པའི་ཟླ་དང་པོ(སྤྱི་ལོ1944ལོའི་ཟླ1པོ)ཅི་ལུའུ་ནིན་ཆུས་དང་ཆིང་ཧོ་ཆུས་གཉིས་པོ་ཧའེ་སྲིད་འཛིན་ཁུལ་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1949ལོར་པོ་ཧའེ་ཆུས་ཁུན་ལི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་པོ་ཧའེ་ས་ཁུལ་མེད་པར་བཟོས་ནས་ཧུའུ་མེན་ཀྲོན་ཆུས་བཙུགས་པ་དང་། ཀྲན་ཧྭ་ཧུའུ་མེན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1957ལོའི་སྟོན་ཁར་རྫོང་མཁར་ཀྲན་ཁྲེང(དེང་གི་གནའ་མཁར)ནས་དེང་གི་ཧྥུ་གོ་ཁྲོམ་ལམ་དུ་སྤོས། སྤྱི་ལོ1958ལོར་ཧུའུ་མེན་ཀྲོན་ཆུས་དང་ཙི་པོ་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཙི་པོ་ཀྲོན་ཆུས་བཙུགས། ལི་ཅིན་རྫོང་དེ་ཏའེ་ཧྭ་རྫོང་དང་ཟླ་སྒྲིལ་བཏང་། སྤྱི་ལོ1961ལོར་ཧུའུ་མེན་ཀྲོན་ཆུས་དང་ཙི་པོ་གྲོང་ཁྱེར་སོ་སོར་བཅོས་སྐྱོང་བྱས། ལི་ཅིན་རྫོང་གི་ལམ་ལུགས་སླར་གསོ་བྱས། སྤྱི་ལོ1967ལོར་ཀྲོན་ཆུས་ས་ཁུལ་དུ་བསྒྱུར་ཞིང་། ཡུས་ཧྭ་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཧུའུམེན་ས་ཁུལ་དུ་གཏོགས། སྤྱི་ལོ1992ལོར་པིན་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར་ཞིང་། སྤྱི་ལོ2001ལོར་ས་ཁུལ་རིམ་པའི་པིན་ཀྲོའུ་གྲོང་ཁྱེར་བཙུགས། སྤྱི་ལོ2014ལོའི་ཟླ9པའི་ཚེས9ཉིན། ཧྲན་ཏུང་ཞིང་ཆེན་གྱིས་པིན་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་དང་། ཀྲན་ཧྭ་རྫོང་དུ་པིན་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་བཙུགས་ནས་དེ་སྔའི་ཀྲན་ཧྭ་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཀྲན་ཧྭ་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1931ལོར་ཡུལ་ཚོ་དང་ལི་ཡི་སྒྲིག་གཞི་དེ་ཡུལ་ཚོ་དང་ཆུས་ཀྱི་སྒྲག་གཞི་རུ་བསྒྱུར་ཞིང་། ཁྱོན་བསྡོམས་པའི་ཆུས7དང་། ཡུལ་ཚོ་དང་གྲོང་རྡལ62 གྲོང་ཚོ462བཙུགས་ཡོད། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2250ཙམ་ཡོད། སྤྱི་ལོ1945ལོའི་ཟླ10པར་རྫོང་དུ་ཆུས7དང་གྲོང་རྡལ1(ཞ་ཝ་གྲོང་རྡལ)ཡོད། སྤྱི་ལོ1946ལོར་ཆུས་ལྔ་པ་ཁྲེང་ཏུང་ཆུས་ལྔ་པ་དང་ཤིས་ཆུས་ལྔ་པ་གཉིས་སུ་ཕྱེས་ཤིང་། ཞ་ཝ་གྲོང་རྡལ་དེ་ཞ་ཝ་ཆུས་སུ་བསྒྱུར། སྤྱི་ལོ1947ལོའི་ཟླ1པོར་ཆུས་བརྒྱད་འཕར་སྣོན་བྱས། སྐབས་དེར་རྫོང་ཡོངས་ལ་ཆུས10ཡོད།

