ཧོང་ཡན་ཆུས།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:41ལ་འགྲུབ།

ཧོང་ཡན་ཆུས།

ཧོང་ཡན་ཆུས།
ཧོང་ཡན་ཆུས་ནི་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀྲེ་ཅང་མཚོ་ངོགས་དབུས་རྒྱུད་དུ་གནས་པ་དང་། ཤར་མཚམས་སུ་ཅའོ་ཅང་ཆུས་དང་ལུའུ་ཆའོ་ཆུས། ལྷོ་རུ་ཝུན་ལིང་གྲོང་ཁྱེར་དང་ལེ་ཆིང་གྲོང་ཁྱེར་དང་ས་མཚམས་འབྲེལ་བ་ཡིན། ནུབ་ཕྱོགས་ཞན་ཅུས་རྫོང་དང་ཡུང་ཅ་རྫོང་དང་འབྲེལ་བ་དང་། བྱང་ཕྱོགས་སུ་ལིན་ཧའེ་གྲོང་ཁྱེར་དང་འབྲེལ་ཡོད། ཞིང་ཆེན་ལྟེ་གནས་ཧང་ཀྲོའུ་དང་བར་ཐག་སྤྱི་ལེ207ཡོད། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ988ཟིན་པ་དང་། སྤྱི་ལོ2011ལོར་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི63.21ཟིན་པ་དང་། ཕྱི་ནས་ཡོང་བའི་མི་འབོར་ཁྲི14.04ཟིན་ཡོད། ཐང་གི་ཧྲང་ཡོན་ཁྲི་ལོ་གཉིས་པ(སྤྱི་ལོ675ལོར)ནས་ཡུང་ཉིང་རྫོང་བཙུགས་པ་དང་། ཐེན་ཧྲིག་ཁྲི་ལོ་དང་པོ(སྤྱི་ལོ690ལོར)མིང་ཧོང་ཡན་ཞེས་པར་བསྒྱུར་ནས་ད་བར་དུ་འགྱུར་མེད། སྒྲིག་གཞིར་ཐེངས་ཁ་ཤས་ལ་བརྗེ་བ་དང་། སྤྱི་ལོ1989ལོར་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། སྤྱི་ལོ1994གྲོང་ཁྱེར་མེད་པར་བཟོ་ནས་ཆུས་གསར་འཛུགས་བྱས། ད་ལྟ་ཐའེ་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གྲས་ཤིག་ཡིན། ཆུས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་འཛིན་ས་ཁོངས་སུ་སྲང་ལམ8དང་། གྲོང་རྡལ5 ཡུལ་ཚོ6བཅས་གཏོགས་ཡོད། ཧོང་ཡན་གྱི་ས་དབྱིབས་དོག་ཅིང་། ས་བབ་ནུབ་མཐོ་ལ་ཤར་དམའ་བ་དང་། ལུགས་ཆས་ཐོན་ལས་དར་རྒྱས་ཆེ་བས“ལུགས་ཆས་ཀྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད། ལག་རྩལ་མཐོ་གསར་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱ་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་རུ་བདམས་པ་རེད། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཀྱི་རྫོང་ཁག་གཉིས་པ་དང་། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཁག་གཉིས་པའི་ཚད་ལོན་རྫོང(ཆུས)ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄岩区
མི་འབོར།
ཁྲི64.8(2016ལོ)ཡོད།
ཕྱི་ཡིག་གི་མིང་།
Huangyan District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ988ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
གནམ་གྲུ་ཐང།
ཐའེ་ཀྲོའུ་ལུའུ་ཆའོ་གནམ་གྲུ་ཐང་།
མངའ་ཁོངས།
སྲང་ལམ8དང་གྲོང་རྡལ5ཡུལ་ཚོ6བཅས་ཡོད།
མེ་འཁོར་ས་ཚིགས།
ཐའེ་ཀྲོའུ་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0576
རླངས་འཁོར་ཚབ་ཨང་།
浙J
སྦྲག་སྲིད་ཨང་རྟགས།
318020
རླངས་འཁོར་ཚབ་ཨང་།
331003
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཧོང་ཡན་གྱི་ལོ་རྒྱུས་རྒྱུན་རིང་བ་དང་སྒྲིག་གཞིར་ཐེངས་ཁ་ཤས་ལ་འགྱུར་བ་བྱུང་ཡོད།

