ཆིན་དབྱང་གྲོང་ཁྱེར།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-27 17:29ལ་འགྲུབ།

ཆིན་དབྱང་གྲོང་ཁྱེར།

ཆིན་དབྱང་གྲོང་ཁྱེར།
ཆིན་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གནའ་བོའི་མིང་ལ་ཧོའེ་ཆིན་ཧྥུ་དང་ཧོ་ནེ་རྫོང་ཟེར་ཞིང་། ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། གནའ་ནས་བཟུང་ཧོ་ནན་ནུབ་བྱང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི(གྲོང་ཁྱེར)གྲས་དང་། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི(གྲོང་ཁྱེར)གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沁阳市
སྲིད་འཛིན་ཁུལ་གྱི་རིགས།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས།
མངའ་ཁོངས།
སྲང་ལམ4དང་གྲོང་རྡལ6ཤང3བཅས་ཡོད།
སྲིད་གཞུང་གི་ས་གནས།
ཧྲི་ཏུང་ཅེ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454550
ས་གནས།
ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ623.5ཡོད།
མི་གྲངས།
ཁྲི49.60ཡོད། (2016ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས(豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410882
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཞ་ནི་ཐན་ཧོའེ་ཏི་ཡིན་ཞིང་། ཅི་ཀྲོའུ་ཡི་ཁོངས་སུ་གཏོགས།

ཧྲང་ནི་ཨོ་ཧོ་རྒྱལ་ཕྲན་གྱི་རྒྱལ་ཁབ་ཡིན།

ཁྲུན་ཆིའུ་ནི་ཀྲོའུ་ཏི་དང་ཀྲེང་ཏི་ཡིན་པ་དང་། རྗེས་སུ་ཡང་ཅིན་གྱི་རྒོད་ཝང་དབྱི་ཡིན།

ཀྲན་གོའི་རྒྱལ་ཁབ་ནི་ཝེ་ཏི་ཡིན་པ་དང་། རྗེས་སུ་ཧན་གོའི་ཁོངས་སུ་གཏོགས།

ཧན་གྱིས་ཡེ་ཝང་རྫོང་བཙུགས་པ་དང་། རྗེས་སུ་ཝུའུ་ཏེ་དང་པོ་རྫོང་གཉིས་སུ་དབྱེ་ཡོད་ཅིང་། ཧྲན་ཞི་བེད་མེད་དུ་གྱུར་ནས་ཡེ་ཝང་རྫོང་སླར་གསོ་བྱས་པ་དང་། ཅུན་ཀྲི་ཧོའེ་ནས་རྫོང་དེར་སླེབས་ཡོད།

སུའེ་ནི་ཧོ་ནེ་རྫོང་དུ་བསྒྱུར་ཞིང་། རྨ་ཆུའི་བྱང་རྒྱུད་དུ་ཐང་ཀྲི་ནི་ཐའེ་ཧང་དང་། ཀྲུང་དབྱི། ཙི་ལིན་བཅས་རྫོང་གསུམ་ཡིན་པ་དང་། ཧོ་ནེ་རྫོང་དུ་བསྐྱར་དུ་བསྲེས་ནས་ཧོའེ་ཀྲོའུ་ཀྲི་ཁང་ཡིན།

སུང་དབྱེ་ནས་ཝུའུ་ཏེ་རྫོང་བཙུགས་པ་དང་ཧོ་ནེའི་རྫོང་དུ་ཟླ་སྒྲིལ་བཏང་ནས་ཧོ་པེའི་ནུབ་ལམ་ཧོའེ་ཀྲོའུ་རུ་གཏོགས།

ཡོན་རྒྱལ་རབས་ཀྱི་དུས་སུ་ཧོའེ་མིན་ལམ་གྱི་ཁོངས་སུ་གཏོགས་པ་དང་།རྗེས་སུ་་ཧོའེ་ཆིན་ལམ་དུ་བསྒྱུར།

མིང་རྒྱལ་རབས་ཀྱི་དུས་སུ་ཧོའེ་ཆིན་ཧྥུའི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)སྲིད་གཞུང་མེད་པར་བཟོས་ནས་ཆིན་དབྱང་རྫོང་བཙུགས། སྔ་རྗེས་སུ་ཧོ་ནན་ཞིང་ཆེན་ཡུས་པེ་ཏའོ་དང་། ཧོ་པེ་ཏའོ་དང་དེ་བཞིན་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པའི་ཁོངས་སུ་གཏོགས།

སྤྱི་ལོ1949ལོར་རྒྱལ་ཁབ་དབུ་བརྙེས་རྗེས་ཕིན་ཡོན་ཞིང་ཆེན་གྱི་ཞིན་ཞང་ཀྲོན་ཆུས་སུ་བསྒྱུར་པ་དང་། སྤྱི་ལོ1952ལོར་ཕིན་ཡོན་ཞིང་ཆེན་གྱི་འཛུགས་ལུགས་མེད་པར་བཟོས་ཤིང་། ཧོ་ནན་ཞིང་ཆེན་གྱི་ཞིན་ཞང་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1986ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར།

སྤྱི་ལོ1989ལོའི་ཟླ9པའི་ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆིན་དབྱང་རྫོང་ནས་ཕྱིར་འཐེན་བྱས་ཏེ་ཆིན་དབྱང་གྲོང་ཁྱེར་བཙུགས། ཆིན་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་ལ་གཏོགས་པ་དང་། ཅའོ་ཙུའོ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

