ལུའུ་ཆའོ་ཆུས།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:41ལ་འགྲུབ།

ལུའུ་ཆའོ་ཆུས།

ལུའུ་ཆའོ་ཆུས།
ལུའུ་ཆའོ་ཆུས་ནི་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀྲེ་ཅང་མཚོ་ངོགས་དབུས་རྒྱུད་དུ་གནས་ཡོད། ས་ཁོངས་ཤར་ངོས་ནས་ཤར་གྱི་རྒྱ་མཚོ་དང་། ལྷོ་ངོས་ནས་ཝུན་ལིང་དང་འབྲེལ་ཡོད། ནུབ་ངོས་སུ་ཧོང་ཡན་དང་འབྲེལ་ཡོད། བྱང་ངོས་སུ་ཅའོ་ཅང་དང་འབྲེལ་ཡོད། སྐམ་སའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ33.3དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ18.8ཡོད་པ་དང་། འཕྲེད་ཐིག་བྱང་མའི 28‘2—28‘38དང་། ཤར་གྱི་གཞུང་ཐིག 121‘13 —121‘40 བར་ན་ཡོད། ལུའུ་ཆའོ་ཆུས་ཀྱི་སྐམ་སའི་དབུས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ274ཡོད་པ་དང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ29.25ཡོད་པ་རེད། མངའ་ཁོངས་སུ་གྲོང་རྡལ4དང་སྲང་ལམ6ཡོད་པར་མི་གྲངས་ཁྲི41.3ཟིན་ཡོད། ཆུས་ཡོངས་ཀྱི་རྒྱབ་ངོས་རི་བོ་དང་མདུན་ངོས་རྒྱ་མཚོ་སྟེ། རི་མ་ཐང་དང་བདེ་ཐང་གི་བར་དང་། ཆུ་ལམ་འཕྲེད་གཞུང་དུ་འཕྲེད་གཞུང་དུ་ཁྱབ་ཅིང་། གླིང་ཕྲན་སྐར་ཚོགས་ལྟར་བཀྲམ་པ་དང་། གཏིང་ཐུང་རྒྱ་མཚོའི་གྲམ་ཐང་ཡངས་ཤིང་རྒྱ་ཆེ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ21.33ཟིན་ཡོད། ལུའུ་ཆའོ་ཆུས་ཀྱི་ཤེས་དཔལ་ནི་ཀྲོའུ་རྒྱལ་རབས་དུས་མཇུག་གི་ཞུས་ཡན་ཝང་ནན་ཏུའུ་ནས་ཐོན་པའི་སྔོན་ཐོན་ཀྲུང་ཡོན་རིག་གནས་ལས་བྱུང་བ་ཞིག་རེད། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་གྲགས་ཅན་མང་པོ་ཞིག་དེ་གར་བཞུགས་མྱོང་ཡོད་པ་སྟེ། ཡིག་གཟུགས་མཁས་པ་ཆེན་པོ་ཝང་ཞི་ཀྲི་དེ་སྔ་ལུའུ་ཆའོ་རུ་ཕེབས་མྱོང་ཞིང “ཡིའུ་ཅུན་སྣག་རྫིང”བཞག་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་སློབ་དཔོན་ཆེན་མོ་ཀྲེང་ཀྲེན་ཤར་དུ་མ་བསྐྱོད་གོང་ཤང་ཡན་དགོན་པར་ཆོས་ཀྱི་འཁོར་ལོ་བསྐོར་མྱོང་། སུང་རྒྱལ་རབས་ལྷོ་མའི་མཚན་ཉིད་རིག་པ་བ་གྲགས་ཅན་དང་རྩོམ་རིག་པ་ཡེ་ཧྲི། མིང་རྒྱལ་རབས་ཀྱི་གུས་ལུགས་པུའུ་ཡི་ཧྲང་ཧྲུའུ་དང་ཧན་ལིན་ཤེས་རམས་པ་ཧོང་ཧྥུ་གཉིས་སྔོན་ཆད་ལུའུ་ཆའོ་རུ་བསྡད་ནས་འཆད་ཁྲིད་བྱས་མྱོང་། ཡོན་རྒྱལ་རབས་དུས་མཇུག་གི་ཞིང་པའི་འོས་ལངས་དམག་གི་གཙོ་འཛིན་དང་པོ་ཧྥང་གོ་ཀྲེན་དང་ཡོན་རྒྱལ་རབས་ཀྱི་དུས་འགོའི་རྩོམ་ཡིག་མཁས་པ་ཐའོ་ཙུང་དབྱི། ཡིག་གཟུགས་མཁས་པ་ཁོ་ཧོང་། མིང་དུ་གྲགས་པའི་ཡིག་གཟུགས་མཁས་ཅན་བཅས་ཀྱིས་ཀྲེང་ཧོ་རི་འགོག་དམག་དཔོན་ཁྲེན་ཨན་པའོ། མིང་དུ་