ཧོང་ཡན་གྱི་གནས་འདི་ནི་ཞ་དང་ཧྲང་། ཀྲོའུ་བཅས་ཀྱི་དུས་དུས་ཏུང་ཨོ་ཡི་ས་ཆ་ཡིན།

ཁྲུན་ཆིའུ་དུས་སྐབས་སུ་ཏུང་ཨོ་རྒྱལ་ཕྲན་དུ་གཏོགས།

ཐང་གི་ཧྲང་ཡོན་ཁྲི་ལོ་གཉིས་པ(སྤྱི་ལོ675ལོར)ནས་ཡུང་ཉིང་རྫོང་བཙུགས་པ་དང་། ཐེན་ཧྲིག་ཁྲི་ལོ་དང་པོ(སྤྱི་ལོ690ལོར)མིང་ཧོང་ཡན་ཞེས་པར་བསྒྱུར་ནས་ད་བར་དུ་འགྱུར་མེད། སྒྲིག་གཞིར་ཐེངས་ཁ་ཤས་ལ་བརྗེ་བ་དང་། སྤྱི་ལོ1989ལོར་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། སྤྱི་ལོ1994གྲོང་ཁྱེར་མེད་པར་བཟོ་ནས་ཆུས་གསར་འཛུགས་བྱས། ད་ལྟ་ཐའེ་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གྲས་ཤིག་ཡིན།

2 སྲིད་འཛིན་ཁོངས་བགོས།

ཆུས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་འཛིན་ས་ཁོངས་སུ་སྲང་ལམ8དང་། གྲོང་རྡལ5 ཡུལ་ཚོ6བཅས་གཏོགས་ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཏུང་ཁྲེང་སྲང་ལམ་ཆན་ཅེ་ལམ་ཨང22པར་གནས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཧོང་ཡན་ཆུས་ཀྱི་གྲོང་ཁྱེར་ལྟེ་གནས་ནི་ཤར་གྱི་གཞུང་ཐིག 120°34' དང་བྱང་གི་འཕྲེད་ཐིག28°50 ལ་གནས་པ་དང་ཐའེ་ཀྲོའུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད། ས་ཁོངས་ཀྱི་ཤར་ནུབ་རིང་ཚད་ལ་སྟོང་སྨི54ཡོད་པ་དང་། ལྷོ་བྱང་ཞེང་ཚད་སྟོང་སྨི25ཡོད། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ988ཡོད།

3_2 ས་དབྱིབས།

ཧོང་ཡན་མངའ་ཁོངས་ཀྱི་ས་བབ་དོག་ཅིང་། ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། ནུབ་རྒྱུད་དུ་རི་བོ་མཐོན་པོ་མང་། ཤར་རྒྱུད་ནི་ཝུན་ཧོང་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། ནུབ་རྒྱུད་ནི་རི་མ་ཐང་ཡིན་པ་དང་། མངའ་ཁོངས་ནང་གི་རི་རྒྱུད་གཙོ་བོ་ནི་ཁོ་ཚང་ཧྲན་གྱི་ཡན་ལག་དང་པེ་ཡན་ཧྲན་གྱི་རི་རྒྱུད་རྩ་ལྷག་ཡོད་པ་དང་། ནུབ་ནས་ཤར་ཕྱོགས་སུ་བསྲིངས་ཡོད།