སྤྱི་ལོ2005ལོར་ཆིན་དབྱང་གྲོང་ཁྱེར་གྱི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཝང་ཀྲན་ཤང་མེད་པ་བཟོས་ནས་དེའི་སྲིད་འཛིན་ས་ཁོངས་ཝང་ཆུས་ཤང་གི་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། ཝང་ཆུས་ཤང་སྲིད་གཞུང་གནས་ཡུལ་དེ་ཀྲུང་ཝང་ཀྲན་གྲོང་ཚོར་བདམས་པ་དང་། མུ་ལོའུ་ཤང་མེད་པ་བཟོས་ནས་དེའི་སྲིད་འཛིན་ས་ཁོངས་ཝང་ཀྲའོ་ཤང་གི་དོ་དམ་བྱེད་ཁོངས་སུ་བཅུག་ཅིང་། ཝང་ཀྲའོ་ཤང་མི་དམངས་སྲིད་གཞུང་གི་སྡོད་གནས་མི་འགྱུར་བ། ཀེ་ཚུན་ཞང་མེད་པར་བཟོས་ནས་སྲིད་འཛིན་ས་ཁོངས་དེ་པའེ་ཞང་གྲོང་རྡལ་གྱི་མངའ་འོག་ཏུ་བཅུག་པ་དང་། པའེ་ཞང་གྲོང་རྡལ་མི་དམངས་སྲིད་གཞུང་གི་སྡོད་གནས་མི་འགྱུར་ཞིང་། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ83.2ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2005ལོའི་བར་ཆིན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་། གྲོང་རྡལ6ཤང3བཅས་ཡོད་པ་སྟེ། དེ་དག་ནི་ཆིན་ཧོའེ་ཁྲོམ་གཞུང་དང་། ཧོའེ་ཆིང་ཁྲོམ་གཞུང་། ཐའེ་ཧང་ཁྲོམ་གཞུང་། ཆིན་ཡོན་ཁྲོམ་གཞུང་། ཁྲུང་དབྱི་གྲོང་རྡལ། ཤིས་ཤང་གྲོང་རྡལ། ཤིས་དབན་གྲོང་རྡལ། པའེ་ཤང་གྲོང་རྡལ། ཧྲན་ཝང་ཀྲོང་གྲོང་རྡལ། ཙི་ལིང་གྲོང་རྡལ། ཁྲང་ཕིང་ཤང་ཤང་། ཝང་ཀྲའོ་ཤང་། ཝང་ཆུས་ཤང་བཅས་རེད།

3 ས་ཁམས་ཁོར་ཡུག
3_1 ས་གནས།

ཆིན་དབྱང་གྲོང་ཁྱེར་ནི་ཤར་གྱི་གཞུང་ཐིག113°09' 3"དང་། བྱང་གི་འཕྲེད་ཐིག35°14' 30"བར་དུ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ623.5ཡོད། ཤར་ནི་པོ་ཨའེ་རྫོང་དང་། ནུབ་ནི་ཅི་ཡོན་གྲོང་ཁྱེར་གྱི་ས་མཚམས། ལྷོ་ནི་ཝུན་རྫོང་དང་མེང་ཀྲོའུ་གྲོང་ཁྱེར། བྱང་ནི་ཅིན་ཁྲེང་བཅས་དང་འབྲེལ་ཡོད། ཆིན་དབྱང་གྲོང་ཁྱེར་གྱི་ཤར་ལྷོ་ནས་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་དང་སྟོང་སྨི128དང་། ལྷོ་ཤར་ཏུའུ་ལུའོ་དབྱང་གྲོང་ཁྱེར་དང་སྟོང་སྨི90 ཤར་ངོས་ཅའོ་ཙུའོ་གྲོང་ཁྱེར་དང་སྟོང་སྨི36བཅས་ཡོད། 

3_2 ས་དབྱིབས།

མངའ་ཁོངས་སུ་བདེ་ཐང་མང་པོ་ཡོད་པས་སྤྱིའི་རྒྱ་ཁྱོན་གྱིས66%ཟིན་ཡོད་པ་དང་། དེ་བྱིངས་རི་ཁུལ་གྱི་རི་མ་ཐང་ཡིན། བྱང་སྔས་ཐའེ་ཧང་རི་བོ་དང་། ལྷོ་རྨ་ཆུར་ཕྱོགས་པ ། མངའ་ཁོངས་ཀྱི་རི་ཁུལ་དང་བདེ་ཐང་མཉམ་དུ་གནས་ཡོད། ས་བབ་སྤྱིའི་ཆ་ནས་ལྷོ་དམའ་ཞིང་ཤར་མཐོ་བ། བྱང་ནས་ལྷོ་རུ་རིམ་བཞིན་རི་ཁུལ་དང་། རི་མ་ཐང་། བདེ་ཐང་བཅས་རིགས་གསུམ་ཡོད།

3_3 ནམ་ཟླ།

ཆིན་དབྱང་གྲོང་ཁྱེར་ནི་དྲོད་འཇམ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དུས་བཞི་གསལ་བ་དང་། དཔྱིད་དུས་ཐན་པ་ཆེ་ཞིང་རླུང་བུ་མང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་བ། སྟོན་དུས་ཉིན་མོ་དྲོད་ཞིང་མཚན་མོ་བསིལ་བ། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14.3℃དང་དྲོད་ཚད་མཐོ་ཤོས་ནི42.1℃  དྲོད་ཚད་དམའ་ཤོས་ནི18.6℃ཡིན། དུས་ཚིགས་ཀྱི་དྲོད་ཚད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ནས་དཔྱིད་དུས་ཀྱི་ཆ་སྙོམས་དྲོད་ཚད14.7℃དང་། དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད26.4℃ སྟོན་དུས་ཀྱི་ཆ་སྙོམས་དྲོད་ཚད་14.6℃ དགུན་དུས་ཀྱི་ཆ་སྙོམས་དྲོད་ཚད1.3℃བཅས་ཡིན།

ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི576.5ཡོད་པའི་ནང་དགུན་དུས་ཆར་ཆུ་འབབ་ཚད་ཉུང་ཤོས་དང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི28.1ཡོད་པ་དེས་ལོ་ཧྲིལ་པོའི4.9%ཟིན་པ་དང་། དཔྱིད་དུས་ཆར་ཆུ་འབབ་ཚད་ཅུང་མང་བ་དང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི100.0ཡིན་པ་དེས་ལོ་ཧྲིལ་པོའི17.3%ཟིན་པ། སྟོན་དུས་ཆར་ཆུ་འབབ་ཚད་ཅུང་མང་བ། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི147.3ཡོད་པ་དེས་ལོ་ཧྲིལ་པོའི25.6%ཟིན་པ། དབྱར་དུས་ཆར་ཆུ་འབབ་ཚད་མང་ཤོས་ཡིན་པ་དང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི301.1ཡིན་པ་དེས་ལོ་ཧྲིལ་པོའི52.2%ཟིན་ཡོད། ལོ་རེའི་ཆེས་ཆེ་བའི་ཆར་ཆུ་འབབ་ཚད་ཧའོ་སྨི1101.1དང་ཆེས་ཆུང་བའི་ཆར་ཆུ་འབབ་ཚད་ཧའོ་སྨི262.9 ཡོད། ཆར་ཆུ་མང་ཆེ་བ་ཟླ་བ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་གསུམ་དུ་འདུས་ནས་ཆར་ཆུ་འབབ་ཚད་ཆེ་བས་རྟག་ཏུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་བཟོ་གིན་ཡོད། ཆ་སྙོམས་ལོ་རེར་སད་མེད་དུས་ཉིན210ཡིན།

3_4 ཆུ་དཔྱད།

ཆིན་དབྱང་མངའ་ཁོངས་ཀྱི་གཙང་པོ་ནི་རྨ་ཆུའི་ཆུ་རྒྱུད་དང་། གཙོ་བོ་ཆིན་ཧོ་གཙང་པོ་དང་ཏན་ཧོ་གཙང་པོ་སོགས་ཡིན། དེ་མིན་ཞན་ཧྲེན་གཙང་པོ་དང་། ཡུན་དབྱང་གཙང་པོ། རུང་ཡའོ་གཙང་པོ་སོགས་དུས་ཚིགས་རང་བཞིན་གྱི་ཆུ་བོ་གཞན་དག་ཀྱང་ཡོད། གཞན་མི་བཟོས་ཡུར་བུ་དང་། ཡུང་ལི་ཡུར། ཀོང་ཧུའེ་ཡུར། ཏན་ཤིས་མ་ཡུར་། ཡིའུ་ཨའེ་ཆུ་བོ། ལོ་ལེགས་ཡུར་བུ་སོགས་ཡོད། ཆུ་མཛོད་ཀྱི་རྒྱ་ཁྱོན་ལ་མུའུ369.7ཡོད།

4 རང་བྱུང་ཐོན་ཁུངས།
4_1 ས་ཞིང་ཐོན་ཁུངས།

ཆིན་དབྱང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ623.5ཡོད་པ་དང་། དེའི་ནང་བདེ་ཐང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ410.5ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱིས65.8%ཟིན་པ་དང་། རི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ158.2ཡོད་པ་དེས25.4% ཟིན་པ། རི་མ་ཐང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ54.8ཡོད་པ་དེས8.8%ཟིན་ཡོད། ས་རྒྱུ་ལ་བཞའ་ཚན་དང་། ཁམ་བུ། ས་རྒྱུ་བཅས་ཡུལ་རིགས་3ཡོད་པ་དེའི་ནང་མཚོ་རླབས་གཙོ་བོ་ཆིན་ནན་བདེ་ཐང་དུ་ཁྱབ་ནས་སྤྱིའི་རྒྱ་ཁྱོན་གྱི་58%བཟུང་བ་དང་། ས་ཁམ་ནག་ནི་ཆིན་པེ་རི་མ་ཐང་དང་རི་མདུན་གྱི་འདེད་བསགས་བདེ་ཐང་དུ་ཁྱབ་ཡོད་པ་དེས་41%ཟིན་ཡོད། བདེ་ཐང་གི་ས་བབ་ཁོད་སྙོམས་ཤིང་། ཆིན་དབྱང་འབྲུ་རིགས་དང་། སྲིང་བལ། སྣུམ་བཅས་གཅིག་བསྡུས་ཐོན་ཁུལ་ཡིན།

4_2 གཏེར་ཁའི་ཐོན་ཁུངས།

གལ་ཆེའི་གཏེར་ཁ་ལ་ཟངས་དང་ལྕགས། ཧ་ཡང་། སོལ་མ་ས་དཀར། སྲིན་རྡོ། རྡོ་སོལ། མུ་ཟི་སོགས་ཡོད་པ་དང་། དེའི་ནང་ལྕགས་གཏེར་ཏུན་ཁྲི1000ལྷག་ཙམ་དང་། སོལ་མ་དཀར་པོའི་ས་དང་། ཧ་ཡང་ས་བཅས་གསོག་ཚད་ཏུན་ཁྲི5000ཡན་ཟིན་གྱིན་ཡོད།