གྲགས་པའི་བཟོ་རྩལ་མཛེས་རྩལ་མཁས་པ། སློབ་གསོ་པ། ཡིག་རིས་པ་མཁས་ཅན་ཁྲེན་ཧྲུའུ་ལིའང་(ཁོང་གི་བུ་ནི29པའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་གླུ་དབྱབས《ང་དང་ཁྱེད》ཅེས་པའི་སྙན་ཚིག་རྩོམ་པ་པོ་ཁྲེན་ཆི་ཀང་ཡིན)ཡང་ལུའུ་ཆའོ་རུ་སྐྱེས། སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང46པར་གྱུར་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་ཡོད། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པར་བདམས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
路桥区
མི་འབོར།
ཁྲི62.1(2016ལོ)ཡོད།
ཕྱི་ཡིག་གི་མིང་།
Luqiao District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི274ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
གནམ་གྲུ་ཐང་།
ཐའེ་ཀྲོའུ་ལུའུ་ཆའོ་གནམ་གྲུ་ཐང་།
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ4ཡོད།
མེ་འཁོར་ས་ཚིགས།
ཐའེ་ཀྲོའུ་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0576
རླངས་འཁོར་ཚབ་ཨང་།
浙J
སྦྲག་སྲིད་ཨང་རྟགས།
318050
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331004
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིང་གོའི་སྲིད་ལོ་དང་པོར་(1912ལོར)ཧྥུའུ་དང་ཀྲོའུ། ཐིང་བཅས་ཀྱི་ལམ་ལུགས་མེད་པར་བཟོས་ནས། རྫོང་ཁག་རྣམས་ཐད་ཀར་ཞིང་ཆེན་སྲིད་གཞུང་གི་ཁོངས་སུ་གཏོགས། མིང་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཞིང་ཆེན་གྱི་འོག་ཏུ་ཏའོ་བཙུགས་པ་དང་། ཧོང་ཡན་རྫོང་ཧུའེ་ཅི་ཏའོ་ཡི་ཁོངས་སུ་གཏོས། མིང་གོའི་སྲིད་ལོ་བཅུ་དྲུག་པར་(སྤྱི་ལོ1927ལོར)ཏའོ་མེད་པར་བཟོས་པ་དང་། རྫོང་ཁག་སོ་སོ་ནི་ཐད་ཀར་ཞིང་ཆེན་སྲིད་གཞུང་ལ་གཏོགས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པའི(སྤྱི་ལོ1935ལོའི)ཟླ8པར་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ལིན་ཧའེ་སྲིད་འཛིན་ལྟ་ཞིབ་ཁུལ་བཙུགས་ནས་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་རྗེས་དེར་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པ་ཟེར།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི1949ལོའི་ཟླ4པར། ཧོང་ལེ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་དེའི་མངའ་འོག་ཏུ་ལུའུ་ཆའོ་གྲོང་རྡལ་ཡོད། ཟླ་6པར་ཡོང་ཡན་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཐའེ་ཀྲོའུ་ཆེད་ཁུལ་དུ་གཏོགས།     