སྤྱི་ལོ1949ལོའི་ཟླ9པར་རྫོང་ཡོངས་སུ་ཆུས8དང་། གྲོང་རྡལ1ཡུལ་ཚོ91བཅས་ཡོད། སྤྱི་ལོ1950ལོའི་ཟླ2པར་ཞིན་ཧྭ་དང་ཧོང་ཧྲེང་། ཡུང་ཧྥེང་། པའོ་ཐོའུ། ཐའེ་ཕིན་བཅས་ལ་བསྐྱར་དུ་ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། བདུན་པ་བཅས་ཟེར། ཧྥུ་གོ་ཆུས་ཆུས་ལྔག་པར་བསྒྱུར། མ་ཡིང་ཆུས་ཆུས་དྲུག་པར་པར་བསྒྱུར། དབྱི་ཧོ་ཆུས་ཆུས་བརྒྱད་པར་བསྒྱུར། ཞ་ཝ་གྲོང་རྡལ་མེད་པར་བཟོས་ནས་ཆུས་གསུམ་པའི་ཁོངས་སུ་བསྡུས། པིན་ཧའེ་རྫོང་ཕྱིར་འཐེན་བྱས་པ་དང་། ལི་ཅ་ཆུས་དང་། ཀུའོ་ཅུས་ཆུས་ཕྱིར་ཀྲན་ཧྭ་ཡི་ཁོངས་སུ་བསྡུས་ཤིང་། སོ་སོར་ཆུས་དགུ་པ་དང་ཆུས་བཅུ་པ་ཟེར།  སྤྱི་ལོ1952ལོའི་ཟླ4པར་རྫོང་ཡོངས་ལ་ཡུལ་ཚོ10དང་གྲོང་རྡལ1ཡོད། སྤྱི་ལོ1956ལོའི་ཟླ5པར་ཆུས་བཅུ་པ་མེད་པར་བཟོས་ནས་ཆུས་བདུན་པའི་ཁོངས་སུ་བསྡུས། སྤྱི་ལོ1957ལོར་ཆུས་དང་ཡུལ་ཚོ་ཟླ་སྒྲིལ་བཏང་བ་དང་། རྫོང་ཡོངས་གྲོང་རྡལ4དང་ཡུལ་ཚོ35བགོས། སྤ྅ཡི་ལོ1958ལོའི་ཟླ9པར་རྫོང་ཡོངས་སུ་ཧྥུ་གོ་དང་། ཡུང་ཧྥེང་། ཞ་ཝ། ཁྲེང་ཀོན། ཧོང་ཧྲེང་། པའོ་ཐོའུ། ལི་གོ། ཞ་ཧོ། དབྱི་ཧོ། ལིའུ་ཐའོ། ཀུའོ་ཅུས། ཐའེ་ཕིང་། ལི་ཅ། པེ་ཅི་བཅས་མི་དམངས་ཀུང་ཧྲེ14བཙུགས་ཤིང་། ཐོན་སྐྱེད་རུ་ཆེན525ཡོད།

སྤྱི་ལོ1958ལོའི་ཟླ11པར་ལི་ཅིན་རྫོང་དེ་ཀྲན་ཧྭ་རྫོང་དང་ཟླ་སྒྲིལ་བཏང་ཞིང་། དེའི་ཁོངས་སུ་མི་དམངས་ཀུང་ཧྲེ26ཡོད་ལ། ཁྲེང་ཀོན་མི་དམངས་ཀུང་ཧྲེ་ཞེས་པ་དེ་ཀྲན་ཁྲེང་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར། སྤྱི་ལོ1960ལོའི་ཟླ2པར། པིན་རྫོང་ཡན་ཅ་མི་དམངས་ཀུང་ཧྲེ་དེ་ཡུས་ཧྭ་རྫོང་གི་ཁོངས་སུ་གཏོགས་ཤིང་། རྫོང་ཡོངས་ཀྱི་ཁོངས་སུ་ཀུང་ཧྲེ27ཡོད། སྤྱི་ལོ1960ལོའི་ཟླ6པར། ཀྲན་ཧྭ་རྫོང་གི་ཞི་བདེ་དང་ཀུའོ་ཅུས། དབྱི་ཧོ། ལིའུ་ཐའོ། ལུའོ་ཀྲེན། ཐུང་ཞིན། ལེན་ཧོ། ཝུའུ་ཀྲོང་བཅས་མི་དམངས་ཀུང་ཧྲེ8དང་ལི་ཅ་ཀུང་ཧྲེའི་ས་ཁོངས་སྐརོར་ཞིག་ཀྲན་ཧྭ་རྫོང་དུ་བགོས། དེའི་ཁོངས་གཏོགས་སུ་མི་དམངས་ཀུང་ཧྲེ19ཡོད།