3_3 ནམ་ཟླ།

ཧོང་ཡན་ཆུས་ཀྱི་གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བ་དང་། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཅིང་དུས་བཞི་གསལ་བ་དང་། ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཆུས་ཡོངས་ཀྱི་ལོ་མང་རིང་ཆ་སྙོམས་དྲོད་ཚད17℃ཡིན་པ་དང་། ཟླ་དང་པོར་གྲང་ཤོས་ཡིན་པ་དང་། དེའི་ལོ་མང་རིང་གི་ཆ་སྙོམས་དྲོད་ཚད6℃ཡིན། ཟླ7པར་ཚ་བ་ཆེ་ཤོས་ཡིན་པ་དང་དེའི་ལོ་མང་རིང་གི་ཆ་སྙོམས་དྲོད་ཚད27.8℃ཡིན། ལོ་མང་རིང་ཆ་སྙོམས་དྲོད་ཚད10ཡན་ཟིན་པའི་དྲོད་ཚད5336℃ཟིན་པ་དང་། ཉི་འོད་འཕྲོ་བའི་ཉིན་གྲངས247.9ཟིན་པ་རེད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1955ཡིན་པ་བཅས་རེད།     ཧོང་ཡན་ཆུས་སུ་ཆར་འབབ་ཁྱབ་ཚུལ་དེ་ནུབ་ནས་ཤར་དུ་ཕྱོགས་ཤིང་མཐོ་ཚད་དམའ་རུ་ཕྱིན་པ་དང་བསྟུན་ནས་རིམ་བཞིན་ཉུང་དུ་ཕྱིན་ཡོད། ནུབ་རྒྱུད་རི་ཁུལ་དུ་སྤྱིར་ན་ལོ་རེར་ཆར་པ་འབབ་ཚད་ཧའོ་སྨི1800ཡན་ཟིན་པ་དང་། དབུས་རྒྱུད་རི་མ་ཐང་དང་ཤར་རྒྱུད་བདེ་ཐང་ས་ཁུལ་དུ་ཧའོ་སྨི1600ནས1800བར་ཡིན་པ་དང་། ལོ་མང་རིང་ཆ་སྙོམས་ཆར་པ་འབབ་ཚད་ཉིན167ཡིན། ལོ་མང་པོའི་ཆ་སྙོམས་སྐམ་སའི་རླངས་འགྱུར་ཚད་ནི་ཧའོ་སྨི671ཡིན། ལོ་མང་རིང་གི་ཆ་སྙོམས་རླུང་འགྲོས་ནི2.7m/sཡིན་པ་དང་། ཐན་པའི་སྟོན་གྲངས་ནི0.53ཡིན། སྤྱིར་བཏང་དུ་ལོ་རེའི་ཟླ3པ་ནས4པའི་བར་ནི་དཔྱིད་ཆར་གྱི་དུས་ཚིགས་ཡིན་པ་དང་། ཟླ5པ་ནས6པའི་བར་ནི་སོས་ཆར་གྱི་དུས་ཚིགས་ཡིན་པ་དང་། ཆར་པ་འབབ་ཚད་ཅུང་མང་བ་རེད། ཟླ7པ་ནས9པའི་བར་ནི་ཚ་བ་ཆེ་ཞིང་ཐན་པ་ཆེ་བའི་དུས་ཚིགས་ཡིན་ལ་དྲག་རླུང་དང་དྲག་ཆར་འབབ་པའི་དུས་སྐབས་ཀྱང་ཡིན། ཐན་སྐམ་གྱི་དུས་སྐབས་ནི་སྤྱིར་བཏང་དུ་ཉིན40ནས50བར་ཡིན་པ་དང་། ཟླ10པ་ནས2པའི་བར་ནི་ཆར་ཆུ་ཉུང་བའི་དུས་ཚིགས་ཡིན།     དུས་རླུང་གི་གནམ་གཤིས་བརྟན་པོ་མེད་པ་དང་། ས་དབྱིབས་དང་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཤར་རྒྱུད་དང་ནུབ་རྒྱུད། དེ་བཞིན་མཚོ་ངོས་མི་འདྲ་བའི་མཐོ་ཚད་བཅས་ཀྱི་གནམ་གཤིས་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཡོད།