4_3 ཆུའི་ཐོན་ཁུངས།

ཆུའི་བསྡོམས་འབོར་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.3ཡོད། མངའ་ཁོངས་ཀྱི་ཆུ་རྒྱུན་ནི་རྨ་ཆུའི་ཆུ་རྒྱུད་ཡིན་པ་དང་། གཙོ་བོ་ནི་ཆིན་ཧོ་གཙང་པོ་དང་། ཏན་ཧོ་ཆུ་བོ། ཅི་ཧོ་ཆུ་བོ། ཨན་ཧོ་ཆུ་བོ། ཀོང་ལི་ཆུ་ཡུར་བཅས་ཡིན། ཆིན་ཧོ་ཆུ་བོ་རྫོང་གི་དབུས་ཁུལ་དུ་ཁྱབ་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི35དང་། ཏན་ཆུའི་མངའ་ཁོངས་སུ་རྒྱུག་ཚད་སྟོང་སྨི42 ཅི་ཧོ་ཆུ་བོའི་མངའ་ཁོངས་སུ་བཞུར་ཚད་སྟོང་སྨི15ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས། 

སྤྱི་ལོ2000ལོའི་བར་ཆིན་དབྱང་གྲོང་ཁྱེར་དུ་ཁྱོན་མི་འབོར་ཁྲི44.6ཡོད་པ་རེད། ཆིན་ཡོན་ཁྲོམ་ལམ་ལ་མི་གྲངས30988དང་། ཧོའེ་ཆིན་ཁྲོམ་ལམ་ལ་མི་གྲངས28587 ཐའེ་ཧང་ཁྲོམ་ལམ་ལ་མི་གྲངས27400 ཆིན་ཧོའེ་ཁྲོམ་ལམ་ལ་མི་གྲངས24676 ཞི་ཞང་གྲོང་རྡལ་ལ་མི་གྲངས58569 ཞི་ཝན་གྲོང་རྡལ་ལ་མི་གྲངས36290 པའེ་ཞང་གྲོང་རྡལ་ལ་མི་གྲངས34717 ཧྲན་ཝང་ཀྲོང་གྲོང་རྡལ་ལ་མི་གྲངས28913 ཙི་ལིན་གྲོང་རྡལ་ལ་མི་གྲངས26876 ཁྲུང་དབྱི་གྲོང་རྡལ་ལ་མི་གྲངས33802 ཝང་ཀྲའོ་ཞང་ལ་མི་གྲངས29430 མུའུ་ལོའུ་ཞང་ལ་མི་གྲངས17718 ཝང་ཀྲན་ཞང་ལ་མི་གྲངས17613 ཀེ་ཚུན་ལ་མི་གྲངས22517 ཝང་ཆུས་ཞང་ལ་མི་གྲངས19665བཅས་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་ཁྲི49.60ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི11.41དང་གྲོང་གསེབ་ཀྱི་མི་འབོར་ཁྲི38.19ཡོད།

5_2 མི་རིགས།

ཆིན་དབྱང་གྲོང་ཁྱེར་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། ཧུའེ་རིགས་དང་ཀྲོང་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། འཇང་རིགས། ཏུང་རིགས། མིའོ་རིགས། ཐུའུ་ཅ་རིགས་སོགས་གྲངས་ཉུང་མི་རིགས10ཡོད་ལ། མི་གྲངས་བསྡོམས་འབོར་གྱིས2.56%ཟིན།

6 དཔལ་འབྱོར། 
6_1 བསྡུས་བཤད།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར382.86ཡོད་པ་དེ་ལོ་གོང་མ་ལས8.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར20.08ཡོད་པ་དེ4.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར246.04ཡོད་པ་དེ8.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་116.74ཡོད་པ་དེ10.2%འཕར་ཡོད། ཐོན་ལས་གསུམ་པའི་གྲུབ་ཆ་དེ་ལོ་གོང་མའི5.6:65.9:28.5ནས5.2:64.3:30.5བར་འགྱུར་ལྡོག་ཕྱིན་ནས་ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས2མཐོ་རུ་ཕྱིན་ཡོད།

6_2 ཐོན་ལས་དང་པོ།

སྤྱི་ལོ2012ལོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི67.08ཡོད་པ་དེ་སྤྱི་ལོ2011ལོ་ལས་མུའུ་ཁྲི0.84མང་དུ་ཕྱིན་ཡོད། དེའི་ནང་དབྱར་འབྲུའི་འདེབས་ཁྱོན་མུའུ་ཁྲི32.63ཡོད་པ་དང་། སྟོན་འབྲུ་འདེབས་ཁྱོན་མུའུ་ཁྲི34.45ཡོད།

སྤྱི་ལོ2012ལོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི33.80ཡོད་པ་དེ་སྤྱི་ལོ2011ལོ་ལས་ཏུན་ཁྲི0.66འཕར་ནས1.98%འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན་ཁྲི16.95ཡོད་པ་དེ་སྤྱི་ལོ2011ལོ་ལས0.8%འཕར་བ་དང་། སྟོན་འབྲུ་ཐོན་ཚད་ཏུན་ཁྲི16.85ཡོད་པ་དེ་སྤྱི་ལོ2011ལོ་ལས3.2%འཕར་ཡོད། 

6_3 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར214.58ཡོད་པ་དེ་སྤྱི་ལོ2011ལོ་ལས15.8%འཕར་བ་དང་བཟོ་ལས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད81.8%ཟིནཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར183.84ཡོད་པ་དེ་སྤྱི་ལོ2011ལོ་ལས17.8%འཕར་བ་དང་། ཐོན་རྫས་ཕྱིར་འཚོང་བྱེད་ཚད100.0%ཟིན་ཡོད།

གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཤེལ་ལྕགས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར65.33ཡོད་པ་དེ་སྤྱི་ལོ2011ལོ་ལས33.4%འཕར་བ་དང་། ཤོག་བུ་བཟོ་བའི་འཕྲུལ་ཆས་དང་དེ་བཞིན་ཤོག་བུ་བཟོ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར20.54ཡོད་པ་དེ་སྤྱི་ལོ2011ལོ་ལས1.9%འཕར་བ། རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.05ཡོད་པ་དེ་སྤྱི་ལོ2011ལོ་ལས20.8%འཕར་བ། ཧ་ཡང་དང་ཧ་ཡང་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.81ཡོད་པ་དེ་སྤྱི་ལོ2011ལོ་ལས50.8%ཆག་པ། ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.84ཡོད་པ་དེ་སྤྱི་ལོ2011ལོ་ལས17.6%འཕར་བ། གློག་སྒུལ་འཁོར་རིགས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.98ཡོད་པ་དེ་སྤྱི་ལོ2011ལོ་ལས42.0%བཅས་འཕར་ཡོད།

གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་ཀྱི་ཐོན་འབོར་ཁྲོད་ཞ་ཉེ་སྐྱུར་གསོག་གློག་རྫས་སྤྱི་ལོ2011ལོ་ལས84.7%འཕར་བ་དང་། རྫས་འགྱུར་ཚི་སྣ་སྤྱི་ལོ2011ལོ་ལས39.8%འཕར་བ། རྡོ་སོལ་འཁྲུ་རྒྱུ་སྤྱི་ལོ2011ལོ་ལས30.3%འཕར་བ། ཡང་ཀོ་དེ་སྤྱི་ལོ2011ལོ་ལས27.7%འཕར་བ། ཤོག་བུའི་ཐོན་རྫས་སྤྱི་ལོ2011ལོ་ལས26.4%འཕར་བ། མེ་ཐུབ་རྒྱུ་ཆའི་ཐོན་རྫས་སྤྱི་ལོ2011ལོ་ལས25.8%བཅས་འཕར་ཡོད།    སྤྱི་ལོ2012ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར707.63བྱུང་བ་དེ་སྤྱི་ལོ2011ལོ་ལས14.6%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར102.73ཡོད་པ་དེ་སྤྱི་ལོ2011ལོ་ལས10.9%འཕར་བ། ཁེ་སྤོགས་སྒོར་དུང་ཕྱུར72.62བྱུང་བ་དེ་སྤྱི་ལོ2011ལོ་ལས25.1%འཕར་བ། ལོ་མཇུག་ཏུ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར118ལས་བརྒལ་བའི་ནང་སྒོར་དུང་ཕྱུར10ལས་བརྒལ་བའི་ཁེ་ལས12ཡོད།

སྤྱི་ལོ2012ལོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར7.40མངོན་འགྱུར་བྱུང་བ་དེ་སྤྱི་ལོ2011ལོ་ལས6.8%འཕར་ཡོད། 

6_4 ཐོན་ལས་གསུམ་པ།

སྤྱི་ལོ2010ལོར་ཧྲེན་ནུང་ཧྲན་གྱིས་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་རི་མདུན་གྱི་དཔལ་འབྱོར་རྒྱ་སྐྱེད་ཁུལ་གྱི་སྒྲིག་སྲོལ་ཞིབ་ཕྲ་བཟོས་ཟིན་པ་རེད། ཆིན་དབྱང་ལ་རྒྱལ་ཁབ་ཀྱི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་གྱི་མཚན་སྙན་གནང་བ་རེད། “གྲོང་ཁྲི་ཤང་སྟོང”གི་ཁྲོམ་རའི་ལས་གྲྭ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ཐོན་རྫས་དུད་ཚང་རེའི་ཆ་སྙོམས་བྲིན་ཚོང་གི་བསྡུར་ཚད་ཨང་དང་པོར་སླེབས་ཡོད། ཧེང་ཧྥུང་ཚོགས་པའི་ཐོན་རྫས16ལ་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་རེད། སྐར་ལྔའི་རིམ་པའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུང་ཕྱུར་དང་སྐར་བཞིའི་རིམ་པའི་མནའ་འབྲེལ་ཨར་ཁང་ཆེ་མོ་སྐྲུན་འགོ་འཛུགས་རྒྱུ། རྡོ་སོལ་སྐྱེལ་འདྲེན་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་ལོར་བརྒྱུད་སྐྱེལ་བྱེད་ཚད་ཏུན་ཁྲི2500ཡོད། དངུལ་རྩའི་འགན་བཅོལ་ལས་རིགས་དར་རྒྱས་འཁྲུག་པོ་བྱུང་བ་དང་། དངུལ་ཁང་དང་། འགན་བཅོལ། དངུལ་འཛིན། ཁག་ཐེག་སོགས་ལས་ཁུངས36ཡོད།

སྤྱི་ལོ2012ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི503.9ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2011ལོ་ལས13.6%འཕར་ཡོད། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི5.68ཡོད་པ་དེ་སྤྱི་ལོ2011ལོ་ལས7.0%འཕར་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་སྒོ་འཛིན་ཡོང་འབབ་སྒོར་དུང་ཕྱུར1.78ཡོད་པ་དེ་སྤྱི་ལོ2011ལོ་ལས16.9%བཅས་འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རིག་ལག་རྩལ།