སྤྱི་ལོ1954ལོའི་ཟླ6པར། ཐའེ་ཀྲོའུ་ཀྲོན་ཆུས་མེད་པ་བཟོས་པ་དང་ཧོང་ཡན་རྫོང་ཝུན་ཀྲོའུ་ཀྲོན་ཆུས་སུ་དབྱེ་ཡོད།     

སྤྱི་ལོ1957ལོའི་ཟླ7པར། ཐའེ་ཀྲོའུ་ཀྲོན་ཆུས་བསྐྱར་དུ་བཙུགས་པ་དང་ཧོང་ཡན་ཐའེ་ཀྲོའུ་ཀྲོན་ཆུས་སུ་གཏོགས།    

སྤྱི་ལོ1958ལོའི་ཟླ12པར། ཐའེ་ཀྲོའུ་ཀྲོན་ཆུས་སླར་ཡང་མེད་པ་བཟོས་པ་དང་ཧོང་ཡན་རྫོང་ཡང་ཝུན་ཀྲོའུ་ཀྲོན་ཆུས་སུ་དབྱེ་ཡོད།     

སྤྱི་ལོ1962ལོའི་ཟླ4པར། ཐའེ་ཀྲོའུ་ས་ཁུལ་སླར་གསོ་བྱས།     

སྤྱི་ལོ1978ལོའི་ཟླ10པར། ཐའེ་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར།     

སྤྱི་ལོ1980ལོའི་ཟླ7པར། ཧོང་ཡན་རྫོང་ཧའེ་མོན་ཁུལ་དང་མཐའ་འཁོར་ས་ཁུལ་ལོགས་སུ་བཀར་ནས་ཧའེ་མོན་དམིགས་བསལ་ས་ཁུལ་བཙུགས།     

སྤྱི་ལོ1981ལོའི་ཟླ7པར། ཧའེ་མོན་དམིགས་བསལ་ས་ཁུལ་མེད་པར་བཟོས་ནས་སྲིད་འཛིན་ས་ཁོངས་སུ་ཅའོ་ཅང་གྲོང་ཁྱེར་བཙུགས།    

སྤྱི་ལོ1989ལོའི་ཟླ10པར། ཧོང་ཡན་རྫོང་མེད་པར་བཟོས་ནས་ཧོང་ཡན་གྲོང་ཁྱེར་བཙུགས་པ་དང་། ལུའུ་ཆའོ་སྔར་བཞིན་ཧོང་ཡན་གྲོང་ཁྱེར་དུ་གཏོགས།     

སྤྱི་ལོ1994ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཐའེ་ཀྲོའུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། ཧོང་ཡན་དང་ཅའོ་ཅང་གྲོང་ཁྱེར་དུ་བསྒྱུར་བ། ལུའུ་ཆའོ་ཡང་རྫོང་རིམ་པའི་ཁུལ་དུ་རིམ་སྤར་བ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2013ལོ་བར་ལུའུ་ཆའོ་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ6དང་གྲོང་རྡལ4ཡོད་པ་སྟེ། ལུའུ་ནན་སྲང་ལམ་དང་། ལུའུ་ཆའོ་སྲང་ལམ། ལམ་བྱང་སྲང་ལམ་། ལའོ་དབྱང་སྲང་ལམ་། ཐུང་ཡུས་སྲང་ལམ་། ཧྥུང་ཅང་སྲང་ལམ་བཅས་དང་། ཞིན་ཆའོ་གྲོང་རྡལ། ཧེང་ཅེ་གྲོང་རྡལ། ཅིན་ཆིང་གྲོང་རྡལ། ཕིན་ཅེ་གྲོང་རྡལ་བཅས་སོ།།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཀྲེ་ཅང་མཚོ་ངོགས་དབུས་རྒྱུད་དུ་གནས་ཡོད། ས་ཁོངས་ཤར་ངོས་ནས་ཤར་གྱི་རྒྱ་མཚོ་དང་། ལྷོ་ངོས་ནས་ཝུན་ལིང་དང་འབྲེལ་ཡོད། ནུབ་ངོས་སུ་ཧོང་ཡན་དང་འབྲེལ་ཡོད། བྱང་ངོས་སུ་ཅའོ་ཅང་དང་འབྲེལ་ཡོད། སྐམ་སའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ33.3དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ18.8ཡོད་པ་དང་། འཕྲེད་ཐིག་བྱང་མའི28°27′~28°38′དང་། ཤར་གྱི་གཞུང་ཐིག121°13′~121°40′བར་ན་ཡོད།  སྐམ་སའི་དབུས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ274ཟིན་ཡོད།