3_4 ཆུ་དཔྱད།

ཧོང་ཡན་ཆུས་ཀྱི་ཆུ་ཁོངས་ནི་ཝུན་ཧོང་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། མངའ་ཁོངས་ནི་གཙོ་བོ་ཡུང་ཉིང་གཙང་པོའི་ཆུ་རྒྱུད་དང་ཅིན་ཆིང་གཙང་པོའི་དྲ་བ་ལས་གྲུབ་པ་དང་། དེའི་ནང་ཡུང་ཉིང་གཙང་པོ་ཆེ་ཤོས་དང་གཞུང་ཆུའི་སྤྱིའི་རིང་ཚད་ལ་སྟོང་སྨི77ཡོད་པ་རེད།

4 རང་བྱུང་ཐོན་ཁུངས།
4_1 རྩི་ཤིང་ཐོན་ཁུངས།     

ཧོང་ཡན་ཤར་རྒྱུད་ནི་ཝུན་ཧོང་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་ནུབ་རྒྱུད་ནི་རི་ཁུལ་ཡིན་པས་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཆུས་ཡོངས་སུ་ནགས་ཚལ་ཁྱབ་ཚད70%ཟིན་ཡོད། ཏ་ཟི་ཅིའི་ནགས་རའི་རྒྱ་ཁྱོན་མུའུ་ཁྲི2.4ཟིན་པ་དང་ཤིང་ཆ་སྨི་ངོས་གྲུ་ཁྲི12ལྷག་ཙམ་གསོག་འཇོག་བྱས་ཡོད། རྩི་ཤིང་ཐོན་ཁུངས་ལ་ལོ་མ་ཁབ་ཅན་གྱི་ནགས་ཚལ་དང་། ལོ་མ་ཆེ་བའི་ནགས་ཚལ། བསྲེས་མའི་ནགས་ཚལ། སྨྱུག་མའི་ནགས་ཚལ། སྡོང་ཐུང་ནགས་ཚལ་སོགས་ཚན40ལྷག་ཙམ་དང་སྣ་ཁ་700ལྷག་ཙམ་ཡོད་པ་དང་། མེ་ཏོག་སྣ་ཁ145དང་སྨན་རྩྭ་སྣ་ཁ་བརྒྱ་ཙམ་ཡོད་པ་རེད།     གཏེར་རྫས་ཐོན་ཁུངས།     ཧོང་ཡན་གྱིས་ཞ་ཉེ་ཏི་ཚ་གཏེར་ཁ་ཆེ་གྲས་གསོག་ཉར་བྱེད་ཚད་ཏུན་ཁྲི150ཡན་ཟིན་པ་དང་འབྲེལ་གསེར་དང་དངུལ། ཁད་སོགས་ལྕགས་རིགས་ཀྱི་གཞི་རྒྱུ་སྣ་ཚོགས་ཚུད་ཡོད། རྡོ་གཏེར་ལ་བྲག་རྡོ་ལྗང་མདོག འཁོལ་རྡོ། རྡོ་རྗེ་ཕ་ལམ་དང་རྡོ་ཀ་མ་རུ་བཅས་ཡོད།     

4_2 ཆུ་ཤུགས་ཐོན་ཁུངས།

ཧོང་ཡན་གྱི་ནུབ་རྒྱུད་རི་ཁུལ་གྱི་ཆུ་ལམ་གཟར་པོ་དང་ཆུ་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གཙོ་བོ་ཡུང་ཉིང་གཙང་པོའི་སྟོད་རྒྱུད་ཀྱི་རོའུ་ཅི་ཞི་དང་ཧོང་ཡན་ཞི། པན་ལིང་ཞི། ཞའོ་ཁེང་ཞི་སོགས་འབབ་རྒྱུད་དུ་ཁྱབ་ཡོད། སྤྱི་ལོ1998ལོར་ཧྥུའུ་ཧྲན་རིམ་པ་དང་པོའི་གློག་ཁང་བསྐྲུན་ནས་དེའི་ཆུ་འདྲེན་ཕུག་ལམ་ནས་གློག་ཁང་བར་ཧེ་བག་སྨི484ཟིན་ནས་ཞིང་ཆེན་ནང་ཁུལ་གྱི་ཆུ་མགོ་མཐོ་བའི་གློག་ཁང་ཨང་གཉིས་པ་ཡིན་པ་དང་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་སྟོང་ཝ8000ཟིན་པ་དང་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི0.9ཡི་ཆུ་ལས་གློག་ཏུའུ1ཐོན་གྱི་ཡོད། མི་འབོར་དང་མི་རིགས།