སྤྱི་ལོ1961ལོའི་ཟླ9པར་ས་ཁུལ་ལེགས་སྒྲིག་བྱས་ཤིང་། ཡན་ཅ་ཀུང་ཧྲེ་ཕྱིར་པིན་རྫོང་གི་མངའ་ཁོངས་སུ་ལོག་པ་དང་། ཐའེ་ཕིང་དང་། ཀུའོ་ཅུས། དབྱི་ཧོ། ལིའུ་ཐའོ་སོགས་ཀུང་ཧྲེ4བསྐྱར་དུ་ཀྲན་ཧྭ་ཡི་ཁོངས་སུ་བགོས། ཀྲན་ཧྭ་དང་ཀྲན་ལི་སོ་སོར་བཅོས་སྐྱོང་བྱས་ཤིང་། ཀྲན་ཧྭ་རྫོང་ཁོངས་སུ་སྔར་བཞིན་དེ་སྔའི་མི་དམངས་ཀུང་ཧྲེ14ཡོད།

སྤྱི་ལོ1962ལོའི་ཟླ5པར་ཧྥུ་གོ་ཀུང་ཧྲེ་ཧྥུ་གོ་དང་པ་ཧྲང་། ཞིན་ཤིན་བཅས་ཀུང་ཧྲེ3ལ་བགོས། རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཀུང་ཧྲེ16ཡོད།

སྤྱི་ལོ1963ལོའི་ཟླ2པར་ཀུང་ཧྲེ་ཆེན་པོ16མེད་པར་བཟོས་ཤིང་། རྫོང་ཡོངས་ཆུས9རུ་བསྒྱུར་ཞིང་། ཆུས་འོག་ཏུ་ཀུང་ཧྲེ་ཆུང་བ་བཙུགས་ཡོད་ལ། བསྡོམས་པའི་ཀུང་ཧྲེ་ཆུང་བ58ཡོད། སྤྱི་ལོ1968ལོའི་ཟླ5པར་ཆུས་ཕྱིར་འཐེན་བྱས་ནས་ཀུང་ཧྲེ་ཆུང་བ་རུ་ཟླ་སྒྲིལ་བཏང་ཞིང་། རྫོང་ཡོངས་ལ་ཅན་ཡན་ཁྲེང་དང་ཧོང་ཧྲེང་། ལིའུ་ཀྲུང་། ཞ་ཝ། ཡུང་ཧྥེང་། པའོ་ཐོའུ། ཝང་ཧོའུ་། ཧྥུ་གོ། ཆི་ཆོན། ཧོ་ཀུའེ། མ་ཡིང་། ཞ་ཧོ། དབྱི་ཧོ། སི་ཁུན། ཐའེ་ཕིང་། ཞིན་ཟི། ལི་ཅ། ཧྥེང་ཅ། ཀུའོ་ཅུས་ཉ་ལས་ཀུང་ཧྲེ19ཡོད། སྤྱི་ལོ1969ལོའི་ཟླ3པར། ཀུའོ་ཅུས་ཡུས་ཡེ་ཀུང་ཧྲེར་ཧའེ་ཧྥང་ཡུས་ཡེ་ཀུང་ཧྲེར་མིང་བསྒྱུར། སྤྱི་ལོ1971ལོའི་ཟླ3པར་ཝང་ཧོའུ་ཀུང་ཧྲེ་དང་ཅན་ཏ་ཀའོ་ཀུང་ཧྲེ་ཕྱིར་འཐེན་བྱས་ཤིང་། སྤྱི་ལོ1982ལོའི་ཟླ4པར་དབྱི་ཁྲེང་ཀུང་ཧྲེ་དེ་ཀུའུ་ཁྲེང་ཀུང་ཧྲེ་ཞེས་པར་མིང་བསྒྱུར། མ་ཡིང་ཀུང་ཧྲེ་ལི་གོ་ཀུང་ཧྲེ་ཞེས་པར་མིང་བསྒྱུར་ནས་ཧྥུ་གོ་ཀུང་ཧྲེ་མེད་པར་བཟོས་ཏེ་ཧྥུ་གོ་གྲོང་བརྡལ་བཙུགས། སྐབས་དེར་རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2741.5ཡོད།

