ཆིང་ཅང་ཕུའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-12 17:56ལ་འགྲུབ།

ཆིང་ཅང་ཕུའུ་ཆུས།

ཆིང་ཅང་ཕུའུ་ཆུས།
ཆིང་ཅང་ཕུའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོའེ་ཨན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་གནས་པ་དང་། ཤར་ངོས་ནི་ཧོའེ་ཨན་ཆུས་དང་འབྲེལ་བ་དང་། ནུབ་ངོས་དང་བྱང་ངོས་ཕྱོགས་སུ་ཧོའེ་དབྱིན་ཆུས་དང་འབྲེལ། ལྷོ་ངོས་ཕྱོགས་སུ་ཧུང་ཙེ་ཆུས་ལ་འབྲེལ། ཧོའེ་ཨན་གྲོང་ཁྱེར་གྱི་ས་ཁོངས་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ309.62ཡོད་པ་རེད། སྤྱི་ལོ2018ལོ་བར་ཆིང་ཅང་ཕུའུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང12དང་། གྲོང་རྡལ3 ཤང1བཅས་ཡོད་པ་དང་། གཞན་ཡང་དོན་གཅོད་ཁང1བཙུགས་ཡོད། རྒྱུན་སྡོད་མི་འབོར་ཁྲི65.83ལ་སླེབས་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར479.68ལ་སླེབས་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.70ལ་སླེབས་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར109.49ལ་སླེབས། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར358.49ལ་སླེབས། ཐོན་ལས་གྲུབ་ཆའི་བསྡུར་ཚད་ནི2.4:22.8:74.8ཡིན་པ། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར72899ལ་སླེབས། ལོ་དེའི་ཆ་སྙོམས་འཛའ་ཐང་ལྟར་ཨ་སྒོར10927ཡིན་པ་བཅས་རེད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆིང་ཅང་ཕུའུ་ཆུས།
རྒྱ་ཡིག་གི་མིང་།
清江浦区
ཕྱི་ཡིག་གི་མིང་།
Qingjiangpu District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང12 གྲོང་རྡལ3 ཤང1
སྲིད་གཞུང་སྡོད་གནས།
ཁྲེང་ནན་ཁྲོམ་གཞུང་ཧོའེེ་ཧའེ་ལྷོ་ལམ་ཨང་རྟགས268པ།
ས་ཁོངས་ཁ་པར་ཨང་རྟགས།
0517
སྦྲག་སྲིད་ཚབ་ཨང་།
223001
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ309.62
མི་གྲངས།
ཁྲི65.83
ནམ་ཟླ།
དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བརྒལ་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏H
སྲིད་འཛིན་ཚབ་ཨང་།
320812
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1948ལོའི་ཟླ12པར་མི་དམངས་བཅིངས་འགྲོལ་དམག་གིས་ཧོའེ་དབྱིན་གྲོང་ཁྱེར་བཅིངས་འགྲོལ་བཏང་བ་དང་། གྲོང་ཁུལ་དང་ཧོའེ་ཨན་ཟླ་སྒྲིལ་བཏང་ནས་ཧོའེ་ཧོའེ་གྲོང་ཁྱེར་དུ་གྱུར་པ་དང་། གྲོང་ཁྱེར་སྲིད་གཞུང་ཆིང་ཅང་ཕུའུ་རུ་བཅའ་སྡོད་བྱས། གྲོང་གསེབ་ནི་ཧོའེ་དབྱིན་རྫོང་ཡིན།

སྤྱི་ལོ1951ལོའི་ཟླ1པོར་རྫོང་མཁར་ཧོའེ་དབྱིན་རྫོང་ནས་ལོགས་སུ་ཕྱེ་ནས་ཆིང་ཅང་གྲོང་ཁྱེར་ཁོ་ནར་བཞག་པ་དང་ཧོའེ་དབྱིན་རྫོང་སྲིད་གཞུང་ཝང་ཡིང་གྲོང་རྡལ་དུ་སྤོས།     

སྤྱི་ལོ1958ལོའི་ཟླ8པར། ཆིང་ཅང་གྲོང་ཁྱེར་དང་ཧོའེ་དབྱིན་རྫོང་ཡང་བསྐྱར་ཟླ་སྒྲིལ་བྱས་ཏེ། ཧོའེ་དབྱིན་གྲོང་ཁྱེར་བཙུགས།     