5 མི་འབོར་དང་མི་རིགས། 
5_1 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཧོང་ཡན་ཆུས་ཀྱི་ཐེམ་ཐོའི་མི་འབོར་ཁྲི61.10ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི953འཕར་བའི་ནང་སྐྱེས་པའི་མི་འབོར་ཁྲི30.63དང་བུད་མེད་མི་འབོར་ཁྲི30.47ཟིན་ནས་སོ་སོར་མི་འབོར་བསྡོམས་འབོར་གྱི50.1%དང49.9%བཟུང་ཡོད། ལོ་ཧྲིལ་པོར་མི6423སྐྱེས་པ་དང་མི3888ཤི་བ་རེད། མི་འབོར་སྐྱེ་ཚད0.52‰ཟིན་པ་དང་། མི་འབོར་འཆི་ཚད6.37‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད4.15‰ཟིན་པ་བཅས་རེད།     སྤྱི་ལོ2016ལོར་ཆུས་ཡོངས་སུ་འཆར་ལྡན་བུ་བཙའི་བྱེད་ཚད་97.94%ཟིན་པ་དེ་ལོ་གོང་མ་ལས4.88%འཕར་ཡོད། ཕོ་མོའི་བསྡུར་ཚད106.89ཟིན་པ་དེ་ལོ་གོང་མ་ལས3.61%འཕར་ཡོད། བུ་ཕྲུག་གཅིག་མའི་ལག་ཁྱེར་ཐོབ་ཚད32.08%ཟིན་ནས་ལོ་གོང་མ་ལས0.75%ཆག་ཡོད།

5_2 མི་རིགས།

ཧོང་ཡན་ཁུལ་གྱི་གྲངས་ཉུང་མི་རིགས་ལ་སོག་རིགས་དང་ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། པའེ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ལི་སུའུ་རིགས། དབའ་རིགས། ཀའོ་ཧྲན་རིགས། ལ་ཀུའུ་རིགས། ཧྲུའེ་རིགས། ཧོར་རིགས། མུའུ་ལའོ་རིགས། པུའུ་ལང་རིགས། ས་ལར་རིགས། ཀེ་ལའོ་རིགས་བཅས་ཡོད་དོ།།

6 ཆབ་སྲིད།

ཁྲེན་ཅན་ཞུན། ཧོང་ཡན་ཆུས་ཏང་ཨུའི་ཧྲུའུ་ཅི་དང་ཆུས་ཀྲང་།     ཡན་ཧའེ་རུང་། ཧོང་ཡན་ཆུས་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཆུས་ཀྲང་གཞོན་པ།     ཁྲེན་ཅིན་ཧྭ། ཧོང་ཡན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།     ཀྲུའུ་ཡུང་ཧྥང་། ཧོང་ཡན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།     ཀེ་ཅིའུ་ཐུང་། ཧོང་ཡན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།     ཧྥེང་ཅི་མེན། ཧོང་ཡན་ཁུལ་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།     ཐུའུ་རུང་པེའོ། ཧོང་ཡན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

7 དཔལ་འབྱོར།

སྤྱི་ལོ2016ལོར་ཧོང་ཡན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར385.50ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར17.64ཟིན་ནས4.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར182.16ཟིན་ནས7.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར185.70ཟིན་ནས8.1%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི4.5:48.2:47.3ནས4.6:47.2:48.2བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར63139ཟིན་པ་དེ་ལོ་གོང་མ་ལས6.9%འཕར་བ་དང་། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལྟར་ཨ་སྒོར9506ཡིན་པ་རེད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རྩལ།