སྤྱི་ལོ2012ལོར་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས8ཡོད་པ་དང་། ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ1ཐོབ་པ། ཁེ་བེད་བདག་ཐོབ267རེ་ཞུ་བྱས་པ་དང་ཁེ་བེད་བདག་ཐོབ128ལ་དབང་ཆ་སྤྲད་ཟིན། ལག་རྩལ་གན་རྒྱ11བཞག་པ་དང་ཚོང་འགྲིག་པའི་དངུལ་གྲངས་སྒོར་ཁྲི2200ཡོད། རྒྱལ་ཁབ་རིམ་པའི་རྣམ་གྲངས2དང་། ཞིང་ཆེན་རིམ་པའི་རྣམ་གྲངས7ཅའོ་ཙུའོ་གྲོང་ཁྱེར་རིམ་པའི་ཚན་རྩལ་རྣམ་གྲངས25བཅས་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་འཕེལ་རྒྱས་འཆར་གཞིའི་ནང་བཅུག་པ་རེད། 

7_2 སློབ་གསོ།

སྤྱི་ལོ2012ལོར་ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་མ24བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ529ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ3835བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ11611དང་སློབ་ཐོན་སློབ་མ4521ཡོད། དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ6433དང་། སློབ་གྲྭར་ཡོད་པའི་སློབ་མ19956 སློབ་ཐོན་སློབ་མ6529བཅས་ཡོད། སློབ་ཆུང་དཀྱུས་མར་སློབ་མ6068བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ39652དང་སློབ་ཐོན་སློབ་མ6469བཅས་ཡོད།

ཆིན་དབྱང་སློབ་འབྲིང་ནི་ཆིན་དབྱང་སློབ་འབྲིང་དང་པོ་དང་། ཆིན་དབྱང་སློབ་འབྲིང་གཉིས་པ། ཆིན་དབྱང་གྲོང་ཁྱེར་ཡུང་ཝུའེ་སློབ་གྲྭ(བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་གཞི་གཅིག་ཅན་གྱི་སློབ་གྲྭར་ཞག་སྡོད་དང་འགྲོ་སྦྱོང་གཉིས་ཀ་ཡོད། )ཆིན་དབྱང་ཚོད་ལྟའི་སློབ་འབྲིང་སོགས་ཡོད།

ཆིན་དབྱང་སློབ་ཆུང་ལ་ཆིན་དབྱང་གྲོང་ཁྱེར་ཡུང་ཝུའེ་སློབ་གྲྭ(བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་གཞི་གཅིག་ཅན་གྱི་སློབ་གྲྭར་ཞག་སྡོད་དང་འགྲོ་སྦྱོང་གཉིས་ཀ་ཡོད་པ)དང་། ཆིན་དབྱང་ཚོད་ལྟའི་སློབ་ཆུང་སོགས་ཡོད།

ཆིན་དབྱང་སློབ་ཆེན་ལ་ཅའོ་ཙུའོ་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ཆིན་དབྱང་ཡན་ལག་སློབ་གྲྭ་ཡོད་ཅིང་། ཅའོ་ཙུའོ་དེང་རབས་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་ཡོད།

7_3 རིག་གནས།

སྤྱི་ལོ2012ལོར་ལོ་ཧྲིལ་པོར“གར་སྟེགས་སྒྱུ་རྩལ་ཞིང་པར་སྐྱེལ་བའི”བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་སྒོ་རའི་ཚོགས་པའི“གར་སྟེགས་སྒྱུ་རྩལ་ཞིང་པར་སྐྱེལ་བའི”འཁྲབ་སྟོན་ཐེངས5བཀོད་སྒྲིག་བྱས་པ། “ཕུལ་བྱུང་ཟློས་གར་གྱིས་ཞིང་པར་སྐྱེལ་བའི”བྱེད་སྒོའི་འཁྲབ་སྟོན་ཐེངས50 ཞབས་ཞུའི་རང་བཞིན་གྱི་འཁྲབ་སྟོན་ཐེངས14 ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཐེངས50ལྷག་ཙམ་བྱས། “སྤྲོ་སྣང་ལྡན་པའི་ཁྲོན་ལ་རོལ་བ་དང་ཞི་མཐུན་གྱི་ཆིན་དབྱང”ཞེས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། དཔྱིད་གསར་དུས་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་དང་ཟློས་གར་མཉམ་དུ་འཁྲབ་སྟོན་བྱས་པ་དང་། སྐབས་བརྒྱད་པའི་ཧྲེན་ནུང་རིག་གནས་དུས་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་འགྲེམས་སྟོན། “བརྒྱད་གཅིག”དམག་བཀུར་མཚན་ཚོགས། “རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད། ཚོགས་ཆེན་ཐེངས་བཅོ་བརྒྱད་པར་བསུ་བ་ཞུ”ཞེས་པའི་ཐང་ཆེན་རིག་གནས་གཟའ་འཁོར་དང་དེ་བཞིན“གྲོང་ཁྱེར་བརྒྱ་དང་ཚོང་ར་ཁྲི”ཡི་ཐང་ཆེན་གྱི་མུ་འབྲེལ་རིག་རྩལ་འཁྲབ་སྟོན་སོགས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་བྱེད་སྒོ་ཆེ་གྲས50ལྷག་ཙམ་སྤེལ་བ་རེད། རིག་དངོས་སྲུང་སྐྱོབ་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་ནས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བདུན་པའི་འོས་སྦྱོར་མིང་ཐོའི་ནང་བཅུག་པ་རེད། ལོ་ཧྲིལ་པོར་གྲངས་གཞིའི་བརྙན་འཕྲིན་སྤྱོད་མཁན་དུད་ཚང16000ལྷག་ཙམ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང3330ལྷག་ཙམ་འཕེལ་རྒྱས་བཏང་།

