ཧུའེ་ཨན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-12 17:41ལ་འགྲུབ།

ཧུའེ་ཨན་རྫོང་།

ཧུའེ་ཨན་རྫོང་།
ཧོའེ་ཨན་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ཧོའེ་ཨན་གྲོང་ཁྱེར་དུ་གཏོགས། ཧོའེ་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་སུའུ་པེ་བདེ་ཐང་གི་དབུས་ཁུལ། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་ཅང་སུའུ་བྱང་རྒྱུད་ཀྱི་ཆུ་འདྲེན་ཡུར་གྱི་འབྲེལ་མཚམས་སུ་ཡོད་ཅིང་། དབྱང་ཀྲོའུ་དང་ཡན་ཁྲེང་གྲོང་ཁྱེར་གཉིས་ཀྱི་འབྲེལ་མཚམས་སུ་གནས་པ་དང་དོ་དམ་བྱེད་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1452ཡོད། སྤྱི་ལོ2018ལོ་བར་ཧོའེ་ཨན་ཆུས་ཁོངས་སུ་ཁྲོམ་གཞུང3དང་། གྲོང་རྡལ12 གྲོང་རྡལ་རིམ་པའི་ཚན་པ1 དམིགས་བསལ་ས་ཁོངས2བཅས་གཏོགས་ཡོད། སྤྱི་ལོ2019ལོའི་བར་དུ་ཧོའེ་ཨན་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི114.37ལ་སླེབས་ཡོད། སྤྱི་ལོ2016ལོར་ཧོའེ་ཨན་ཁུལ་དུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར448.61ལ་སླེབས་པ་དེ་ལོ་གོང་མ་ལས9.9%འཕར་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)གྱི་སྐོར་གཉིས་པའི་མིང་ཐོའི་ནང་ཚུད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧུའེ་ཨན་རྫོང་།
རྒྱ་ཡིག་གི་མིང་།
淮安区
ཕྱི་ཡིག་གི་མིང་།
Huai'an County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང3 གྲོང་རྡལ12
སྲིད་གཞུང་སྡོད་གནས།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧོའེ་ཨན་ཆུས་ཞི་ཁྲང་ལམ་ཨང་རྟགས141པ།
ས་ཁོངས་ཁ་པར་ཨང་རྟགས།
0517
སྦྲག་སྲིད་ཚབ་ཨང་།
223200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1452
མི་གྲངས།
ཁྲི114.37
ནམ་ཟླ།
དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བརྒལ་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏H
སྲིད་འཛིན་ཚབ་ཨང་།
320803
GDP
དམངས་སྒོར་དུང་ཕྱུར448.61(སྤྱི་ལོ2016ལོ)
མེ་འཁོར་འབབ་ཚིགས།
ཧོའེ་ཨན་མེ་འཁོར་འབབ་ཚིགས།
1 ལོ་རྒྱུས་འཕེལ་རིམ།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཧོའེ་དབྱིན་ཆེད་ཁུལ་དུ་ཐོག་མར་སུའུ་པེ་སྲིད་འཛིན་ས་ཁུལ་དུ་གཏོགས་ལ། རྗེས་སུ་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ3པར། ཧོའེ་པའོ་རྫོང་མེད་པར་བཟོས་པ་དང་། དེའི་ཁོངས་གཏོགས་ས་ཆ་ཁ་ཤས་ཧོའེ་ཨན་རྫོང་ལ་དབང་།

སྤྱི་ལོ1954ལོའི་ཟླ8པར། ཧོའེ་ཨན་རྫོང་ཡན་ཁྲེང་ཆེད་ཁུལ་ནས་ཧོའེ་དབྱིན་ཆེད་ཁུལ་དུ་བགོས།

སྤྱི་ལོ1963ལོར་རེན་ཧོ་དང་ཧོང་ཅི། ཁྲ་ཧོ་བཅས་ཧུང་ཙེ་རྫོང་དུ་བགོས།

སྤྱི་ལོ1983ལོའི་ཟླ3པར། ཧོའེ་དབྱིན་ཆེད་ཁུལ་མེད་པར་བཏང་ནས། ས་ཁུལ་རིམ་པའི་ཧོའེ་དབྱིན་གྲོང་ཁྱེར་བཙུགས། ཧོའེ་ཨན་རྫོང་ནི་ཧོའེ་དབྱིན་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1983ལོའི་ཟླ་9པར། ཡོན་ཞི་ཡི་ཧོང་མ་དང་ཡན་ཧོ་ཤང་གཉིས་ཆིང་ཕུའུ་ཆུས་སུ་བགོས། ད་བས་ཡུན་ཞི་ས་ཁུལ་དུ་ནན་ཀྲ་དང་སན་པའོ། ཧྥན་ཅི། ལིན་ཅི་བཅས་ཤང་བཞི་ལས་མེད།

སྤྱི་ལོ1988ལོའི་ཟླ2པར་ཧོའེ་ཨན་རྫོང་མེད་པར་བཟོས་ནས་ཧོའེ་ཨན་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)བཙུགས།

སྤྱི་ལོ2001ལོའི་ཟླ2པར། སྔར་གྱི་ས་གནས་རིམ་པའི་ཧོའེ་དབྱིན་གྲོང་ཁྱེར་ལ་ཧོའེ་ཨན་གྲོང་ཁྱེར་ཞེས་པར་མིང་བསྒྱུར་བ་དང་། དེ་སྔའི་རྫོང་རིམ་པའི་ཧོའེ་ཨན་གྲོང་ཁྱེར་མེད་པར་བཟོས་ཏེ་ཆུས་བཙུགས་པར་ཁྲུའུ་ཀྲོའུ་ཆུས་ཞེས་མིང་བསྒྱུར།

སྤྱི་ལོ2002ལོའི་ཟླ6པར། ཞུས་དབྱང་ཤང་དེ་ཧོའེ་ཨན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁོངས་སུ་བགོས།

སྤྱི་ལོ2012ལོའི་ཟླ1པའི་ཚེས31ཉིན་ཁྲུའུ་ཀྲོའུ་ཆུས་ཡི་མིང་དེར་ཧོའེ་ཨན་ཆུས་ཞེས་བཏགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ10པའི་བར་ཧོའེ་ཨན་ཆུས་ཀྱི་ཁོངས་གཏོགས་ཧོའེ་ཁྲེང་ཁྲོམ་གཞུང་དང་། ཧོ་ཞ་ཁྲོམ་གཞུང་། ཧྲན་དབྱང་ཁྲོམ་གཞུང་བཅས་ཁྲོམ་གཞུང་གསུམ་དང་། ཕིང་ཆའོ་གྲོང་རྡལ་དང་། ཀྲུའུ་ཆའོ་གྲོང་རྡལ། ཧྲི་ཧོ་གྲོང་རྡལ། ཁྲེ་ཆའོ་གྲོང་རྡལ། ལིའུ་ཅུན་གྲོང་རྡལ། པོ་ལི་གྲོང་རྡལ། བསྐྱར་དར་གྲོང་རྡལ། སུའུ་ཙུའེ་གྲོང་རྡལ། ཆིན་ཀུང་གྲོང་རྡལ། ཧྲུན་ཧོ་གྲོང་རྡལ། ཅའོ་ཡུན་གྲོང་རྡལ། ཧྲི་ཐང་གྲོང་རྡལ་བཅས་གྲོང་རྡལ12ཡོད་པ་དང་དེའི་ཁོངས་སུ་པའེ་མ་མཚོའི་ཞིང་ར་དང་། དཔལ་འབྱོར་གསར་སྤེལ་ཁུལ། ཧོའེ་ཨན་རྒྱུ་ཆ་གསར་པའི་ཐོན་ལས་གླིང་བཅས་ཤང་རིམ་པའི་ལས་ཁུངས3ཡོད། ཆུས་མི་དམངས་སྲིད་གཞུང་གི་སྡོད་གནས་ནི་ཧོའེ་ཨན་གྲོང་ཁྱེར་ཧོའེ་ཨན་ཆུས་ཧོའེ་ཁྲེང་ནུབ་ལམ་ཆེན་མོའི་ཨང་རྟགས141པ་ཡིན།     

3 མི་གྲངས་གནས་ཚུལ།

སྤྱི་ལོ2017ལོ་བར་ཧོའེ་ཨན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི98.86ལ་སླེབས་ཡོད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཧོའེ་ཨན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི118.45ལ་སླེབས་པ་དེ་སྤྱི་ལོས2015ལོའི་ལོ་མཇུག་ལས་མི་ཁྲི0.46ཉུང་དུ་ཕྱིན་ནས0.4%མར་ཆག་པ་དང་། རྒྱུན་སྡོད་མི་འབོར་ཁྲི98.85ལ་སླེབས་པ་དེ་སྤྱི་ལོ2015ལོའི་ལོ་མཇུག་ལས་མི་ཁྲི0.11འཕར་ནས0.1%འཕར་ཡོད། ཐེམ་ཐོའི་མི་འབོར་ཁྲོད་སྐྱེས་པ་ཁྲི61.53དང་བུད་མེད་ཁྲི56.92ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི51.04དང་གྲོང་གསེབ་ཀྱི་མི་འབོར་ཁྲི47.81ལ་སླེབས་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད11.96‰ལ་སླེབས་པ་དང་། ཤི་ཚད7.87‰ལ་སླེབས། མི་འབོར་རང་ཤུགས་སུ་འཕར་ཚད4.09‰ལ་སླེབས་ཡོད།     

སྤྱི་ལོ2019ལོ་བར་ལྗོངས་ཡོངས་སུ་རྒྱུན་སྡོད་མི་འབོར324380ཡོད་པ་དང་། ཐེམ་ཐོ་ཅན་གྱི་མི1143702ཐོ་འགོད་བྱས་པའི་ནང་སྐྱེས་པ594941དང་བུད་མེད་548761ཡོད། སྡོད་ཁང32744བོགས་མར་བཏང་བ་དང་ཕྱོགས་ཡོང་མི17121ཡོད། སྤྱི་ལོ2019ལོའི་ཟླ7པའི་ཟླ་མཇུག་བར། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར230907དང་། གྲོང་གསེབ་ཀྱི་མི་འབོར912795ཡོད།     

4 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱི་་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར448.61ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས9.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར64.43ལ་སླེབས་ནས2.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར172.62ལ་སླེབས་ནས10.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར211.56ལ་སླེབས་ནས12.3%འཕར་ཡོད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར45408ལ་སླེབས་ཡོད། ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ཐོན་ལས་ཀྱི་བསྡུར་ཚད་དེ་སྤྱི་ལོ2015ལོའི15.0:39.6:45.4ནས14.4:38.5:47.1བར་ལེགས་སྒྲིག་བྱས་ཡོད། ལོ་ཧྲིལ་པོར་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་བསྡུར་ཚད1.7%མཐོ་རུ་ཕྱིན།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ཧོའེ་ཨན་ཁུལ་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི90.60ལ་སླེབས་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན་ཏུན་ཁྲི1.94ཉུང་དུ་ཕྱིན་ནས2.1%ཆག་ཡོད། དེའི་ནང་དབྱར་འབྲུ་ཏུན་ཁྲི34.05ལ་སླེབས་ནས3.8%མར་ཆག་པ་དང་། སྟོན་འབྲུ་ཏུན་ཁྲི56.55ལ་སླེབས་ནས1.0%ཆག་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི190.99ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས་མུའུ་ཁྲི0.26འཕར་ཡོད། སྣུམ་རྒྱུའི་རྒྱ་ཁྱོན་མུའུ་ཁྲི4.32ལ་སླེབས་ནས་མུའུ་ཁྲི0.15ཉུང་དུ་ཕྱིན་ཡོད། སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི13.93ལ་སླེབས་ནས་མུའུ་ཁྲི0.08ཉུང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1ཙམ་བཏང་ནས་ཞིང་ལས་གླིང་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི1.8མང་དུ་བཏང་བ་དང་ཞིང་ཆེན་རིམ་པའི་ཕྱུགས་རིགས་དང་བྱ་རིགས་ཚད་ལྡན་ཅན་གྱི་སྣོད་བཅུད་བདེ་ཐང་གསོ་ཚགས་རྟེན་གཞི5བསྐྲུན་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ལྡན་པའི་ས་ཞིང་མུའུ་ཁྲི8.2སྤོ་སྒྱུར་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་དཔེ་སྟོན་ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང23གསར་སྣོན་བྱས་པ། རྒྱལ་ཡོངས་ཀྱི་ཞིང་འཕྲུལ་མཉམ་ལས་དཔེ་སྟོན་ཁང1བསྐྲུན། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྒོར་ཁྲི2360སྤྲད་པ་བཅས་རེད།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱི་ཞིང་ཆུ་ནུས་ལྡན་འདྲེན་ཁྱོན་མུའུ་ཁྲི112.80ལ་སླེབས་པ་དང་། ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི2.19མང་དུ་ཕྱིན། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི68.51ལ་སླེབས། སྒྲིག་བཀོད་ཞིང་ལས་རྒྱ་ཁྱོན་མུའུ་ཁྲི3.12ལ་སླེབས་ཡོད། ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི100.63ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས1.8%འཕར།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱི་ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར882.07ལ་སླེབས་པ་དེ་དུས་མཚུངས་ལས13.6%འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས13.8%འཕར་བ་དང་ལྕི་བའི་བཟོ་ལས13.0%འཕར་ཡོད། དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་མ་རྐང་ཚོད་འཛིན་བཟོ་ལས0.3%འཕར་བ་དང་། ཐུན་མོང་བཟོ་ལས9.4%འཕར། མ་རྐང་ལམ་ལུགས་ཀྱི་བཟོ་ལས16.1%འཕར། ཕྱི་རྒྱལ་ཚོང་པའི་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མ་འཇོག་བཟོ་ལས9.5%ཆག་ཡོད། དམངས་གཉེར་ཁེ་ལས16.9%འཕར་བའི་ནང་སྒེར་གཉེར་བཟོ་ལས་17.2%འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར181.32ལ་སླེབས་ནས་སྤྱི་ལོ2015ལོ་ལས10.8%འཕར་ཡོད། ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་གི་འཆར་གཞི་ལག་བསྟར་ཧུར་ཐག་བྱས་ནས་ས་ཞིང་མེད་པའི་ལག་རྩལ་སྒྱུར་བཀོད་རྣམ་གྲངས18ལ་སྐུལ་འདེད་བཏང་བ་དང་། སྤུས་ཚད་དམའ་བའི་ཕན་འབྲས་ལྡན་པའི་ཁེ་ལས6བརྗེ་སྒྱུར་བྱས་པ། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས35གསར་དུ་འཕར་བ་དང་སྤ་སེ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས4ལས་བརྒལ་ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར21.59ལ་སླེབས་པ་དེ་དུས་མཚུངས་ལས13.8%འཕར། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར12.09ལ་སླེབས་པ་དེ་དུས་མཚུངས་ལས10.2%འཕར་ཡོད། སྤྱི་ལོ2016ལོར་ཧོའེ་ཨན་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར833.60བྱུང་བ་དེ་སྤྱི་ལོ2015ལོ་ལས13.5%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར30.08ལ་སླེབས་ནས6.4%འཕར་ཡོད། ཁེ་ལས་ཀྱི་གྱོང་གུན་ཕོག་ཚད6.9%ལ་སླེབས་པ་དེ་སྤྱི་ལོ2015ལོའི་དུས་མཚུངས་ལས0.6%འཕར་ཡོད་པ་རེད། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་སྒོར་དུང་ཕྱུར0.57ལ་སླེབས་ཡོད།

སྤྱི་ལོ2016ལོར་ཧོའེ་ཨན་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཀུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར49.43ལ་སླེབས་ནས23.2%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.96ལ་སླེབས་ནས30.2%འཕར། གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.57ལ་སླེབས་ནས16.5%འཕར། དཔྱད་ཆས་དཔྱད་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.73ལ་སླེབས་ནས32.5%འཕར།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱིས་བསྡོམས་རྩིས་ནང་བཅུག་པའི་བཟོ་ལས་ཐོན་རྫས་གཙོ་བོ་རིགས31ནང་འཕར་ཚད་རིགས16དང་ཆག་ཚད15ཡོད་པ་རེད། དེའི་ནང་ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་ཐོན་ཚད་མངོན་གསལ་དོད་པོས་ཆག་པ་དང་། ངར་ལྕགས་ཅན་གྱི་ཤེལ་སྒོ་དང་། ངར་ལྕགས་ཀྱི་གྲུབ་ཆ། ཨར་འདམ་གྱི་ཐོན་ཚད་བཅས་ཁག་སོ་སོར88.9%དང་། 72.6% 24.3%བཅས་ཆག་པ་དང་། ཡང་བའི་བཟོ་ལས་ཀྱི་ཐོན་རྫས་ཐོན་ཚད་འཕར་ཚད་ཅུང་མགྱོགས་ཤིང་། མདོག་མང་པར་འདེབས་ཐོན་རྫས་དང་། གྱོན་གོས། མིས་བཟོས་པང་ལེབ་བཅས་ཀྱི་ཐོན་ཚད་སོ་སོར62.7%དང་། 47.0% 32.7%བཅས་འཕར་ཡོད།

སྤྱི་ལོ2016ལོར་ཧོའེ་ཨན་ཁུལ་དུ་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར232.72བྱུང་བ་དེ་སྤྱི་ལོ2015ལོ་ལས6.6%ཆག་པ་དང་། ལས་མཇུག་འགྲིལ་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར175.97ལ་སླེབས་ནས15.2%འཕར། ལས་མཇུག་འགྲིལ་ཚད75.6%ལ་སླེབས། ཆུས་ཡོངས་ཀྱི་ཨར་སྐྲུན་ཁེ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར15.10ལ་སླེབས་ནས25.9%འཕར། ཨར་སྐྲུན་ལས་རིགས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མི་རེར་སྒོར་ཁྲི23.74ལ་སླེབས་ནས27.5%འཕར། ཨར་སྐྲུན་ལས་རིགས་ཁེ་ལས་ཀྱི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི2390.66ལ་སླེབས་ནས16.2%འཕར། ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི702.86ལ་སླེབས་ནས11.0%འཕར་བའི་ནང་སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི564.2ལ་སླེབས་ནས3.6%འཕར།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་ཧོའེ་ཨན་ཆུས་ཀྱིས་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར172.23ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས12.2%འཕར་ཡོད། གཉེར་སྐྱོང་ཚན་པ་གནས་ཡུལ་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར158.35ལ་སླེབས་ནས11.1%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར13.88ལ་སླེབས་ནས25.4%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན། སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར44.19ལ་སླེབས་ནས28.8%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར104.49ལ་སླེབས་ནས6.4%འཕར། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.54ལ་སླེབས་ནས9.6%འཕར། བཟའ་བཏུང་གཉེར་སྐྱོང་ཐད་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར22.01ལ་སླེབས་ནས11.8%འཕར་ཡོད། གཞི་ཁྱོན་ལྟར་དབྱེ་ན་བཅད་གྲངས་ཡན་གྱི་ཚན་པར་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར39.95ལ་སླེབས་ནས17.8%འཕར་བ་དང་། བཅད་གྲངས་མན་གྱི་ཚན་པས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར132.28ལ་སླེབས་ནས10.5%འཕར་ཡོད།

5 མཚན་སྙན་རྟགས་མ།

སྤྱི་ལོ2016ལོའི་ཟླ11པར་ཧོའེ་ཨན་གྲོང་ཁྱེར་ཧོའེ་ཨན་ཆུས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་ཀྱི་སྐོར་གཉིས་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཆུས་སུ་བདམས།

སྤྱི་ལོ2019ལོའི་ཟླ3པར་སྐོར་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག

སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པའི་མིང་ཐོའི་ནང་ཚུད།     

སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ནང་དུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། ཡུལ་གྲུ།