སྤྱི་ལོ2016ལོར་ཧོང་ཡན་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁྲོད་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར50.73ཟིན་པ་དེ་ལོ་གོང་མ་ལས9.0%འཕར་བ་དེས་བཟོ་ལས་འཕར་ཐང་གི54.7%བཟུང་ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱེད་པའི་མཐོ་གསར་ལག་རྩལ་ཁེ་ལས10དང་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས75ཡོད། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས29ནང་བཅུག་ཡོད། ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས2དང་གྲོང་ཁྱེར་རིམ་པའི་མཐོ་གསར་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས15བཅས་ཡོད། ཆུས་ཡོངས་སུ་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་4946ཟིན་པ་དེ་ལོ་གོང་མ་ལས8.8%འཕར་བའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད332ཡོད་པ་དེ་ལོ་གོང་མ་ལས2.9%ཆག་ཡོད། ཁེ་བེད་བདག་ཐོབ་སྤྲོད་ཚད3808ཟིན་པ་དེ་ལོ་གོང་མ་ལས6.6%ཆག་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་སྤྲོད་ཚད183ཟིན་པ་དེ་ལོ་གོང་མ་ལས4.2%ཆག་ཡོད།

8_2 སློབ་གསོ།

སྤྱི་ལོ2016ལོར་ཧོང་ཡན་ཆུས་སུ་སློབ་ཆུང་དཀྱུས་མ36ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི4.45ཡོད་པ་དང་། དམའ་རིམ་སློབ་འབྲིང24ལ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.79ཡོད་པ་དང་། མཐོ་རིམ་སློབ་འབྲིང7དང་སློབ་གྲྭར་ཡོད་པའི་སློབ་མ་8282ཡོད་པ་རེད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ4ལ་སློབ་གྲྭར་ཡོད་པའི་སློབ་མ5956ཡོད། རང་ལྗོངས་ཀྱིས་བྱིས་པའི་སློབ་གསོ་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས་བུ་བཅོལ་ཁང་གཉེར་བའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དང་ཚད་ལོན་ཚད་མཐོ་རུ་བཏང་སྟེ་སློབ་ཞུགས་གོང་གི་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་གྲྭར་ཞུགས་ཚད་མུ་མཐུད་མཐོ་རུ་བཏང་། ཆུས་ཡོངས་སུ་སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད98.6%ཟིན་པ་དང་། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་དང་བརྟན་ཚད་ཚང་མ100%ཟིན་པ་རེད། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་དང་བརྟན་ཚད་ཚང་མ100%ཟིན་པ་རེད། མཐོ་རིམ་སློབ་འབྲིང་དུམ་བུའི་ན་འདྲེས་སློབ་ཞུགས་བྱེད་ཚད་98.5%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་བྱེད་ཚད་100%ཟིན་པ་རེད། ལོ་བཅོ་ལྔའི་སློབ་གསོ་ཁྱབ་གདལ་གཏོང་ཚད98.15%ཟིན་པ་བཅས་རེད།     ཆུས་ཡོངས་སུ་ཁྱོན་དགེ་རྒན་དང་ལས་བཟོ7802ཡོད་པའི་ནང་སློབ་གསོའི་སྡེ་ཚན་གྱི་ཆེད་བསྐོས་དགེ་རྒན4431ཡོད་པ་རེད། སློབ་ཆུང་དགེ་རྒན་གྱི་ཆེད་ཚན་སློབ་ཆེན་ཡན་གྱི་སློབ་གཉེར་བརྒྱུད་རིམ94.86%ཟིན་པ་ད་ང། དམའ་འབྲིང་དགེ་རྒན་གྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ96.15%ཟིན་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱ་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་རུ་བདམས་པ་རེད། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཀྱི་རྫོང་ཁག་གཉིས་པ་དང་། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཁག་གཉིས་པའི་ཚད་ལོན་རྫོང(ཆུས)ཡིན།


དཔྱད་གཞིའི་ཡིག་ཆ།