3_2 ས་དབྱིབས་རྣམ་པ།

ལུའུ་ཆའོ་ཆུས་ནི་རྒྱབ་ངོས་རི་བོ་དང་མདུན་ངོས་རྒྱ་མཚོ་སྟེ། རི་འབུར་དམའ་བའི་རི་མ་ཐང་དང་བདེ་ཐང་བར་དང་། ཆུ་ལམ་འཕྲེད་གཞུང་དང་། ཆུ་དྲ་བས་ཁེངས་ཤིང་། མཚོ་རྒྱུད་དང་མཚོ་འགྲམ་ཀྱག་ཀྱོག་ཡིན་པ་དང་། སྐམ་ས་ཆེན་པོའི་འགྲམ་རྒྱུད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ26ཡོད། མཚོ་ཁུག་མང་བ་དང་། ཅན་མོན་གྲུ་ཁ་ནི་རང་བྱུང་གི་ཆུ་ཟབ་པའི་གྲུ་ཁ་ཞིག་ཡིན། གླིང་ཕྲན་སྐར་ཚོགས་བཀྲམ་པ་ལྟར་ན། མཚོ་འོག་བྲག་རྡོ་སེར་པོ་དང་། པའེ་གོ་རི། ཏའོ་ཧྲི་སོགས་གླིང་ཕྲན་ཆེ་ཆུང15ཡོད། གཏིང་ཐུང་རྒྱ་མཚོའི་གྲམ་ཐང་ཡངས་ཤིང་རྒྱ་ཆེ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ21.33ཟིན་པའི་ས་རྒྱུ་གཤིན་པོ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཚ་ལུ་མ་དང་སེའུ་དམར་གྱི་ཕ་ཡུལ་ཞིག་རེད།     ས་བབ་ནི་བདེ་ཐང་གཙོ་བོ་ཡིན་པ་དང་། ཝུན་ཧོང་བདེ་ཐང་གི་ལྟེ་བའི་ཆ་ཤས་ཡིན་ལ། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3ཡས་མས་ཡོད་པ་དང་། གཙང་པོའི་དྲ་བ་སྟུག་པོ་ཡོད་པ། བར་དུ་ཁེར་སྐྱེས་རི་འབུར་གྱིས་བརྒྱན་པ། བདེ་ཐང་གི་ས་རྒྱུ་གཤིན་པོ་ཡིན་པ། ཞིང་ཆུ་འདྲེན་འབུད་ཀྱི་ཆ་རྐྱེན་ལེགས་པ་བཅས་ནི་འབྲུ་རིགས་དང་སྲིང་བལ་ཐོན་ཁུལ་མཐོན་པོ་ཡིན། མཚོ་རྒྱུད་ཀྱི་གྲམ་ཐང་དང་སྐམ་སའི་དབུས་ཁུལ་གྱི་ཆུ་ཁོངས་སུ་མཚོ་ཆུ་དང་ཚྭ་མེད་ཆུའི་གསོ་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་། ནུབ་བྱང་གི་མཐའ་མཚམས་ནི་མཚོ་རྒྱུད་ཀྱི་རི་མ་ཐང་དམའ་ཁུལ་ཡིན་ཞིང་། ས་བབ་དམའ་ཞིང་ཚ་ཁུལ་ཕལ་བའི་ཤིང་ཏོག་ཐོན་གྱི་ཡོད།