7_4 འཕྲོད་བསྟེན། 

སྤྱི་ལོ2012ལོར་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི28ཡོད་པའི་ནང་གྲོང་ཁྱེར་གྱི་ཐད་གཏོགས་གཞུང་བཙུགས་སྨན་ཁང6(གྲོང་ཁྱེར་གྱི་སྨན་ཁང་དང་། ཀྲུང་ལུགས་སྨན་ཁང་། གྲོང་ཁྱེར་གྱི་སྨན་ཁང་གཉིས་པ། བདེ་སྲུང་སྨན་ཁང་། གཞུང་བཅོས་སྨན་ཁང་། སྨྱོ་ནད་སྨན་ཁང་བཅས)དང་། གྲོང་ཁྱེར་གྱི་ཐད་གཏོགས་འཕྲོད་བསྟེན་སྒྲིག་གཞི5(གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་། འཕྲོད་བསྟེན་ལྟ་སྐུལ་ཁང་། 120མྱུར་སྐྱོབ་བཀོད་འདོམས་ལྟེ་གནས། འཕྲོད་བསྟེན་སློབ་གྲྭགྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་དོ་དམ་གཞུང་ལས་ཁང་བཅས)། ཤང་གྲོང་འཕྲོད་བསྟེན་ཁང12 དམངས་གཉེར་སྨན་ཁང5བཅས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི1289བཀོད་སྒྲིག་དང་། གྲོང་ཁྱེར་དེ་ཡོངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ1406ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ1071དང་ཐོ་འགོད་བྱས་པའི་ནད་གཡོག་པ685ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་དོན་དངོས་ཐོག་ཞིང་པ་ཁྲི37.89ཡོད་པ་དང་ཞུགས་ཚད98.9%ཟིན་ཡོད། 

སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་པ་རེད། 

7_5 འགྲིམ་འགྲུལ།

ཆིན་དབྱང་ནི་ཀྲུང་ཡོན་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ཤར་ཕྱོགས་ཀྲེན་ཅའོ་ཅིན་མྱུར་བགྲོད་གཞུང་ལམ་དང་། ནུབ་ཕྱོགས་རྒྱལ་ལམ207 ཅའོ་ཁེ་གཞུང་ལམ(ཞིང་ཆེན་ལམ་གྱིS306) ལུའོ་ཁྲང་གཞུང་ལམ(ཞིང་ཆེན་ལམ་གྱིS238) ཀྲེང་ཁྲང་གཞུང་ལམ(ཞིང་ཆེན་ལམ་གྱིS104) ཅི་ཝུན་གཞུང་ལམ(ཞིང་ཆེན་ལམ་གྱིS312)བཅས་དྲ་མིག་ཅན་དུ་གྱུར་ནས་ལྷོ་ཁྲང་ཅི་མྱུར་བགྲོད་གཞུང་ལམ་དུ་སླེབས་ཡོད། ཀྲེང་ཀྲོའུ་དང་། ལུའོ་དབྱང་། ཤིན་ཀྲེང་བཅས་རྒྱལ་སྤྱིའི་གནམ་ཐང་བར་ཆུ་ཚོད་གཅིག་གི་ལམ་ཐག་ལས་མེད། ཅའོ་ཀྲི་དང་ཧོའུ་ཡུའེ་ལྕགས་ལམ་གཉིས་རྒྱལ་ནང་དུ་འདྲེས་ཡོད། ཁྲང་ཅི་མྱུར་བགྲོད་གཞུང་ལམ་ཤར་ནུབ་འཕྲེད་དུ་ཤར་བགྲོད་ཐུབ་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཨར་ལེན་ཧའོ་ཐེ(ཀོང་ཀྲོའུ)མྱུར་བགྲོད་གཞུང་ལམ་ལྷོ་བྱང་དུ་ཁྱབ་ནས་ཅིང་ཀྲུའུ་མྱུར་བགྲོད་གཞུང་ལམ་དང་ལན་ཧོ་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་དམ་ཟབ་བྱས་ཡོད། 

7_6 ཡུལ་སྐོར།
7_6_1 ཆིན་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་། 

ཆིན་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དེ་གྲོང་ཁུལ་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་ས་གནས་རང་བཞིན་གྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་དེ་ནི་དེ་སྔའི་ཐེན་ཉིང་དགོན་གྱི་གནས་རྙིང་དུ་བཙུགས་ཡོད། དགོན་པ་དེ་སུའེ་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པ་དང་། དེའི་མིང་ལ་ཁྲང་ཧྲུག་དགོན་པ་ཟེར་ཞིང་། ཐང་ཝུའུ་རྗེས་ཀྱི་མིང་ལ་ཏ་ཡུན་དགོན་པ་ཟེར་ཞིང་། ཅིན་ཏའེ་ལ་ཐེན་ཉིང་དགོན་པ་ཞེས་མིང་བསྒྱུར། ཆིན་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་ད་ཡོད་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ10600ལྷག་ཙམ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ2000ལྷག་ཙམ་ཡོད་ཅིང་། ཧོ་ནན་ཞིང་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཕུལ་བྱུང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་རེད། སྤྱི་ལོ2009ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིམ་གསུམ་རྟེན་རྫས་བཤམས་མཛོད་ཁང་ལ་བདམས་པ་དང་སྤྱི་ལོ2009ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་སྤྱི་ཚོགས་ལ་རིན་མེད་ངང་སྒོ་མོ་ཕྱེ་བ་རེད། ཆིན་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གིས《ཧོ་ནེ་རྡོའི་ལྡུམ་ར》དང་། 《ཆིན་དབྱང་གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུགས》《ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཆེན་པོ་ལི་ཧྲང་དབྱིང》བཅས་གཞི་རྩའི་ཆ་ནས་བཤམས་སྟོན་བྱས་པ་དང་དུས་མཚུངས་རྟག་ཏུ་ལྟེ་གནས་འགྲེམས་སྟོན་སྣ་ཚོགས་ལ་སྣེ་ལེན་ཞུས་པ་རེད། 

