ཏུང་ཀང་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:45ལ་འགྲུབ།

ཏུང་ཀང་ཆུས།

ཏུང་ཀང་ཆུས།
ཏུང་ཀང་ཆུས་ནི་ཧྲན་ཏུང་ཞིང་ཆེན་གྱི་རི་ཀྲའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། རྒྱ་མཚོ་སེར་པོའི་འགྲམ་དུ་ཡོད་ལ། ཀྲུང་གོའི་སྐམ་ས་ཆེན་པོའི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དབུས་ཁུལ་དུ་ཆགས་ཡོད། བྱང་དུ་ཆིན་ཏའོ་དང་འབྲེལ་ཞིང་། ལྷོ་རུ་ལན་ཡུན་གྲུ་ཁ་དང་འབྲེལ་ཡོད་ལ། རྒྱ་མཚོས་བར་ཆོད་དེ་འཇར་པན་དང་ཁོ་རེ་ཡ་དང་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1507ཡོད། ཏུང་ཀང་ཆུས་ནི་སྤྱི་ལོ1992ལོའི་ཟླ12པར་བཙུགས་པ་དང་། རི་ཀྲའོ་གྲོང་ཁྱེར་གྱི་བཅའ་སྡོད་ས་ཁུལ་དང་གྲོང་ཁུལ་གཙོ་བོ་ཡིན། རྒྱལ་ཁབ་ཀྱིས་གཙོ་གནད་གསར་སྤེལ་བྱས་པའི་མཚོ་རྒྱུད་དང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཟམ་པ་གསར་པའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་འབྲེལ་མཚམས། ཧོང་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་ཁུལ་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་འཆར་འགོད་དང་ཧྲན་ཏུང་ཞིང་ཆེན་གྱི“ཁུལ་གཉིས་དང་རྒྱུད་གཅིག”གི་འཐབ་ཇུས་ཀྱི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་ཡིན། སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ5དང་གྲོང་རྡལ7 ཁྱིམ་ཐོའི་མི་འབོར་ཁྲི74.18ཡོད་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར570.4ཡོད་པའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.8ཟིན་ཞིང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར177.07ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར368.53ཟིན་ཡོད། ཐོན་ལས་གསུམ་པོའི་བསྡུར་ཚུལ4.4:31:64.6ཡིན། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར70752ཟིན་ཡོད་ལ། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཆུས་བརྒྱའི་ཁྲོད་དུ་བདམས་ཤིང་། སྤྱི་ལོ2019ལོའི་ཟླ12པའི་ཚེས6ཉིན་རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་འདེགས་ཀྱི་རྫོང་ཧྲིལ་པོའི་སྐུལ་འདེད་ཚོད་ལྟའི་ཚན་པར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东港区
ཕྱི་ཡིག་གི་མིང་།
DongangArea་
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0633
སྦྲག་སྲིད་ཨང་རྟགས།
276800
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1507ཡོད།
མེ་འཁོར་འབབ་ཚུགས།
རི་ཀྲའོ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུL 鲁L
སྲིད་འཛིན་ཚབ་ཨང་།
371102
1 ལོ་རྒྱུས་འཕེལ་རིམ།

ལོ་རྒྱུས་གནའ་དཔྱོད་རིག་པའི་བདེན་དབང་བྱས་པར་གཞིགས་ན། ཧ་ལམ་ལོ་ངོ་ཁྲི་བཞི་བཅུ་ལྔ་བཅུ་ལྷག་གི་ཡར་སྔོན་དུ། མིའི་རིགས་ཀྱི་མེས་པོ་ཏུང་ཀང་མངའ་ཁོངས་སུ་འཚོ་སྡོད་བྱས་ཡོད་པར་མངོན།

ཞ་རྒྱག་རབས་དང་། ཧྲང་རྒྱལ་རབས་ཀྱི་སྐབས་སུ་ཏུང་དབྱི་ཡི་མངའ་ཁོངས་སུ་གཏོགས་ལ། ཀྲོའུ་ནུབ་མའི་དུས་ནས་ཀྲན་གོའི་དུས་འགོའི་བར་དུ་ལིའུ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས།

ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག(སྤྱི་ལོ་སྔོན་གྱི221ལོ)པར། ཆིན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གྱུར་བྱས་ཤིང་། ལང་ཡུས་ཅུན་བཙུགས་ཏེ། ལིའུ་རྫོང་གི་ཤར་ཕྱོགས་མངའ་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ནུབ་མའི་དུས་སུ་ཧའེ་ཆུས་རྫོང་བཙུགས།