སྤྱི་ལོ1983ལོའི་ཟླ9པར་དབྱི་ཧོ་དང་། སི་ཁུན། ཐའེ་ཕིང་། ཞིན་ཧུའུ་བཅས་ཀུང་ཧྲེ4ཏུང་ཡིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། རྫོང་ཡོངས་ཀྱི་ཁོངས་སུ་གྲོང་རྡལ1དང་ཀུང་ཧྲེ14ཡོད། སྤྱི་ལོ1984ལོའི་ཟླ6པར་ཀུང་ཧྲེ་མེད་པར་བཟོས་ནས་ཡུལ་ཚོ་དང་གྲོང་རྡལ་བཙུགས། རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཧྥུ་གོ་གྲོང་རྡལ་དང་། ཀུའུ་ཁྲེང་གྲོང་རྡལ། ཞ་ཝ་གྲོང་རྡལ་བཅས་གྲོང་རྡལ3ཡོད་པ་དང་། ཏ་ཀའོ་ཡུལ་ཚོ་དང་། ཧོང་ཧྲེང་ཡུལ་ཚོ། ལིའུ་ཀྲུང་ཡུལ་ཚོ། ཡུང་ཧྥུང་ཡུལ་ཚོ། པའོ་ཐོའུ་ཡུལ་ཚོ། ཆི་ཆིན་ཡུལ་ཚོ། ཧོ་ཀུའེ་ཡུལ་ཚོ། ལི་གོ་ཡུལ་ཚོ། ཞ་ཧོ་ཡུལ་ཚོ། ལི་ཡུལ་ཚོ། ལི་ཡུལ་ཚོ། ཧྥེང་ཅ་ཡུལ་ཚོ་བཅས་ཡུལ་ཚོ11ཡོད། ལོ་དེའི་ཟླ10པར། ཧའེ་ཧྥང་དོན་གཅོད་ཁྲུའུ་བཙུགས་པ་དང་། རྫོང་ཡོངས་ལ་གྲོང་རྡལ3དང་ཡུལ་ཚོ11 དོན་གཅོད་ཁང1བཅས་ཡོད། ཡུལ་ཚོ་དང་གྲོང་རྡལ་དུ་སྲིད་འཛིན་གྲོང་ཚོ443ཡོད།