སྤྱི་ལོ1964ལོའི་ཟླ10པར། གྲོང་ཁྱེར་དང་རྫོང་ཡང་བསྐྱར་ཧོའེ་དབྱིན་རྫོང་དང་ཆིང་ཅང་གྲོང་ཁྱེར་དུ་བགོས་ཤིང་། དེ་དག་ཚང་མ་ཧོའེ་དབྱིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1983ལོའི་ཟླ3པར། ཅང་སུའུ་ཞིང་ཆེན་གྱིས་གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཧོའེ་དབྱིན་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་མེད་པར་བཟོས་ནས། ཧོའེ་དབྱིན་གྲོང་ཁྱེར་བཙུགས་པ་དང་། དེ་དང་མཉམ་དུ་ལི་མིས་བཟོས་གཙང་པོ་ས་མཚམས་བྱས་ཏེ་ཆིང་ཅང་གྲོང་ཁྱེར་ཆིང་ཧོ་ཆུས་དང་ཆིང་ཕུའུ་ཆུས་གཉིས་སུ་བགོས།     

སྤྱི་ལོ2001ལོའི་ཟླ1པའི་ཚེས1ཉིན། ཧོའེ་དབྱིན་གྲོང་ཁྱེར་ལ་ཧོའེ་ཨན་གྲོང་ཁྱེར་ཞེས་པར་མིང་བསྒྱུར་བ་དང་། ཆིང་ཧོ་ཆུས་ནི་དེའི་ཁོངས་གཏོགས་ཡིན།

སྤྱི་ལོ2016ལོའི་ཟླ10པའི་ཚེས8ཉིན་ཧོའེ་ཨན་གྲོང་ཁྱེར་ཆིང་ཧོ་ཆུས་དང་ཆིང་ཕུའུ་ཆུས་གཉིས་མེད་པ་བཟོས་ནས་ཧོའེ་ཨན་གྲོང་ཁྱེར་ཆིང་ཅང་ཕུའུ་ཆུས་བཙུགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཆིང་ཅང་ཕུའུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང12དང་། གྲོང་རྡལ3 ཤང1བཅས་ཡོད་པ་དང་། གཞན་ཡང་དོན་གཅོད་ཁང1བཙུགས་ཡོད། ཆིང་ཅང་ཕུའུ་ཆུས་མི་དམངས་སྲིད་གཞུང་གི་གྲོང་ནན་ཁྲོམ་གཞུང་ཧོའེ་ཧའེ་ལྷོ་ལམ་གྱི་ཨང་རྟགས268པར་བཅའ་སྡོད་བྱས་ཡོད་པ་རེད།     

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིང་ཅང་ཕུའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི65.83ལ་སླེབས་པ་དང་ཐེམ་ཐོའི་མི་འབོར་བསྡོམས་འབོར་ཁྲི57.1269ལ་སླེབས་པའི་ནང་སྐྱེས་པ་ཁྲི28.4951ལ་སླེབས་པ་དེས་མི་འབོར་བསྡོམས་འབོར་གྱི49.9%བཟུང་བ་དང་། བུད་མེད་ཁྲི28.6318ལ་སླེབས། མི་འབོར་བསྡོམས་འབོར་གྱི50.1%བཟུང་། མི་འབོར་བསྡོམས་འབོར་གྱི་ཕོ་མོའི་བསྡུར་ཚད99.5(བུད་མེད100)ལ་སླེབས་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར6328(སྤྱི་བདེ་གྲངས)ཡོད་པ་དང་སྐྱེས་ཚད11.1‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་འབོར3246(སྤྱི་བདེ་གྲངས་)ཡིན་པ་དང་ཤི་ཚད5.7‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་མི3082ལ་སླེབས་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད5.4‰ཡིན།     

