རུའུ་ཧྲན་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:44ལ་འགྲུབ།

རུའུ་ཧྲན་གྲོང་ཁྱེར།

རུའུ་ཧྲན་གྲོང་ཁྱེར།
རུའུ་ཧྲན་གྲོང་ཁྱེར་ནི་ཧྲན་ཏུང་ཞིང་ཆེན་ཝེ་ཧའེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། མངའ་ཁོངས་སུ“ཏ་རུའུ་ཧྲན”ཡོད་པས་མིང་དེ་ལྟར་ཐོགས། ཆིང་ཏའོ་དང་། ཝེ་ཧའེ། ཡན་ཐའེ་བཅས་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ལྷོ་རུ་ཧང་ཧའེ་དང་ཁོ་རེ་ཡ། འཇར་པན་བཅས་ཀྱི་བར་དུ་རྒྱ་མཚོས་ཆོད་ནས་ཁ་གཏད་དུ་གནས་ཡོད། བྱང་གི་འཕྲེད་ཐིག36°41′—37°08′དང་། ཤར་གྱི་གཞུང་ཐིག121°11′—121°51′བར་དུ་གནས་ཡོད། ཤར་ནུབ་ཀྱི་བར་ཐག་སྟོང་སྨི60དང་ལྷོ་བྱང་གི་བར་ཐག་སྟོང་སྨི48ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1665དང་། རྒྱ་མཚོའི་འགྲམ་ཐིག་ལ་སྟོང་སྨི199.27ཡོད། རུའུ་ཧྲན་གྲོང་ཁྱེར་ནི་ཏ་རུའུ་ཧྲན་ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་དང་། རུའུ་ཧྲན་དུ་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ3དང་གྲོང་ཁྱེར་དང་རྫོང་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ13ཡོད་ལ། དེ་ནི་ཀྲུང་གོའི་གྲགས་ཅན་རྩོམ་པ་པོ་ཧྥེང་ཏེ་དབྱིན་གྱི་བརྩམས་པའི་སྒྲུང་རིང་གྲས《སྡུག་ཚལ་མེ་ཏོག》དང་། 《དཔྱིད་བསུའི་མེ་ཏོག》《རི་སྐྱེས་ལུག་མིག་མེ་ཏོག》བཅས་ཀྱི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ཐོན་ཡུལ་ཡིན་ལ། རྒྱལ་ཡོངས་ཀྱི་མི་རིགས་གདོང་ལེན་པའི“མ་ཧྲི་རི་བོའི་དཔའ་བོ་བཅུའི”ཞབས་རྗེས་བཞག་ཡུལ་ཡང་ཡིན། སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ1དང་གྲོང་རྡལ14ཡོད་ལ། མི་འབོར་ཁྲི54.7486ཟིན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར565.52ཟིན་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར47.10ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར255.44ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར262.98ཟིན་ཡོད། ཐོན་ལས་གསུམ་པའི་བསྡུར་ཚུལ8.3:45.2:46.5ཡིན། མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི10.1284ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乳山
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ཝེ་ཧའེ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ1དང་གྲོང་རྡལ14ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0631
སྦྲག་སྲིད་ཨང་རྟགས།
264500
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1665ཡོད།
མི་འབོར།
མི་ཁྲི54.7486ཡོད།(སྤྱི་ལོ2018ལོའི་སྤྱིའི་མི་འབོར)
མེ་འཁོར་འབབ་ཚུགས།
རུའུ་ཧྲན་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུK 鲁K
1 ​སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་བར་དུ་རུའུ་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་ལམ1དང་གྲོང་རྡལ14ཡོད། རུའུ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁྲེང་ཆུས་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

2 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་རུའུ་ཧྲན་གྲོང་ཁྱེར་གྱི་མི་འབོར་བསྡོམས་གྲངས་ཁྲི54.7486ཟིན་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི23.4105དང་གྲོང་གསེབ་ཀྱི་མི་འབོར་ཁྲི31.3381ཟིན་པ་དེས་སོ་སོར་མི་འབོར་བསྡོམས་གྲངས་ཀྱི42.76%དང57.24%བཟུང་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར3347ཡོད་པ་དང་། སྐྱེས་ཚད6.11‰ཡིན་ཞིང་། ཤི་རྨས་མི་འབོར4697ཡོད་ལ། ཤི་ཚད8.58‰ཡིན་ལ། མི་འབོར་རང་ཤུགས་སུ་འཕར་ཚད-2.47‰ཡིན།