7_6_2 ཀྲུའུ་ཙའེ་ཡུས་དྲན་གསོ་ཁང་།

“ཀྲེང་ཧྥན་ཝང་ལེ་ཧྥུའུ་གནས་ཡུལ་རྙིང་པ”ཞེས་པ་དེ་སྤྱི་ལོ2001ལོའི་ཟླ6པའི་ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་ཁྱབ་བསྒྲགས་བྱས་པ་རེད། ཧོ་ནན་ཞིང་ཆེན་ཆིན་དབྱང་གྲོང་ཁྱེར་རང་སྐྱོང་སྲང་ལམ་གྱི་དཀྱིལ་དུ་གནས་ཡོད། དྲན་གསོ་ཁང་དུ་ཁྱོན་འགྲེམས་ཁང་བཞི་ལ་དབྱེ་ནས་ཀྲུའུ་ཙའེ་ཅུན་གྱི་ཚེ་གང་དང་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འགྲེམས་ཁང་ནང་རྡོ་རིང་དང་བརྐོས་རིས་འབོར་ཆེན་ཡོད། དྲན་གསོ་ཁང་གི་དཀྱིལ་དུ་ཀྲུའུ་ཙའེ་དབྱིན་གྱི་སྐུ་འདྲ་ཡིན་པ་དང་དེའི་འགྲམ་དུ་ཀྲུའུ་ཙའེ་དབྱིན་གྱིས་ལེགས་བཅོས་བྱས་པའི་རྒྱ་གླིང་ཆེ་གྲས་ཀྱི་འདྲ་དཔེ་བཤམས་ཡོད། 

7_6_3 ཏན་ཧོ་གྲོག་རོང་།

ཏན་ཆུའི་གྲོག་རོང་དེ་ཧོ་ནན་ཅའོ་ཙུའོ་ཆིན་དབྱང་གྲོང་ཁྱེར་བྱང་ཤར་གྱི་སྤྱི་ལེ16མཚམས་སུ་གནས་པ་དང་ཅའོ་ཙུའོ་གྲོང་ཁྱེར་དང་བར་ཐག་སྟོང་སྨི35ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ76ཡོད་པ་དེ་དག་མཛེས་ལྗོངས་ཁུལ་ཆེ་ཆུང132ཡོད། དེ་དག་ནི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་གནས་ལྗོངས། དམངས་སྲོལ་རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་སྤྲོ་གསེང་ཡུལ་སྐོར་ཁུལ་ཞིག་རེད།

ཏན་ཧོ་གྲོག་རོང་གི་རི་ཆུའི་ཡུལ་ལྗོངས་བརྗིད་ཉམས་ཆེ་ཞིང་ལྟ་ན་སྡུག་པའི་རང་བྱུང་སྤྲོ་གསེང་སྤྲོ་གསེང་ཁུལ་ཞིག་རེད། སུང་རྒྱལ་རབས་སྐབས་སུ་བཞེངས་པ་དང་། གཞི་ཁྱོན་ཆེ་ཞིང་ཉར་ཚགས་ལེགས་པོ་བྱས་ཡོད་པས། “ཀྲུང་ཡོན་མཁར་དང་པོ”ཞེས་པའི་མཚན་སྙན་ཡོད། མཛེས་ལྗོངས་ཁུལ་དུ་སྲོག་ཆགས་སྣ་ཁ100ལྷག་ཙམ་དང་རྩི་ཤིང་སྣ་ཁ200ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གཟིག་དང་། ད་དུང་ཁྲའེ་ཧུའུ་སོགས་ཀྲུང་ལུགས་སྨན་རྒྱུ་རྩ་ཆེན་ཡོད་པས“ཐའེ་ཧང་སྨན་མཛོད”ཅེས་བརྗོད་ཀྱིན་ཡོད། 

7_6_4 ཐའེ་ཧང་རི་བོའི་སྤྲེའུ་རང་བྱུང་སྲུང་སྐྱོང་ཁུལ།

ཧོ་ནན་ཐའེ་ཧང་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་དང་། ཆིན་དབྱང་གྲོང་ཁྱེར། ཤིའུ་ཝུའུ་རྫོང་། ཧུའེ་རྫོང་གྲོང་ཁྱེར་བཅས་རྫོང་དང་གྲོང་ཁྱེར4ཡི་ས་ཁོངས་སུ་གནས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང56600ཡོད་པ་རེད། སྲུང་སྐྱོང་ཁུལ་དེ་ཅི་ཡོན་སྲུང་སྐྱོང་ཁུལ་དང་ཆིན་དབྱང་སུང་ལིང་སྲུང་སྐྱོང་ཁུལ་ཟླ་སྒྲིལ་བཏང་ནས་གྲུབ་པ་དང་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་སྨི་སྒུག་དང་ནགས་ཚལ་དག་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།