ཧན་རྒྱལ་རབས་ཤར་མའི་དུས་སུ་ཞི་ཧའེ་རྫོང་ཞེས་པར་མིང་བསྒྱུར།

རྒྱལ་ཁབ་གསུམ་གྱི་ཚའོ་ཝེ་ཡི་སྐབས་སུ། ཞི་ཧའེ་རྫོང་ལིའུ་རྫོང་གི་མངའ་ཁོངས་སུ་བསྡུས།

ཅིན་རྒྱལ་རབས་ནུབ་མའི་དུས་འགོར་ཝེ་ཡི་ལམ་ལུགས་རྒྱུན་འཛིན་བྱས།

རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སྐབས་སུ་སུང་རྒྱལ་རབས་ཀྱི་ཁོངས་སུ་གཏོགས་ཤིང་། ཕྱིས་སུ་ཝེ་བྱང་མར་དབང་། ཝེ་བྱང་མ་ཡུང་ཨན་ཁྲི་ལོ་གཉིས་པར(སྤྱི་ལོ529ལོ)ཝེ་བྱང་མས་ལིང་ཞང་རྫོང་བཙུགས་ཤིང་། དེའི་གནའ་མཁར་དེང་གི་ལིང་ཁྲེང་གྲོང་རྡལ་དུ་ཡོད།

སུའེ་རྒྱལ་རབས་ཀྱི་སྐབས་སུ་ལིའུ་ཡི་ཁོངས་སུ་གཏོགས།

ཐང་རྒྱལ་རབས་དང་སུང་རྒྱལ་རབས་ཀྱི་སྐབས་སུ་གོང་དང་མཚུངས།

སུང་རྒྱལ་རབས་བྱང་མའི་ཡོན་ཡུའུ་ཁྲི་ལོ་གཉིས་པར(སྤྱི་ལོ1087ལོ)རི་ཀྲའོ་གྲོང་རྡལ་བཙུགས་ཤིང་སྔར་བཞིན་ལིའུ་རྫོང་གི་ཁོངས་སུ་གཏོགས།

ཅིན་ཏ་ཏིན་ཁྲི་ལོ་ཉེར་བཞི་པར(སྤྱི་ལོ1184ལོ)རི་ཀྲའོ་གྲོང་བརྡལ་རྫོང་དུ་འཕར་ཞིང་། ཞན་ཀྲི་དེང་གི་ཏུང་ཀང་ཆུས་ཀྱི་སྲིད་གཞུང་བཅའ་སྡོད་བྱ་ཡུལ་དུ་ཡོད།

ཡོན་རྒྱལ་རབས་ཀྱི་སྐབས་སུ། རི་ཀྲའོ་རྫོང་ཡེ་ཏུའུ་ལུའུ་ཡན་ཀྲོའུ་རུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་འགོར་ཆིང་ཀྲོའུ་ཧྥུ་ལིའུ་ཀྲོའུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་འགོར་མིང་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས།

མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཧྲན་ཏུང་ཞིང་ཆེན་གྱི་སྲིད་གཞུང་གི་ཁོངས་སུ་གཏོགས་ཤིང་། འཇར་འགོག་དམག་འཁྲུག་གི་སྐབས་སུ་གོ་མིན་ཏང་རི་ཀྲའོ་རྫོང་སྲིད་གཞུང་གི་ཁོངས་གཏོགས་ཧྲན་ཏུང་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་གསུམ་པའི་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)ཟླ3པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་རི་ཀྲའོ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་ཤིང་། ལིའུ་རྫོང་སོགས་རྫོང་བཞིའི་མཉམ་སྒྲུབ་དོན་གཅོད་ཁྲུའུ་ཡི་ཁོངས་སུ་གཏོགས།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྔ་རྗེས་སུ་ཞིན་ཧྲུའེ་ཀྲོན་ཧྲུའུ་དང་། ཅའོ་ཀྲོའུ་ཀྲོན་ཧྲུའུ། ལིན་དབྱི་ཀྲོན་ཧྲུའུ་བཅས་ཀྱི་མངའ་མཁོངས་སུ་བསྡུས།

སྤྱི་ལོ1985ལོའི་ཟླ3པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པའི་རི་ཀྲའོ་རྫོང་ནས་རི་ཀྲའོ་གྲོང་ཁྱེར་དུ་བསྒྱུར་ཞིང་། ལིན་དབྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་བསྡུས།

སྤྱི་ལོ1989ལོའི་ཟླ6པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རི་ཀྲའོ་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས།