3 དཔལ་འབྱོར།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར565.52བྱུང་བ་དེ་ལོ་སྔོན་མ་ལས6.3%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར47.10ཟིན་པ་དེ་ལོ་སྔོན་མ་ལས4.7%འཕར་ཞིང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར255.44ཟིན་པ་དེ་ལོ་སྔོན་མ་ལས3.5%འཕར་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར262.98ཟིན་པ་དེ་ལོ་སྔོན་མ་ལས9.6%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚུལ་ཐེངས་གསུམ་པོ8.3:45.2:46.5བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི10.1284ཟིན་ནས་ལོ་སྔོན་མ་ལས7.7%འཕར་ཡོད།

3_1 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད6.1%འཕར་ཡོད་ལ། བཟོ་ལས་ཀྱི་མ་འཇོག2.7%འཕར་བ་དེའི་ནང་དུ་བཟོ་ལས་ལག་རྩལ་སྒྱུར་བཅོས་ལེགས་འགྲུབ་བྱུང་བའི་མ་འཇོག11.2%འཕར་ཡོད།

3_2 ནོར་ཁྲལ།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར33.0268ཟིན་པ་དང་། འཕར་སྣོན་བྱུང་བའི་ཡོངས་འབབ་སྒོར་དུང་ཕྱུར1.2709ཟིན་ནས་ལོ་སྔོན་མ་ལས4%འཕར་ཡོད་ལ། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར27.1758ཟིན་ནས་བརྒྱ་ཆའི11.1འཕར་བ་དེ་ཝུའེ་ཧའེ་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི4.8མཐོ། ཁྲལ་བསྡུའི་ཡོང་འབབ་ཀྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་བསྡུར་ཚད82.3%བཟུང་བ་དེ་སྤྱི་ལོ2017ལོ་ལས་བརྒྱ་ཆའི5.3འཕར་བ་དང་ཝུའེ་ཧའེ་གྲོང་ཁྱེར་གྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི1.3ལས་མཐོ་བ་ཡོད། “དཔྱ་ཁྲལ་བཞི”ཡི་ཡོང་སྒོ་སྒོར་དུང་ཕྱུར12.4682ཟིན་ནས་ལོ་སྔོན་མ་ལས96.4%འཕར་ཡོད། “དཔྱ་ཁྲལ་བཞི་”ཡི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཟིན་པའི་བསྡུར་ཚད37.8%ཡིན། ལོ་སྔོན་མ་ལས་བརྒྱ་ཆའི17.8འཕར་ཡོད། “དཔྱ་ཁྲལ་བཞི་”ཡིས་ཁྲལ་བསྡུའི་ཡོང་འབབ་ཁྲོད་ཟིན་པའི་བསྡུར་ཚད45.9%ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི19.9འཕར་ཡོད།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་ཁྱོན་བསྡོམས་པའི་སྒོར་དུང་ཕྱུར44.5043ཟིན་ནས་ལོ་སྔོན་མ་ལས1.4%འཕར་ཞིང་། དེའི་ནང་དུ་དམངས་འཚོའི་འགྲོ་སྒོ་སྒོར་དུང་ཕྱུར32.8147ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོའི73.7%བཟུང་ཡོད། འགྲོ་སྒོའི་རྣམ་གྲངས་གཙོ་བོའི་ཆ་ནས་བལྟས་ན། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་འགྲོ་སྒོ་སྒོར་དུང་ཕྱུར4.4370ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས3.1%འཕར་ཞིང་། སྤྱི་པའི་བདེ་འཇགས་ཐད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར1.5854ལེགས་གྲུབ་བྱུང་ནས་བརྒྱ་ཆའི3.8འཕར་ཡོད། སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར11.4422ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས1.5%འཕར་ཡོད་ལ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར6.1634ལེགས་གྲུབ་བྱུང་ནས་ལོ་སྔོན་མ་ལས2.3%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར3.5877ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས2.7%འཕར་ཡོད་ཅིང་། སྡོད་ཁང་འགན་སྲུང་གི་འགྲོ་སྒོ་སྒོར་དུང་ཕྱུར1.8777ལེགས་གྲུབ་བྱུང་ནས་ལོ་སྔོན་མ་ལས34.9%འཕར་ཡོད།