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པར“སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས”སུ་བདམས་པ་རེད།      སྤྱི་ལོ2019ལོའི་ཟླ1པའི་ཚེས25ཉིན་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“དུས་བདེའི་ཞིང་འཕྲུལ”གྱི་དཔེ་སྟོན་རྫོང་དུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཆུ་བེད་པུའུ་ཡིས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)སྐོར་དང་པོའི་གྲས་སུ་ཚུད་པ་ཡོངས་བསྒྲགས་བྱས་པ་རེད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར479.68ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས6.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.70ལ་སླེབས་པ་དེ་དུས་མཚུངས་ལས3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར109.49ལ་སླེབས་པ་དེ་དུས་མཚུངས་ལས1.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར358.49ལ་སླེབས་པ་དེ་དུས་མཚུངས་ལས7.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་སྒྲིག་གཞིའི་བསྡུར་ཚད་ནི2.4:22.8:74.8ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར72899(མི་གྲངས་ཞིབ་རྩིས་ཀྱི་ཚད་གཞི་སྤྱི་ལོ2017ལོ་ལས་ལེགས་སྒྲིག་བྱུང་ཡོད)ཡིན་པ་དང་། ལོ་དེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར10927ཡིན། ལོ་མཇུག་ཏུ་སྒེར་གཉེར་ཁེ་ལས་མིན་པའི་དུད་ཚང1566ཚང་མ་ཐོ་བཀོད་མ་རྩ་སྒོར་དུང་ཕྱུར849.48ལ་སླེབས། སྒེར་གཉེར་ཁེ་ལས15681ཐོ་འགོད་མ་རྩ་སྒོར་དུང་ཕྱུར1449ལ་སླེབས། རྐྱང་བའི་བཟོ་ཚོང་དུད་ཚང72154ལ་ཐོ་འགོད་མ་རྩ་སྒོར་དུང་ཕྱུར63.15ལ་སླེབས།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱིས་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར295.66བཏང་བ་དེ་ལོ་གོང་མ་ལས9.5%འཕར་ཡོད། དེའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར102.68ལ་སླེབས་ནས16.4%འཕར་བ་དང་། བཟོ་སྐྲུན་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར94.48བཏང་བ་དེས་གཏན་འཇགས་རྒྱུ་ནོར་རྣམ་གྲངས་ཀྱི་མ་འཇོག་བཟུང་ཚད51.1%བཟུང་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར110.80བཏང་ནས11.0%འཕར་ཡོད། དམངས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར101.84བཏང་བ་དེས་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཀྱི34.4%བཟུང་ཡོད། རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་50.37བཏང་བའི་ནང་གྲོང་ཁྱེར་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར41.75བཏང་བ་དང་། ནང་སྐོར་མཐོ་སྒྲོམ་མྱུར་བགྲོད་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར32.62བཏང་།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་སུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར47.36ལ་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས0.5%ཆག་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར30.07ལ་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས5.7%ཆག་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར24.66ལ་སླེབས་པ་དེ་ན་ནིང་གི་དུས་མཚུངས་ལས14.5%འཕར་བ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར5.41ཆག་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར47.7%ཆག་པ་དེ་ལོ་གོང་མའི་དུས་མཚུངས་ལས4.1%འཕར་བ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར4.38ལ་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས2.5ཆག་པ་རེད།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི20.07ལ་སླེབས་ནས4.7%ཆག་པ་དང་། འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ485.4ལ་སླེབས་ནས1.0%མར་ཆག འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི9.74ལ་སླེབས་ནས5.7%ཆག་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི10.25ལ་སླེབས་ནས3.0%འཕར། སྔོ་ཚལ་དང་བཟའ་བྱའི་ཤ་མོ་སྤྱིའི་ཐོན་འབོར་ཏུན་ཁྲི31.24ལ་སླེབས་ནས8.3%འཕར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིང་ཅང་ཕུའུ་ཆུས་སུ་ནགས་ཚལ་ཁྱབ་ཚད24.6%ལ་སླེབས།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱི་ཆུ་ཐོན་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི0.50ལ་སླེབས་པ་དང་ཚྭ་མེད་ཆུའི་གསོ་སྤེལ་ཐོན་ཚད་ཏུན4243ཡིན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆིང་ཅང་ཕུའུ་ཆུས་ཀྱི་ཞིང་འཕྲུལ་གྱི་སྒུལ་ཤུགས་བསྡོམས་འབོར་སྟོང་ཝ་ཁྲི23.96ལ་སླེབས་པ་དེ་དུས་མཚུངས་ལས3.4%འཕར་བ་དང་། འདྲུད་འཐེན་འཕྲུལ་འཁོར8117ལ་སླེབས་པའི་ནང་འདྲུད་འཐེན་འཕྲུལ་འཁོར་ཆེ་འབྲིང567དང་འདྲུད་འཐེན་འཕྲུལ་འཁོར་ཆུང་གྲས7550ཡོད་པ་དང་། ལོ་མཇུག་ཏུ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར785ཡོད་པ་དང་། ལྗང་འཛུགས་འཕྲུལ་འཁོར590ཡོད་པ། ལོ་ཧྲིལ་པོར་འཕྲུལ་རྨོད་མུའུ་ཁྲི20.36དང་། འཕྲུལ་འདེབས་མུའུ་ཁྲི16.64 འཕྲུལ་འདེབས་མུའུ་ཁྲི19.73བཅས་ཡོད་པ་དང་། འཕྲུལ་འཁོར་གྱིས་འབྲས་མྱུག་མུའུ་ཁྲི8.69འདེབས་འཛུགས་བྱས་པ་དང་། འཕྲུལ་འཁོར་ལ་བརྟེན་ནས་སོག་མ་མུའུ་ཁྲི14.82འདེབས་འཛུགས་བཅས་བྱས་ཡོད། ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བརྟན་དུ་བཏང་ནས་ལོ་ཧྲིལ་པོར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར1.5ཡན་བཏང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁའི་རྒྱ་ཁྱོན་མུའུ་ཁྲི1.4གསར་སྐྲུན་བྱས་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་གོང་མ་ལས4.8%འཕར་བའི་ནང་ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་མ་འཇོག་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར2.2%འཕར་བ་དང་། སྒེར་གཉེར་བཟོ་ལས་ཀྱི་ཐོན་རྫས་རིན་ཐང8.2%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་དུ་ཕྱིར་འཚོང་བྱས་པའི་ཐོན་རྫས་རིན་ཐང་ལོ་གོང་མ་ལས7%འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་བསྡུར་ཚད10.9%འཕར་བ་དང་། ཁེ་སྤོགས་དཔྱ་ཁྲལ་དང་ཁེ་སྤོགས་སོ་སོར0.8%དང་། 0.7% 4%འཕར་སྣོན་བྱུང་།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱི་ཐོབ་ཐང་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས137གྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར228.36ལེགས་སྒྲུབ་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས6.4%མར་ཆག་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར173.79ལ་སླེབས་ནས12.2%ཆག་ཡོད། ཨར་སྐྲུན་ལས་རིགས་ཁེ་ལས་ཀྱི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མཁྲི1130ལ་སླེབས་ནས0.5%འཕར། ཨར་ལས་གྲུབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི385.86ལ་སླེབས་ནས10.0%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར30.11ལ་སླེབས་ནས4.0%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར346.07ལ་སླེབས་པ་དེ་ལོ་གོང་མ་ལས7.8%འཕར་བ་དང་ལས་རིགས་ཀྱི་རིགས་དབྱེ་ལྟར་དབྱེ་རྒྱུ་སྟེ། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར314.06ལ་སླེབས་ནས7.1%འཕར་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར32.01ལ་སླེབས་ནས15.3%འཕར། གཞི་ཁྱོན་ལྟར་དབྱེ་རྒྱུ་སྟེ། བཅད་གྲངས་ཡན་གྱི་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར240.50ལ་སླེབས་ནས2.4%འཕར་བ་དང་། བཅད་གྲངས་མན་གྱི་ཚན་པའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར105.57ལ་སླེབས་ནས22.7%འཕར་ཡོད།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་སུ་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར358.49ལ་སླེབས་པ་དེ་དུས་མཚུངས་ལས7.8%འཕར་བ་དངGDPཡི་བསྡུར་ཚད་བཟུང་ཚད74.8%ལ་སླེབས་པའི་ནང་དེང་རབས་ཞབས་ཞུའི་ལས་རིགས་ཀྱིསGDPཡི་བསྡུར་གྲངས་བཟུང་ཚད38%ལ་སླེབས་པ་དང་། ཐོན་ལས་གསུམ་པར་ཁྲལ་འབབ་སྒོར་དུང་ཕྱུར27.95བྱུང་བ་དེས་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱི66.6%བཟུང་། རིམ་རྩིས་བྱས་ན་གཞི་ཁྱོན་ཡན་གྱི་ཐོན་ལས་གསུམ་པའི་ཁེ་ལས826སྐྱེད་སྲིང་བྱས་པ་དང་། གྲངས་འབོར་དང་གཞི་ཁྱོན་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་ཀྱིས་དངོས་སུ་ཐོ་འགོད་བྱས་པའི་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི9664.3ལ་སླེབས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི51767.5ལ་སླེབས་པའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི41258.1ལ་སླེབས།

སྤྱི་ལོ2018ལོར་ཆིང་ཅང་ཕུའུ་ཆུས་སུ་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི222.56ལ་སླེབས་པ་དེ་ལོ་གོང་མ་ལས0.6%འཕར་ནས་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར170.73ལ་སླེབས་པ་དེ་ལོ་གོང་མ་ལས1.5%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། ཡུལ་གྲུ།