3_3 གནམ་གཤིས་ཁྱད་ཆོས།

གནམ་གཤིས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། དབྱར་དགུན་རིང་ཞིང་སྟོན་དཔྱིད་ཐུང་བ། དུས་བཞི་གསལ་བ་དང་། ཆར་ཆུ་འབེལ་པོ་ཡོད་པ། ཉི་འོད་ཕོག་ན་འཚམ་པོ་ཡོད། ལོ་ཧྲིལ་བོའི་དྲོད་ཚད་དམའ་ཤོས་ནི་ཟླ་བ་དང་པོ་ཡིན་པ་དང་། ཆ་སྙོམས་དྲོད་ཚད6.6℃ཡིན། དྲོད་ཚད་མཐོ་ཤོས་ནི་ཟླ8པ་ཡིན་པ་དང་ཆ་སྙོམས་དྲོད་ཚད27.7℃ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད16.9~17.3℃ཡིན་པ། སད་མེད་དུས་ཉིན241~270ཡིན། དཔྱིད་ཀ་དང་སྟོན་ཀའི་དུས་ཚིགས་གཉིས་ལ་ཟླ་བ་གཉིས་ལྷག་དང་། དབྱར་དུས་ཟླ་བ་བཞི་ཙམ། དགུན་དུས་ཟླ་བ་གསུམ་ཙམ་བཅས་ཟིན་གྱི་ཡོད།    ལུའུ་ཆའོ་ཆུས་ལ་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་ནས་ཆར་ཆུ་འབེལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1480~1530ཡིན་པ་དང་། ཤར་ལྷོའི་མཚོ་རྒྱུད་ནས་ནུབ་རྒྱུད་དུ་རིམ་བཞིན་ཉུང་དུ་འགྲོ་བ་དང་། ཆར་ཆུའི་ལོ་དུས་ཀྱི་འགྱུར་ལྡོག་ཅུང་ཆེ་བ། ཆར་ཆུའི་དུས་ཚིགས་བགོ་བཤའ་ཆ་སྙོམས་མིན་པ། ལོ་རེར་ཆར་དུས་ཐེངས3(ཟླ3པ་ནས4པའི་བར་གྱི་དཔྱིད་ཆར་དང་། ཟླ5པ་ནས6པའི་བར་གྱི་སོས་ཆར་དང་། ཟླ8པ་ནས9པའི་བར་གྱི་ཆར་ཞོད)གྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི60%ཡན་ཟིན་ཡོད།     གནམ་གཤིས་དྲོ་བས་ལོ་ཏོག་དང་སིལ་སྡོང་མང་པོ་སྐྱེས་པར་འཚམ་ཞིང་། ཞིང་ལས་ཀྱི་འཕེལ་རྒྱས་ལ་ཕན་པ། འོད་དང་། ཚ་བ། ཆུ་བཅས་གསུམ་གཞོགས་འདེགས་ལེགས་པོ་བྱས་ན། ཞིང་ལས་ལོ་ཏོག་གི་ཆུ་དྲོད་ཀྱི་དགོས་མཁོ་སྐོང་ཐུབ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་གཙོ་བོ་རླུང་འཚུབ་དང་། དྲག་ཆར། ཆུ་ལོག་དང་ཞོད་སྐྱོན། གྲང་རྒྱུན། སེར་བ་སོགས་ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2013ལོའི་ལོ་མཇུག་ཏུ། ལུའུ་ཆའོ་ཆུས་སུ་ཐེམ་ཐོ་ཡོད་པའི་མི451018ཡོད་པའི་ནང་སྐྱེས་པའི་མི་འབོར226516དང་། བུད་མེད་ཀྱི་མི་འབོར224502ཡོད། ཕོ་མོའི་བསྡུར་ཚད100.89:100བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཁྱོན་བསྡོམས་མི4700སྐྱེས་པ་དང་། མི2547ཤི་བ་རེད། མི་འབོར་སྐྱེ་ཚད10.42‰ཡིན་པ་དེ་སྤྱི་ལོ2012ལོ་ལས1.41‰ཆག་པ་དང་། ཤི་ཚད5.64‰ཆག་པ་རེད། སྤྱི་ལོ2012ལོ་དང་བསྡུར་ན་ 0.23‰ཆག་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད4.77‰ཡིན་པ་དེ་སྤྱི་ལོ2012ལོ་ལས1.18‰ཆག་ཡོད།

4_2 མི་རིགས།

ལུའུ་ཆའོ་ཆུས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། དེ་མིན་སོག་རིགས་དང་ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཧ་སག་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་ཀྱི་གྲངས་ཉུང་མི་རིགས་ཁྱབ་ཡོད། (སྤྱི་ལོ2000ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར)

5 དཔལ་འབྱོར།

སྤྱི་ལོ2017ལོར་ལུའུ་ཆའོ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར601.54ཟིན་ནས་ལོ་གོང་མ་ལས10.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.07ཟིན་ནས3.2%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར240.40དང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར348.07ཟིན་ནས10.0%དང11.3%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་རིན་ཐང་འཕར་མའི་གྲུབ་ཆ་དེ་ལོ་གོང་མའི2.5:39.9:57.6ནས2.2:40.0:57.8བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམསGDPསྒོར131785(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར19518ལ་ཕབ་རྩིས་བརྒྱབ་པ)ཟིན་ནས9.8%འཕར་ཡོད། ལོ་ཧྲིལ་པོར་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་སྒོར་ཁྲི14.99ཟིན་ནས་སྔ་ལོ་ལས8.8%འཕར་ཡོད།

ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར241.65བཏང་ནསསྔ་ལོ་ལས16.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར1.06བཏང་བ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར98.16ཟིན་ནས24.4%འཕར་བ་རེད། ཐོན་ལས་གསུམ་པའི་མ་འཇོག་སྒོར་དུང་ཕྱུར142.43བཏང་ནས9.9%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་རྣམ་གྲངས394ཡོད་པ་དང་། རྣམ་གྲངས272གསར་སྣོན་བྱུང་ཞིང26.6%འཕར་ཡོད། དེའི་ནང་དམངས་ཁྲོད་མ་འཇོག་སྒོར་དུང་ཕྱུར155.65ཟིན་ནས6.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཁྲོད་མཐོ་གསར་ལག་རྩལ་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར32.84བཏང་བ་དེ་ལོ་གོང་མ་ལས3.9%ཆག་པ་དང་། ཐོན་ལས་རྣམ་གྲངས་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར87.15བཏང་ནས19.0%འཕར་བ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར28.16བཏང་ནས62.1%འཕར་བ། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར2.7བཏང་ནས28.9%འཕར་ཡོད།

6 མི་སྣ་གྲགས་ཅན།

དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་གྲགས་ཅན་མང་པོ་ཞིག་དེ་གར་བཞུགས་མྱོང་ཡོད་པ་སྟེ། ཡིག་གཟུགས་མཁས་པ་ཆེན་པོ་ཝང་ཞི་ཀྲི་དེ་སྔ་ལུའུ་ཆའོ་རུ་ཕེབས་མྱོང་ཡོད་པ་དང་། “ཡིའུ་ཅུན་སྣག་རྫིང”བཞག་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་སློབ་དཔོན་ཆེན་མོ་ཀྲེང་ཀྲེན་ཤར་དུ་མ་བསྐྱོད་གོང་ཤང་ཡན་དགོན་པར་ཆོས་ཀྱི་འཁོར་ལོ་བསྐོར་མྱོང་། སུང་རྒྱལ་རབས་ལྷོ་མའི་མཚན་ཉིད་རིག་པ་བ་གྲགས་ཅན་་དང་རྩོམ་རིག་པ་ཡེ་ཧྲི། མིང་རྒྱལ་རབས་ཀྱི་གུས་ལུགས་པུའུ་ཡི་ཧྲང་ཧྲུའུ་དང་ཧན་ལིན་ཤེས་རམས་པ་ཧོང་ཧྥུ་གཉིས་སྔོན་ཆད་ལུའུ་ཆའོ་རུ་བསྡད་ནས་འཆད་ཁྲིད་བྱས་མྱོང་། ཡོན་རྒྱལ་རབས་དུས་མཇུག་གི་ཞིང་པའི་འོས་ལངས་དམག་གི་གཙོ་འཛིན་དང་པོ་ཧྥང་གོ་ཀྲེན་དང་ཡོན་རྒྱལ་རབས་ཀྱི་དུས་འགོའི་རྩོམ་ཡིག་མཁས་པ་ཐའོ་ཙུང་དབྱི། ཡིག་གཟུགས་མཁས་པ་ཁོ་ཧོང་། མིང་དུ་གྲགས་པའི་ཡིག་གཟུགས་མཁས་ཅན་བཅས་ཀྱིས་ཀྲེང་ཧོ་རི་འགོག་དམག་དཔོན་ཁྲེན་ཨན་པའོ། མིང་དུ་གྲགས་པའི་བཟོ་རྩལ་མཛེས་རྩལ་མཁས་པ། སློབ་གསོ་པ། ཡིག་རིས་པ་མཁས་ཅན་ཁྲེན་ཧྲུའུ་ལིའང(ཁོང་གི་བུ་ནི29པའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་གླུ་དབྱབས《ང་དང་ཁྱེད》ཅེས་པའི་སྙན་ཚིག་རྩོམ་པ་པོ་ཁྲེན་ཆི་ཀང་ཡིན)ཡང་ལུའུ་ཆའོ་རུ་སྐྱེས།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང46པར་གྱུར་པ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་ཡོད། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པར་བདམས་མྱོང་།




དཔྱད་གཞིའི་ཡིག་ཆ།