3_3 འཚོ་བ།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར27559ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་ཞིང་། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར38538ཟིན་པ་དེ་ལོ་སྔོན་མ་ལས7.6%འཕར་ཞིང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར17266ཟིན་པ་དེ་ལོ་སྔོན་མ་ལས7.8%འཕར་ཡོད་ལ། དེའི་ནང་དུ་གྲོང་གསེབ་ཀྱི་གྲོང་མིའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར8404ཟིན་ནས་ལོ་སྔོན་མ་ལས7.9%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་སྒོར5912ཟིན་ནས་ལོ་སྔོན་མ་ལས5.6%འཕར་ཡོད་ཅིང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར15404ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་བའི་ནང་དུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར21273ཟིན་པ་དེ་ལོ་སྔོན་མ་ལས7.4%འཕར་བ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་སྒོ་སྒོར9902ཟིན་པ་དེ་ལོ་སྔོན་མ་ལས8.1%འཕར་ཡོད།

3_4 ཐོན་ལས་དང་པོ།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར85.93ཟིན་པ་དེ་ལོ་སྔོན་མ་ལས4.8%འཕར་ཡོད་ལ། དེའི་ནང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར35.08ཟིན་པ་དེ་ལོ་སྔོན་མ་ལས5.1%འཕར་བ་དང་། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.15ཟིན་པ་དེ་ལོ་སྔོན་མ་ལས4.9%འཕར་ཡོད། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15.14ཟིན་པ་དེ་ལོ་སྔོན་མ་ལས0.5%འཕར་ཡོད། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར32.88ཟིན་པ་དེ་དུས་མཚུངས་ལས5.8%འཕར་ཡོད། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.68ཟིན་པ་དེ་ལོ་སྔོན་མ་ལས15%འཕར་ཡོད།

3_5 འདེབས་འཛུགས་ལས་རིགས།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་འཛུགས་ཀྱིས་ཁྱོན་མུའུ་ཁྲི56.13ཟིན་ནས་ལོ་སྔོན་མ་ལས0.3%འཕར་ཡོད་ལ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི21.78ཟིན་པ་དེ་ལོ་སྔོན་མ་ལས8.77%འཕར་ཡོད། སྣུམ་རྒྱུའི་ལོ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི26.15ཟིན་ནས་ལོ་སྔོན་མ་ལས7.7%ཉུང་དུ་ཕྱིན་ཡོད། ཐོན་ཚད་ཏུན་ཁྲི7.8ཟིན་པ་དེ་ལོ་སྔོན་མ་ལས5.3%ཉུང་དུ་ཕྱིན་ཡོད། སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི10.73ཟིན་ནས་ལོ་སྔོན་མ་ལས1.1%འཕར་ཞིང་། སྤྱིའི་ཐོན་ཚད་ཏུན་ཁྲི37.71ཟིན་པ་དེ་ལོ་སྔོན་མ་ལས1.5%འཕར་ཡོད། ལོ་མཇུག་ཏུ་དངོས་སུ་ཡོད་པའི་ཇ་རའི་རྒྱ་ཁྱོན་མུའུ་ཁྲི0.79ཟིན་ནས་ལོ་སྔོན་མ་ལས0.3%ཉུང་དུ་ཕྱིན་ཞིང་། ཇའི་ཐོན་ཚད་ཏུན353ཟིན་ནས་ལོ་སྔོན་མ་ལས7.5%འཕར་ཡོད། ཤིང་འབྲས་ར་བའི་རྒྱ་ཁྱོན་མུའུ་ཁྲི19ཟིན་ནས་ལོ་སྔོན་མ་ལས2.9%ཉུང་དུ་ཕྱིན་ཡོད། ཤིང་ཏོག་ཐོན་ཚད་ཏུན་ཁྲི47.47ཟིན་ནས་ལོ་སྔོན་མ་ལས2.8%འཕར་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས2ཉིན། རུའུ་ཧྲན་གྲོང་ཁྱེར་ནི་རྒྱལ་ཡོངས་ཁག་བཞི་པའི་སྔོན་ལ་ཞིང་ལས་ལོ་ཏོག་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་ཚུད་ཡོད།

3_6 ཐོན་ལས་གཉིས་པ།
3_6_1 བཟོ་ལས།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས314ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར110.21བྱུང་བ་དང་། བཟོ་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་བརྒྱ་ཆའི96.3ཟིན་ཡོད་ལ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར3.94ཟིན་ཡོད། བསྡོམས་རྩིས་བྱས་པའི་བཟོ་ལས་ཐོན་རྫས་རིགས43ཡོད་ལ། དེའི་ནང་དུ་ཐོན་རྫས་རིགས31གི་ཐོན་ཚད་ལོ་སྔོན་མ་ལས་འཕར་ཡོད་པ་དང་། འཕར་ཚད20%ལས་བརྒལ་བའི་ཐོན་རྫས་རིགས20ཡོད། ལག་རྩལ་མཐོ་གསར་གྱི་ཐོན་ལས་གཞི་ཁྱོན་སྔར་ལས་ཆེ་རུ་བཏང་ཡོད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད30.65%ཟིན་ཡོད།