སྤྱི་ལོ1992ལོའི་ཟླ12པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་ཀྲའོ་གྲོང་ཁྱེར་གྱིས་ཆུས་དང་རྫོང་བཙུགས་ཆོག་པར་ཆོག་མཆན་བཀོད་པ་དང་། དེ་སྔའི་རི་ཀྲའོ་གྲོང་ཁྱེར་སྲིད་འཛིན་ཁུལ་དུ་ཏུང་ཀང་ཆུས་བཙུགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཏུང་ཀང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ5དང་གྲོང་རྡལ7ཡོད། ཏུང་ཀང་ཆུས་མི་དམངས་སྲིད་གཞུང་རི་ཀྲའོ་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

3 ​མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཏུང་ཀང་ཆུས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི74.18ཟིན་ཡོད་ལ། གསར་སྐྱེས་མི་འབོར8477ཡོད་པ་དང་མི་འབོར་སྐྱེ་ཚད11.41‰ཡིན་ཞིང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས3592དང་ཤི་ཚད4.83‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད6.57‰ཡིན།

4 དཔལ་འབྱོར།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར570.4མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.3%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.8ཟིན་ནས་ལོ་སྔོན་མ་ལས3%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར177.07ཟིན་ནས་ལོ་སྔོན་མ་ལས3.7%འཕར་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར368.53བྱུང་ནས་ལོ་སྔོན་མ་ལས9.8%འཕར་ཡོད། ཐོན་ལས་གསུམ་པོའི་བསྡུར་ཚུལ་ནི4.4:31:64.6ཡིན། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར70752ཟིན་ནས་ལོ་སྔོན་མ་ལས6.9%འཕར་ཡོད་ལ། ལོ་ཧྲིལ་པོར་སྒེར་གཉེར་ཁེ་ལས8128གསར་དུ་འཕར་སྣོན་བྱུང་ཞིང་། རིམ་རྩིས་བྱས་ན་དུད་ཚང37228ཟིན་པ་དང་། ཁེར་གཉེར་བཟོ་ཚོང་དུད་ཚང13420གསར་དུ་འཕར་སྣོན་བྱུང་ཞིང་། རིམ་རྩིས་བྱས་ན་དུད་ཚང68926ཟིན་ཡོད།

4_1 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚུལ།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད5.2%འཕར་ཡོད་ལ། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་འཇོག་བྱེད་ཚད64.4%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་བྱེད་ཚད121.4%འཕར་ཡོད། ཐོན་ལས་གསུམ་པའི་མ་འཇོག་བྱེད་ཚད1.9%མར་ཆག་ཡོད། ཐོན་ལས་ཐེངས་གསུམ་ལ་མ་དངུལ་འཇོག་པའི་བསྡུར་ཚུལ་ནི0.7:14.4:84.9ཡིན། 

4_2 འཚོ་བ།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར30016ཟིན་ནས་ལོ་སྔོན་མ་ལས9%འཕར་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར34361ཟིན་ནས་ལོ་སྔོན་མ་ལས8.1%འཕར་ཡོད་ལ། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར14561ཟིན་ནས་ལོ་སྔོན་མ་ལའ8.5%འཕར་ཡོད།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད2.4%འཕར་བ་དང་ཚོང་ཟོག་ཆེ་གྲས་བརྒྱད་ཀྱི་རིན་གོང་ཕྱོགས་ཡོངས་ནས་འཕར་ཡོད། དེའི་ནང་དུ་གྱོན་ཆས་ཀྱི་རིགས1.8%འཕར་ཞིང་། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས1.4%འཕར་ལ། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས2.8%འཕར་ཡོད། སྡོད་གནས་རིགས4.4%འཕར་ཞིང་། སློབ་གསོ་རིག་གནས་དང་རོལ་རྩེད་རིགས3.5%འཕར་ལ། བཟའ་བཅའི་ཐ་མག་དང་ཆང་རག་རིགས1.2%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་རིགས0.8%འཕར་ཡོད། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས1.2%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང6.1%འཕར་ཞིང་། ཉོ་སྒྲུབ་རིན་གོང4.2%འཕར་ནས་སྤྱི་ལོ2017ལོ་ལས་སོ་སོར1.4དང7.5%མར་ཆག་ཡོད།

4_3 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཏུང་ཀང་ཆུས་སུ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར57.88ཟིན་པའི་ནང་དུ་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར19.24དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར1.06 འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར12.24 ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར21.06བཆས་ཡིན། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.28ཡིན། ཞིང་ལས་ཐོན་སྐྱེད་ཀྱི་ཁེ་ལས7གསར་འཕར་བྱུང་བ་དང་། ཆུས་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཁེ་ལས137(དེའི་ནང་དུ་རྒྱལ་ཁབ་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས2དང་། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས9 གྲོང་ཁྱེར་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས35)ཡོད་ལ། ཞིང་པའི་ཆེད་ལས་མཉམ་ལས་ཁང50གསར་སྣོན་བྱས་པ་དང་། ཆུས་ཡོངས་སུ་རིགས་ཁག་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང888ཡོད་ལ། ཆུས་ཡོངས་སུ་འཕར་སྣོན་བྱུང་བའི་ཁྱིམ་ཚང་ཞིང་ར29ཡོད་ལ། བསྡོམས་པའི129ཟིན་ཡོད།

4_4 ཐོན་ལས་གཉིས་པ།
4_4_1 བཟོ་ལས།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར107.9ཟིན་ནས་ལོ་སངོན་མ་ལས12.5%འཕར་ཡོད་ལ། ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར104.9ཟིན་ནས་ལོ་སྔོན་མ་ལས10.7%འཕར་ནས། ཁེ་སྤོགས་སྒོར་དུང་ཕྱུར4.16མངོན་འགྱུར་བྱུང་ཡོད་ལ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར6.47ཟིན་ནས་ལོ་སྔོན་མ་ལས30.1%འཕར་ཡོད། ཐོན་རྫས་ཕྱིར་འཚོང་བྱེད་ཚད་བརྒྱ་ཆའི96.7ཟིན་ཡོད།

4_5 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར123.2ཟིན་པ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར9.58ཟིན་ནས་འཕར་ཚད་སོ་སོར14.16%དང་32.44%ཟིན་ཡོད། ཞིང་ཆེན་རིམ་པའི་དེང་རབས་ཞབས་ཞུའི་ལས་རིགས་གཅིག་བསྡུས་དཔེ་སྟོན་ཆུས་དང་། ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཆུས་སུ་གཏན་ཁེལ་བྱས་ཡོད།

4_5_1 རྒྱལ་ནང་ཉོ་ཚོང་།

སྤྱི་ལོ2018ལོར་ཏུང་ཀང་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར291.6ཟིན་ནས་ལོ་སྔོན་མ་ལས7.5%འཕར་ཡོད་ལ། དེའི་ནང་དུ་བཅད་གྲངས་ཡན་གྱི་སྡེབ་ལེན་དང་སིལ་ཚོང་ཁེ་ལས་ཀྱིས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར78.13ཟིན་ནས་ལོ་སྔོན་མ་ལས1.8%འཕར་ཡོད། འཛད་སྤྱོད་ཀྱི་རྣམ་པར་གཞིགས་ནས་དབྱེ་ན་བཅད་གྲངས་ཡན་གྱི་ཞག་སྡོད་བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར2.99ཟིན་ནས་ལོ་སྔོན་མ་ལས6.6%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱིས་སྒོར་དུང་ཕྱུར75.14ཟིན་ནས་ལོ་སྔོན་མ་ལས1.6%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། རླངས་འཁོར་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར9.09ཟིན་ནས་ལོ་སྔོན་མ་ལས9.5%མར་ཆག་པ་དང་། རྡོ་སྣུམ་དང་དེ་བཞིན་བཟོ་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར25.32ཟིན་ནས་ལོ་སྔོན་མ་ལས15.2%འཕར་ཞིང་། ཚོང་ར་ཆེན་པོ་བརྒྱད་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར36ཟིན་ནས་ལོ་སྔོན་མ་ལས1.2%འཕར་ཡོད།

4_5_2 ཕྱིར་འཚོང་དཔལ་འབྱོར།

སྤྱི་ལོ2018ལོར་ཏུང་ཀང་ཆུས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར486.2(དེའི་ནང་དུ་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ་དང་། རི་དང་རྒྱ་མཚོའི་ནམ་མཁའ་བཅས་ཚུད་ཡོད)ཟིན་ནས་ལོ་སྔོན་མ་ལས11.1%འཕར་ཡོད། དེའི་ནང་དུ་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར163ཟིན་ནས་ལོ་སྔོན་མ་ལས19.6%འཕར་ཞིང་། ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར323.2ཟིན་ནས་ལོ་སྔོན་མ་ལས7.3%འཕར་ཡོད། ཞབས་ཞུའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར63ཡིན་ལ། དེས་གྲོང་ཁྱེར་ཡོངས་ཀྱི80%བཟུང་ཡོད། དོན་དངོས་ཐོག་ཕྱི་དངུལ་སྒོར་ཁྲི8687བེད་སྤྱོད་བཏང་ཡོད་ལ་གན་རྒྱའི་ཕྱི་དངུལ་སྒོར་དུང་ཕྱུར1.9མངོན་འགྱུར་བྱུང་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།