སྤྱི་ལོ1996ལོའི་ཟླ12པར་པོ་ཐོའུ་ཡུལ་ཚོ་དང་ཧྥེང་ཅ་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར་བ་དང་། སྤྱི་ལོ1998ལོར་ཡུང་ཧྥུང་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར། སྤྱི་ལོ2001ལོའི་ཟླ3པར་ཆི་དབྱི་ཡུལ་ཚོ་མེད་པར་བཟོས་ནས་དེའི་སྲིད་འཛིན་ས་ཁོངས་ཧྥུ་གོ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཡུང་ཧྥུང་གྲོང་རྡལ་མེད་པར་བཟོས་ནས་དེའི་སྲིད་འཛིན་ས་ཁོངས་དེ་ཝ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ལི་ཅ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་དེའི་སྲིད་འཛིན་ས་ཁོངས་ཧྥེང་ཅ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ལུའུ་ཀྲུང་ཡུལ་ཚོ་དུ་ཕྱིར་འཐེན་བྱས་ནས་དེའི་སྲིད་འཛིན་ས་ཁོངས་དེ་ཏ་ཀའོ་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། ཧོ་ཀུའེ་ཡུལ་ཚོ་དང་ཐུའུ་ཧོ་གཙང་པོའི་ཞིང་ར་མེད་པ་བཟོས་ནས་དེ་སྔའི་ཧོ་ཀུའེ་ཡུལ་ཚོ་ཡི་སྲིད་འཛིན་ས་ཁོངས་དང་ཐུའུ་ཧོ་གཙང་པོའི་ཞིང་རའི་དོ་དམ་ཁྱབ་ཁོངས་སུ་པིན་ཧའེ་ཡུལ་ཚོ་བཙུགས་པ་དང་། པིན་ཧའེ་ཡུལ་ཚོ་མི་དམངས་སྲིད་གཞུང་དེ་སྔའི་ཐུའུ་ཧོ་གཙང་པོའི་ནོང་ཁྲང་པུའུ་ཡི་གནས་ཤུལ་དུ་བཙུགས། སྤྱི་ལོ2002ལོའི་ཟླ8པར་ཏ་ཀའོ་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར། སྤྱི་ལོ2009ལོའི་ཟླ8པར། ཧྥུ་གོ་གྲོང་རྡལ་མེད་པར་བཟོས་ཏེ། ཧྥུ་གོ་ཁྲོམ་ལམ་དོན་གཅོད་ཁྲུའུ་དང་ཧྥུ་ཡོན་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས། སྤྱི་ལོ2010ལོའི་ཟླ6པར་ཧོང་ཧྲེང་ཡུལ་ཚོ་དང་པིན་ཧའེ་ཡུལ་ཚོ་གྲོང་རྡལ་དུ་བསྒྱུར།  

3 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2014ལོར་ཀྲན་ཧྭ་ཆུས་སྲིད་གཞུང་གནས་ཡུལ་ནི་ཧྥུའུ་གོ་ཁྲོམ་ལམ་ཡིན་ལ། མངའ་ཁོངས་སུ་ཞ་ཝ་དང་། ཧྥེང་ཅ། ཏ་ཀའོ་། ཀུའུ་ཁྲེང་། པའོ་ཐོའུ། ཧོང་ཧྲེང་། པིན་ཧའེ་བཅས་གྲོང་རྡལ7དང་། ལི་གོ་དང་ཞ་ཧོ་ཡུལ་ཚོ2 ཧྥུ་གོ་དང་ཕུའུ་ཡོན་ཁྲོམ་ལམ་དོན་གཅོད་ཁྲུའུ2 མཚོ་སྲུང་དོན་གཅོད་ཁྲུའུ1 དེར་སྲིད་འཛིན་གྲོང་ཚོ438དང་། ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1 ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གླིང1བཅས་ཡོད།

4 གཟི་བརྗིད་མན་སྙན།

“ཀྲུང་གོའི་དགུན་གྱི་ཁ་སུར་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་ལ། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོའི་སྔོན་ཐོན་རྫོང(ཆུས)དང་། “རྒྱལ་ཡོངས་ཀྱི་ལྗང་མདོག་ཞིང་ལས་དཔེ་སྟོན་ཆུས། ”“རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་གྱི་དཔེ་སྟོན་རྫོང(ཆུས)”“ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་བཟང་ཆ་ལྡན་པའི་ཆུས”སོགས་ཀྱི་མཚན་སྙན་ཐོབ་མྱོང་ལ། སྤྱི་ལོ2018ལོའི་ཟླ12པའི་ཚེས13ཉིན་ཀྲན་ཧྭ་ཆུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལེགས་ཆའི་ཆུས་ཀྱི་མིང་ཐོའི་ནང་ཚུད་ཡོད་ལ། ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་དང་། སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ།