ལིན་ཧའེ་གྲོང་ཁྱེར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:16ལ་འགྲུབ།

ལིན་ཧའེ་གྲོང་ཁྱེར།

ལིན་ཧའེ་གྲོང་ཁྱེར།
ལིན་ཧའེ་ཡི་བསྡུས་མིང་ལ “ལིན”་ཟེར་ཞིང་། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཚབ་གཉེར་རྫོང་རིམ་པའི་གྲོང་ཁྱེར་ཡིན་ལ་ཀྲེ་ཅང་གི་མཚོ་རྒྱུད་དབུས་ཁུལ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་ཁུལ་གྱི་ལྷོ་སྣེར་གནས་ཡོད། ཤར་ཕྱོགས་སུ་ཤར་གྱི་རྒྱ་མཚོ་དང་འབྲེལ་ཡོད། ནུབ་ནས་ཞན་ཅུས། ལྷོ་ནས་ཧོང་ཡན། བྱང་ནས་ཐེན་ཐའེ་བཅས་སུ་འབྲེལ་ཡོད་པ་ཡིན། ཐའེ་ཀྲོའུ་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་དང་ཐའེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་བཅས་ཡིན་པ་དང་། ལོ་ངོ་སྟོང་གི་གནའ་གྲོང་ཡིན་ལ་འབྲི་ཆུའི་ལྷོ་རྒྱུད་ཀྱི་གྲགས་ཅན་རི་ཀླུང་། དེང་རབས་ཀྱི་གྲོང་ཁྱེར་དར་རྒྱས་གོང་འཕེལ་བཅས་གཞི་གཅིག་ཏུ་འདུས་པའི་གནའ་གྲོང་གི་གྲོང་ཁྱེར་གསར་པ་ཞིག་རེད། ལིན་ཧའེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པ་དང་། ཐང་རྒྱལ་རབས་ཀྱི་རྗེས་སུ་ཐོག་མཐའ་བར་གསུམ་དུ་ཐའེ་ཀྲོའུ་སྲིད་གཞུང་གི་སྲིད་སྐྱོང་ལྟེ་གནས་ཡིན། གནས་འདིར་རིག་དངོས་གནའ་ཤུལ་མང་པོ་ཡོད་པས“རིག་གནས་རྒྱལ་ཕྲན”ཞེས་པའི་མཚན་སྙན་སྔར་ནས་ཡོད་ཅིང་། གྲོང་ཁྱེར་གྲགས་ཅན་དང་། མི་སྣ་གྲགས་ཅན། གནའ་ཤུལ་གྲགས་ཅན་བཅས“གྲགས་ཅན་བཞི་ལྡན་གྱི་གྲོང་ཁྱེར”དུ་གྱུར་ཡོད། ལིན་ཧའེ་ཡི་སྐད་ནི་ཝུའུ་སྐད་ཐའེ་ཀྲོའུ་ཡི་སྐད་ཀྱི་མཚོན་བྱེད་ཡུལ་སྐད་ཡིན་ཞིང་། གནའ་བོའི་རྒྱ་སྐད་ཀྱི་སྒྲ་གདངས་དང་། ཡིག་སྐད་ཀྱི་ཐ་སྙད། ཚིག་སྦྱོར་བཅས་ཅུང་མང་པོ་སོར་ཉར་བྱས་ཡོད། ལིན་ཧའེ་ནི་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་དང་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ཞིག་ཡིན་ལ། རྒྱལ་ཡོངས་སུ“ཀྲུང་གོའི་བསྟི་གནས་སུ་འཚམ་པའི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཀྱང་རེད། ལིན་ཧའེ་ནི་ཀྲུང་གོའི་མཚོ་རྒྱུད་ཀྱི་སྒོ་དབྱེའི་གྲོང་ཁྱེར་ཁག་དང་པོའི་གྲས་ཤིག་ཡིན་པ་དང་། སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་གསོན་ཤུགས་ཕྱོགས་བཞིར་ཁྱབ་པའི་ཀྲུང་གོའི་མ་རྐང་མཉམ་ལས་ལམ་ལུགས་ཀྱི་དཔལ་འབྱོར་འབྱུང་གནས་ཀྱི་གྲས་ཤིག་ཡིན་པ་དང་། དེ་གར་ཀྲུང་གོའི་མ་རྐང་མཉམ་ལས་ལམ་ལུགས་ཀྱི་ཁེ་ལས་དང་པོ་དེ་བཙུགས་པ་རེད། སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100དང་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ11པར“2019ལོའི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100”ཡི་ནང་ཚུད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临海
མིང་གཞན།
鹿城、回浦、临城
ཕྱི་ཡིག་གི་མིང་།
Linhai
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2203ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི119.98(2016ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ5དང་གྲོང་རྡལ14ཡོད།
རླངས་འཁོར་ཚབ་ཨང་།
浙J
ས་ཁོངས་ཁ་པར་ཨང་རྟགས།
(+86)0576
མེ་འཁོར་ས་ཚིགས།
ལིན་ཧའེ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
317000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331082
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1912ལོར(ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོ)ཧྥུའུ་དང་ཀྲོའུ། ཐིང་བཅས་ཀྱི་ལམ་ལུགས་མེད་པར་བཟོས། ཟླ7པར་ཐའེ་ཀྲོའུ་དམག་སྲིད་ཡན་ལག་ཁང་མེད་པར་བཟོ་ནས་ཐད་ཀར་ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་རེད།     སྤྱི་ལོ1914ལོར་ཞིང་ཆེན་གྱི་མངའ་ཁོངས་སུ་ཏའོ་བཙུགས་པ་དང་། ཧྥུའུ་མེད་པར་བཟོས་ནས་རྫོང་སོར་འཇོག་བྱས་ཤིང་ཧུའེ་ཅི་ཏའོ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1916ལོར་ཏའོ་མེད་པར་བཟོས་པ་དང་ཐད་ཀར་ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས།   

སྤྱི་ལོ1921ལོའི་ཟླ6པར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་རྫོང་གི་བར་དུ་རྫོང་སྲིད་ལྟ་ཞིབ་ཀྲོན་ཡོན་ཚོད་ལྟ་བྱས། ལིན་ཧའེ་ཁུལ་དྲུག་པར་གཏོགས། ཟླ9པར་དམིགས་བསལ་ས་ཁུལ་དུ་བསྒྱུར། དམིགས་བསལ་ས་ཁུལ་ལྔ་པའི་ཁོངས་སུ་གཏོགས།     སྤྱི་ལོ1922ལོའི་ཟླ10པར་དམིགས་བསལ་ས་ཁུལ་བཞི་པར་བསྒྱུར།     སྤྱི་ལོ1924ལོའི་ཟླ8པར་ལིན་ཧའེ་སྲིད་འཛིན་ལྟ་ཞིབ་ཁུལ་བཙུགས་པ་དང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས།   སྤྱི་ལོ1925ལོར་སྲིད་བསྒྲགས་གླིང་གིས《སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རྩ་འཛུགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག》བཀྲམས་པ་དང་། ཐའེ་ཀྲོའུ་ལ་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པ་ཟེར་ཞིང་ལིན་ཧའེ་དེའི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ6པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལིན་ཧའེ་རྩིས་ལེན་བདག་སྤྲོད་བྱས་ཏེ། རྫོང་མི་དམངས་སྲིད་གཞུང་བཙུགས། ལོ་དེའི་ཟླ10པར་ཐའེ་ཀྲོའུ་ཀྲོན་ཆུས་བཙུགས་ནས་ལིན་ཧའེ་རུ་བཅའ་སྡོད་བྱས།

སྤྱི་ལོ1983ལོའི་ཟླ1པོར། ལིན་ཧའེ་ཀུང་ཧྲེ་དེ་ཅའོ་ཅང་གྲོང་ཁྱེར་དུ་བགོས།     སྤྱི་ལོ1984ལོའི་ལོ་མཇུག་ཏུ། ཀྲང་ཨན་དང་། དབྱང་སི། ཙི་ལིན། ཧོང་ཅའོ་དང་ཏ་ཧྥུན་བཅས་གྲོང་ཚོ4ཅའོ་ཅང་གྲོང་ཁྱེར་ལ་བགོས་པ་དང་། ཕྱི་ལོར་ཀྲང་ཨན་ཆུས་མེད་པར་བཟོས་ནས་ཧྲང་ཕན་ཆུས་བཙུགས།    སྤྱི་ལོ1986ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལིན་ཧའེ་རྫོང་གི་སྒྲིག་གཞི་མེད་པར་བཟོས་ནས་ལིན་ཧའེ་གྲོང་ཁྱེར་འཛུགས་པར་ཆོག་མཆན་བཀོད་པ་དང་། ཐའེ་ཀྲོའུ་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན།   སྤྱི་ལོ1994ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཀྲོའུ་ས་ཁུལ་མེད་པར་བཟོ་རྒྱུ་དང་། ས་ཁུལ་རིམ་པའི་ཐའེ་ཀྲོའུ་གྲོང་ཁྱེར་འཛུགས་རྒྱུ། གྲོང་ཁྱེར་སྲིད་གཞུང་ཅའོ་ཅང་ཆུས་སུ་བཅའ་སྡོ་བྱེད་པ་དང་ལིན་ཧའེ་གྲོང་ཁྱེར་ནི་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་བྱ་རྒྱུ། ཐའེ་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུ་བཅས་ཀྱི་ཆོག་མཆན་བཀོད།

2 སྲིད་འཛིན་ཁོངས་བགོས།

2016ལོའི་ལོ་མཇུག་བར་ལིན་ཧའེ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་སྲང་ལམ5དང་གྲོང་རྡལ14ཡོད་པ་སྟེ། གནའ་གྲོང་སྲང་ལམ་དང་། རྒྱ་མཚོ་ཆེན་པོའི་སྲང་ལམ། ཅང་ནན་སྲང་ལམ། ཏ་ཐན་སྲང་ལམ། ཧྲའོ་ཅ་ཏུའུ་སྲང་ལམ་བཅས་དང་། ཞུན་ཆའོ་གྲོང་རྡལ་དང་། ཏུང་ཀྲི་གྲོང་རྡལ། ཞའོ་ཀྲི་གྲོང་རྡལ། ཐའོ་ཕན་གྲོང་རྡལ། ཧྲང་ཕན་གྲོང་རྡལ། ཏུའུ་ཆའོ་གྲོང་རྡལ། ཡུང་ཆོན་གྲོང་རྡལ། ཡིའུ་ཤིས་གྲོང་རྡལ། ཧོ་ཐོའུ་གྲོང་རྡལ། གཙང་རྒྱུད་གྲོང་རྡལ། ཁོ་ཚང་གྲོང་རྡལ། ཡུང་ཧྥུང་གྲོང་རྡལ། ཧུའེ་ཧྲུའེ་དབྱང་གྲོང་རྡལ་བཅས་གྲོང་ཚོ་ཨུ་ལྷན992དང་། གྲོང་མིའི་ཚོགས་ཆུང13560 སྡེ་ཁུལ་གྲོང་ལྷན35 གྲོང་མིའི་ཚོགས་ཆུང13584 གྲོང་མིའི་ཚོགས་ཆུང13584བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཚབ་གཉེར་རྫོང་རིམ་པའི་གྲོང་ཁྱེར་ཡིན་ལ་ཀྲེ་ཅང་གི་མཚོ་རྒྱུད་དབུས་ཁུལ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་ཁུལ་གྱི་ལྷོ་སྣེར་གནས་ཡོད། ཤར་ཕྱོགས་སུ་ཤར་གྱི་རྒྱ་མཚོ་དང་འབྲེལ་ཡོད། ནུབ་ནས་ཞན་ཅུས། ལྷོ་ནས་ཧོང་ཡན། བྱང་ནས་ཐེན་ཐའེ་བཅས་སུ་འབྲེལ་ཡོད་པ་ཡིན། ཐའེ་ཀྲོའུ་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་དང་ཐའེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་བཅས་ཡིན

ཤར་ནུབ་ཀྱི་འཕྲེད་ཐག་ཆེ་ཤོས་སྤྱི་ལེ85དང་། ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་སྤྱི་ལེ་44 སྐམ་སའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ2203བཅས་ཡོད་པའི་ནང་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ46.65དང་། མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1590 མཚོ་ངོགས་ཀྱི་རིང་ཚད་སྤྱི་ལེ227བཅས་ཡོད་པ་རེད།

ལིན་ཧའེ་ཡི་ས་བབ་གནས་ཚད་ནི་བྱང་གི་འཕྲེད་ཐིག28°40′~29°04′དང་ཤར་གྱི་གཞུང་ཐིག120°49′~121°41′བར་ཡིན།

3_2 ས་དབྱིབས་རྣམ་པ།

ལིན་ཧའེ་ནི་རྒྱབ་ངོས་རི་བོ་དང་མདུན་ངོས་ཆུ་བོ་ཡིན་ཏེ། རི་མ་ཐང་གཙོ་བོར་བྱེད་པ་དང་ས་བབ་ནུབ་ནས་ཤར་དུ་གསེག་ཡོད། ནུབ་ཕྱོགས་སུ་ཏ་ལེ་དང་། ཁྲི་ཧྥེང་། ཡང་ཡན་སོགས་ཀྱི་རི་བོ་སྣ་ཚོགས་ཚར་དུ་དངར་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་700ནས་1200བར་ཡོད། དབུས་རྒྱུད་ནི་གས་རྡིབ་གཞོང་ས་ཡིན་པ་དང་། ཤར་རྒྱུད་ནི་མཚོ་འགྲམ་བདེ་ཐང་ཡིན་པ་དང་། ས་བབ་ཁོད་སྙོམས་པ་དང་། གཙང་པོ་དང་ཕུ་ལ་འཕྲེད་གཞུང་ཡོད། དེའི་ཕྱི་རོལ་ནི་མཚོ་གཏིང་ཐུང་བའི་གྲམ་ཐང་དང་། མཚོ་ཁོངས་སུ་གླིང་ཕྲན་ཆེ་ཆུང86ཡོད།

3_3 གནམ་གཤིས་ཁྱད་ཆོས།

ལིན་ཧའེ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དྲོད་འཇམ་ཞིངབརླན་གཤེར་ལྡན་པ་དང་དུས་བཞིའི་དབྱེ་བ་གསལ་པོ་ཡོད། ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད17.1℃ཡིན་པ་དང་། ལོ་ཧྲིལ་པོར་དྲོད་ཚད5370℃ཡིན་པ་རེད། སད་མེད་དུས་ཉིན241ཡིན་པ་དང་། ཆ་སྙོམས་རླངས་འགྱུར་ཚད་ཧའོ་སྨི1231.4ཟིན་པ་དེ་བཞའ་ཚན་ཆེ་བའི་ས་ཁུལ་ཡིན་པ་དང་། ཟླ5པ་ནས6པའི་བར་ནི་སོས་ཆར་དུས་ཚིགས་ཡིན་པ་དང་། ཟླ7པ་ནས9པའི་བར་ནི་གནམ་དྭངས་བ་དང་། དབྱར་སྟོན་གྱི་འབྲེལ་མཚམས་རྒྱ་མཚོའི་རླུང་འཚུབ་ཀྱི་ཅུང་མང་བ་རེད།

4 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་བར་ལིན་ཧའེ་གྲོང་ཁྱེར་དུ་ཐེམ་ཐོ་ཁྱོན་དུད་ཚང་ཁྲི37.95ཡོད་པ་དེ་ལོ་སྔོན་མ་ལས་དུད་ཚང3844ཉུང་དུ་ཕྱིན་པ་དང་ཐེམ་ཐོ་མི་འབོར་ཁྲི119.98ཟིན་པ་ལོ་སྔོན་མ་ལས་མི4159མང་དུ་ཕྱིན་ཡོད་པ་རེད། དེའི་ནང་སྐྱེས་པའི་མི་འབོར་ཁྲི62.19དང་། བུད་མེད་ཀྱི་མི་འབོར་ཁྲི57.80 ཕོ་མོའི་བསྡུར་ཚད་107.6:100བཅས་ཡོད། ལོ་ཧྲིལ་པོར་ཁྱོན་མི11939སྐྱེས་པ་དང་མི6378ཤི་བ་དང་། མི་འབོར་སྐྱེ་ཚད་དང་ཤི་ཚད་སོ་སོར 9.976‰དང་5.32%‰ཟིན་ཡོད། མི་འབོར་རང་བྱུང་འཕར་ཚད4.64‰ཟིན་པ་དེ་སྤྱི་ལོ2015ལོ་ལས1.9‰ཆག་ཡོད་པ་རེད། མི་འབོར་བསྡོམས་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི41.18དང་གྲོང་གསེབ་ཀྱི་མི་འབོར་ཁྲི78.80ཟིན་ཡོད།     ལིན་ཧའེ་གྲོང་ཁྱེར་གྱིས་སྤྱི་ལོ2016ལོར་ཕྲུ་གུ་སྐྱེ་རྩིས་ཡོད་པའི་ཕྲུ་གུ་སྐྱེ་ཚད་95.01%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས7.74འཕར་བའི་ནང་སྤྱི་ལོ2016ལོར་ཕྲུ་གུ་སྐྱེ་ཚད97.29%ཟིན་པ་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེ་ཚད་ལོན་པའི་བུད་མེད་ཀྱི་ཕྲུ་གུ་སྐྱེ་ཚད82.58%ཟིན་པ་དེ་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས3.63ཆག་ཡོད་པ་རེད།

5 དཔལ་འབྱོར།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར515.61ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར44.25ཟིན་ནས4.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར221.89ཟིན་ནས8.0%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར249.47ཟིན་ནས10.3%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི8.7:44.4:46.9ནས8.6:43.0:48.4བར་ལེགས་སྒྲིག་བྱས་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43047ཟིན་པ་དེ་ལོ་གོང་མ་ལས8.3%འཕར་བ་དང་མི་དམངས་ཤོག་སྒོར་གྱིས་ཨ་སྒོར་གྱི་ལོ་རེའི་ཆ་སྙོམས་འཛའ་ཐང་(ཨ་སྒོར1=སྒོར6.6423ཡིན)ལྟར་ཨ་སྒོར6481ལ་ཕབ་རྩིས་བརྒྱབ་ཡོད།

6 སྤྱི་ཚོགས་ལས་དོན།
6_1 ཚན་རྩལ།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་ས་གནས་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པར་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ12577ཡོད་པའི་ནང་མཐོ་རིམ་དང་འབྲིང་རིམ་གྱི་གོ་མིང་ཡོད་མཁན5853ཡོད་པ་རེད། ལོ་མཇུག་ཏུ་ཞིང་པའི་ལག་རྩལ་གྱི་གོ་མིང་མི་སྣ18552ཡོད། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་སྒོར་ཁྲི14643བཏང་ནས་སྔ་ལོ་ལས10.0%འཕར་ཡོད།

6_2 སྨན་བཅོས།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས684ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང79དང་དངོས་སུ་སྨན་བཅོས་ཉལ་ཁྲི4828ཡོད་པ་རེད། གྲོང་ཁྱེར་་ཡོངས་སུ་རིགས་ཁག་གི་འཕྲོད་བསྟེན་ལག་རྩལ་མི་སྣ6515ཡོད་པ་དེའི་ནང་ལས་གཉེར་སྨན་པ་དང་ལས་གཉེར་ལས་རོགས་སྨན་པ2854ཡོད་པ་དང་ཐོ་འགོད་ནད་གཡོག2505ཡོད། ལོ་མཇུག་ཏུ་མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣ5.45ཡོད་པའི་ནང་མི་སྟོང་རེར་ལས་གཉེར་སྨན་པ་དང་ལས་གཉེར་ལས་རོགས་སྨན་པ2.39ཡོད།

7 གཟི་བརྗིད་མཚན་སྙན།

ལིན་ཧའེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པ་དང་། ཐང་རྒྱལ་རབས་ཀྱི་རྗེས་སུ་ཐོག་མཐའ་བར་གསུམ་དུ་ཐའེ་ཀྲོའུ་སྲིད་གཞུང་གི་སྲིད་སྐྱོང་ལྟེ་གནས་ཡིན། གནས་འདིར་རིག་དངོས་གནའ་ཤུལ་མང་པོ་ཡོད་པས“རིག་གནས་རྒྱལ་ཕྲན”ཞེས་པའི་མཚན་སྙན་སྔར་ནས་ཡོད་ཅིང་། གྲོང་ཁྱེར་གྲགས་ཅན་དང་། མི་སྣ་གྲགས་ཅན། གནའ་ཤུལ་གྲགས་ཅན་བཅས“གྲགས་ཅན་བཞི་ལྡན་གྱི་གྲོང་ཁྱེར”དུ་གྱུར་ཡོད།

སྤྱི་ལོ2018ལོའི་ཟླ12པར།  རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ100དང་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ11པར“2019ལོའི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100”ཡི་ནང་ཚུད་པ་རེད།

དཔྱད་གཞིའི་ཡིག་ཆ།