3_6_2 བཟོ་སྐྲུན་ལས་རིགས།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་གྱིས་ཨར་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་སྔོན་མ་ལས10.15%འཕར་ཡོད་ལ། ལོ་ཧྲིལ་པོའི་སྡོད་ཁང་ཨར་ལས་རྒྱ་ཁྱོན་ལོ་སྔོན་མ་ལས1.22%འཕར་ཡོད།

3_7 ཐོན་ལས་གསུམ་པ།
3_7_1 རྒྱལ་ནང་ཉོ་ཚོང་།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་རུའུ་ཧྲན་གྲོང་ཁྱེར་གྱིས་ཐོ་འགོད་བྱས་པའི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཁྱོན་བསྡོམས་པའི43090ཟིན་པ་དེ་སྤྱི་ལོ2017ལོའི་དུས་མཚུངས་ལས11.38%འཕར་ཡོད་ཅིང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར399.93ཟིན་པ་དེ་སྤྱི་ལོ2017ལོ་ལས18.81%འཕར་ཡོད། དེའི་ནང་དུ་ཁེར་གཉེར་བཟོ་ཚོང་དུད་ཚང34838ཡོད་པ་དེ་ལོ་སྔོན་མ་ལས12.3%འཕར་ཞིང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར26.3ཟིན་པ་དེ་ལོ་སྔོན་མ་ལས21.81%འཕར་ཡོད། སྒེར་གཉེར་ཁེ་ལས8252ཡོད་པ་དེ་ལོ་སྔོན་མ་ལས7.66%འཕར་ཡོད་ལ། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར373.63བཏང་བ་དེ་ལོ་སྔོན་མ་ལས18.62%འཕར་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་སྔོན་མ་ལས9.6%འཕར་ཡོད། ལས་རིགས་རིགས་དབྱེའི་ཐོག་ནས་བལྟས་ན། ལོ་ཧྲིལ་པོའི་སྡེབ་ཚོང་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་ལོ་སྔོན་མ་ལས13.3%འཕར་ཡོད། སིལ་ཚོང་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་ལོ་སྔོན་མ་ལས8.2%འཕར་ཞིང་། ཞག་སྡོད་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་ལོ་སྔོན་མ་ལས11.3%འཕར་ཡོད་ལ། བཟའ་བཏུང་ལས་རིགས་ཀྱི་འཛད་སྤྱོད་བསྡོམས་འབོར་ལོ་སྔོན་མ་ལས10.2%འཕར་ཡོད།

3_7_2 ཕྱིར་འཚོང་དཔལ་འབྱོར།

སྤྱི་ལོ2018ལོར་རུའུ་ཧྲན་གྲོང་ཁྱེར་དུ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར65.18ཟིན་ནས་ལོ་སྔོན་མ་ལས10.09%འཕར་ཡོད་ལ། དེའི་ནང་དུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར50.46ཟིན་ནས་ལོ་སྔོན་མ་ལས9.97%འཕར་ཞིང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར14.72ཟིན་ནས་ལོ་སྔོན་མ་ལས10.48%འཕར་ཡོད། ཞིང་ཞོར་ཐོན་རྫས་ཐད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24.58ཟིན་པ་དེ་ལོ་སྔོན་མ་ལས2.5%འཕར་ཡོད། འཁལ་འཐག་གྱོན་ཆས་ཐད་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར11.22ཟིན་པ་དེ་ལོ་སྔོན་མ་ལས18.1%འཕར་ཡོད་ལ། འཕྲུལ་གློག་ཐོན་རྫས་ཐད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར12.78ཟིན་པ་དེ་ལོ་སྔོན་མ་ལས8.2%འཕར་ཡོད་ཅིང་། མཐོ་གསར་ལག་རྩལ་ཐོན་རྫས་ཐད་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར0.64བྱུང་བ་དེ་ལོ་སྔོན་མ་ལས92.5%འཕར་ཡོད། དངོས་སུ་བེད་སྤྱོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར189.04ཟིན་པ་དེ་ལོ་སྔོན་མ་ལས12.04%འཕར་ཞིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར6.44ཟིན་པ་དེ་ལོ་སྔོན་མ་ལས14.20%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།